པ་སྣམ་རྫོང་།སྔ་མའི་པར་གཞི་དེ བོན་སྐོར་པད་མ་རྒྱལ།  ནས 2019-02-25 09:37ལ་འགྲུབ།

པ་སྣམ་རྫོང་།

པ་སྣམ་རྫོང་།
བོད་རང་སྐྱོང་ལྗོངས་གཞིས་ཀ་རྩེ་ས་ཁུལ་གྱི་རྫོང་ཞིག་སྟེ། རྫོང་དེའི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་ངོས་སྙོམས་གྲུ་བཞི་མ2489དང་། ས་ཞིང་རྒྱ་ཁྱོན་མུའུ་ཁྲི9དང་། རྩྭ་སའི་རྒྱ་ཁྱོན་མུའུ་ཁྲི270 ནགས་ཚལ་རྒྱ་ཁྱོན་མུའུ་ཁྲི1755 ཡུལ་ཚོ11 གྲོང་ཚོ་ཨུ་ཡོན་ལྷན་ཁང114 མི་འབོར41798 ཆ་སྙོམས་རྒྱ་མཚོའི་ངོས་ལས་སྤྱི་ཁྲེ4200ཙམ་གྱིས་མཐོ་བའི་རྫོང་ཞིག་ཡིན་པ་རེད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
白朗县
ཕྱི་ཡིག་གི་མིང་།
Bainang County
སྲིད་འཛིན་རིགས་དབྱེ།
རྫོང་།
སྲིད་འཛིན་ཁོངས་གཏོགས།
བོད་རང་སྐྱོང་ལྗོངས་གཞིས་ཀ་རྩེ་ས་ཁུལ
མངའ་ཁོངས།
གྲོང་རྡལ2དང་ཡུལ་ཚོ9ཡོད།
ས་གནས།
བོད་རང་སྐྱོང་ལྗོངས་ཀྱི་ལྷོ་རྒྱུད།
རྒྱ་ཁྱོན།
སྤྱི་ལེ་ངོས་སྙོམས་གྲུ་བཞི་མ2489ཡོད།
མི་གྲངས།
ཁྲི་བཞི།(2013ལོའི་བསྡོམས་རྩིས)
སྐད་རིགས།
བོད་སྐད།
གནམ་གཤིས།
མཐོ་སྒང་གནམ་གཤིས།
གནམ་གྲུ་ཐང་།
གཞིས་ཀ་རྩེ་ཞི་བདེ་གནམ་གྲུ་ཐང་།
ས་ཁོངས་ཁ་པར་ཨང་རྟགས།
0892
སྦྲག་སྲིད་ཨང་རྟགས།
857300
རླངས་འཁོར་ཨང་རྟགས།
藏D
1 ​མིང་གི་ཐོགས་ཚུལ།

པ་སྣམ་ཞེས་པ་ནི་གླིང་གེ་སར་རྒྱལ་པོས་བདུད་ཨ་ཁྱུང་རྒྱལ་པོ་འདུལ་བར་ཕེབས་སྐབས་པ་སྣམ་དུ་སྒར་ས་མཛད་དེ་དཔལ་རྣམ་པར་རྒྱལ་བའི་ས་ཞེས་པའི་མིང་བྱུང་བས་རྗེས་སུ་པ་སྣམ་དང་། ཡང་པ་ཚབ་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་པོ་དང་སློབ་དཔོན་པདྨ་འབྱུང་གནས་ཀྱི་དངོས་སློབ་སྣ་སྣམ་རྡོ་རྗེ་བདུད་འཇོམས་གཉིས་རྫོང་དེར་ཡུན་རིང་བཞུགས་པས་ཁོང་རྣམ་གཉིས་ཀྱི་མཚན་ཟུར་རྫོང་ལ་ཐོགས་ཏེ་པ་སྣམ་རྫོང་ཞེས་བྱུང་ཚུལ་སོགས་གསུང་སྲོལ་མི་འདྲ་བ་སོ་སོར་ཡོད།

2 སྲིད་འཛིན་མངའ་ཁོངས།

ད་ལྟའི་པ་སྣམ་རྫོང་གི་མིང་ཡང་སྔར་མིང་རང་སོར་བཞག་ཡོད་པ་དང་། རྫོང་གནས་ཡུལ་ཡང་སྔར་གྱི་པ་སྣམ་རྫོང་གི་འོག་ཏུ་ཡོད། རྫོང་དེའི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་ངོས་སྙོམས་གྲུ་བཞི་མ2489དང་། ས་ཞིང་རྒྱ་ཁྱོན་མུའུ་ཁྲི9དང་། རྩྭ་སའི་རྒྱ་ཁྱོན་མུའུ་ཁྲི270 ནགས་ཚལ་རྒྱ་ཁྱོན་མུའུ་ཁྲི1755 ཡུལ་ཚོ11དང་།  གྲོང་ཚོ་ཨུ་ཡོན་ལྷན་ཁང114 མི་འབོར41798 ཆ་སྙོམས་རྒྱ་མཚོའི་ངོས་ལས་སྤྱི་ཁྲེ4200ཙམ་གྱིས་མཐོ་བའི་རྫོང་ཞིག་ཡིན་པ་རེད།

3 མི་སྣ་གྲགས་ཅན།

རྫོང་དེར་འཁྲུངས་པའི་གྲགས་ཅན་མི་སྣ་ནི། ཅོག་རོ་ཀླུའི་རྒྱལ་མཚན་དང་། སྡེ་སྲིད་བཤད་སྒྲུབ་དབང་ཕྱུག་རྒྱལ་པོ་དུས་རབས19པར་འཁྲུངས་པ། པཎ་ཆེན་སྐུ་ཕྲེང་བདུན་པ་བསྟན་པའི་ཉི་མ་སྤྱི་ལོ1782ལོར་སྐུ་འཁྲུངས། ཕོ་ལྷ་མི་དབང་བསོད་ནམས་སྟོབས་རྒྱལ་སྤྱི་ལོ1689ལོར་སྐུ་འཁྲུངས་བ་བཅས་སོ། །

པ་སྣམ་རྫོང་ཁོངས་ཀྱི་གནས་སྐོར་ས་བཀྲ།

.jpg