དམངས་སྲོལ་གྱི་ཡུལ་ཁམས་ཀྱི་ཁྱད་ཆོས།སྔ་མའི་པར་གཞི་དེ དཔལ་ཚེ་རྡོར  ནས 2019-01-08 11:19ལ་འགྲུབ།

དམངས་སྲོལ་གྱི་ཡུལ་ཁམས་ཀྱི་ཁྱད་ཆོས།

དམངས་སྲོལ་ལ་ཡུལ་ཁམས་ཀྱི་ཁྱད་ཆོས་འབྱུང་རྐྱེན་གཙོ་བོ་རང་བྱུང་ཁོར་ཡུག་དང་སྤྱི་ཚོགས་ཁོར་ཡུག་སྟེ་ཕྱོགས་གཉིས་ལ་རག་ལས་པ་ཡིན། རང་བྱུང་ཁོར་ཡུག་ལ་རག་ལས་ཞེས་པ་ནི། སྡོད་གནས་བཟོ་སྐྲུན་དང་། གྱོན་ཆས་དང་གྱོན་ཆས་བཟོ་ཚུལ། བཟའ་བཏུང་། དེ་བཞིན་དུ་མི་རྣམས་ཀྱི་མཛེས་དཔྱོད་ལྟ་ཚུལ་སོགས་ལས་ཚུར་སྣང་ཐུབ་པ་རེད། སྤྱི་ཚོགས་ཁོར་ཡུག་ཀྱང་དམངས་སྲོལ་ཡུལ་ཁམས་ཅན་དུ་འགྱུར་བའི་རྒྱུ་གཙོ་བོ་ཤིག་ཡིན། དེ་ལ་ཆོས་ལུགས་ཀྱི་ཁྱབ་ཁོངས་དང་། སྐད་རིགས་ཀྱི་ཁྱབ་ཁོངས། རིག་གནས་ཀྱི་མུ་ཁྱུད། དཔལ་འབྱོར་གྱི་སྒྲིག་གཞི་བཅས་ཕྱོགས་མང་པོ་ཞིག་ལ་གོ་དགོས། ཆོས་ལུགས་དད་མོས་ནི་དམངས་སྲོལ་ས་གནས་ཅན་དུ་འགྱུར་བའི་རྒྱུ་རྐྱེན་གལ་ཆེན་ཞིག་ཡིན་ལ། འཛམ་གླིང་གི་ཆ་ནས་བཤད་ན། ཆོས་ལུགས་ཀྱི་ལྟ་དགོངས་མི་འདྲ་བ་གཙོ་བོ་ནི་སངས་རྒྱས་ཆོས་ལུགས་དང་། ཡེ་ཤུ་མ་ཤི་ཀའི་ཆོས་ལུགས། དབྱི་སི་ལན་ཆོས་ལུགས་བཅས་ཆོས་ལུགས་ཆེན་པོ་གསུམ་ཡིན་པ་རེད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
民俗文化地域性的特点
ཁོངས་གཏོགས།
དམངས་སྲོལ་རིག་གནས།
1 ངོ་སྤྲོད།

འུ་ཅག་བོད་མིའི་ངག་རྒྱུན་དུ། ལུང་པ་རེ་ལ་ཆུ་རེ་དང། ས་ཆ་རེ་ལ་དཔེ་རེ་ཞེས་པ་ལྟར། ས་ཁུལ་དང་ཡུལ་ཁམས་སོ་སོར་ཡུལ་གནས་དེའི་རང་བྱུང་ཁོར་ཡུག་དང་མི་ཆོས་ཁོར་ཡུག་མི་གཅིག་པ་ཇི་བཞིན་དུ། ས་གནས་སོ་སོའི་ཡུལ་སྲོལ་རིག་གནས་མི་གཅིག་པའི་རྣམ་པ་བྱུང་བ་རེད།