འབྲོང་པ་རྫོང་།སྔ་མའི་པར་གཞི་དེ བོན་སྐོར་པད་མ་རྒྱལ།  ནས 2019-02-25 09:50ལ་འགྲུབ།

འབྲོང་པ་རྫོང་།

འབྲོང་པ་རྫོང་།
བོད་རང་སྐྱོང་ལྗོངས་གཞིས་ཀ་རྩེ་ས་ཁུལ་གྱི་རྫོང་ཞིག་སྟེ། སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་ངོས་སྙོམས་གྲུ་བཞི་མ46143དང་། རྩྭ་སའི་རྒྱ་ཁྱོན་ལ་མུའུ་ཁྲི8000ཙམ་དང་། མི་འབོར18619 ཆ་སྙོམས་རྒྱ་མཚོའི་ངོས་ལས་སྤྱི་ཁྲེ5000ཙམ་གྱིས་མཐོ་བའི་སར་གནས་ཡོད་པའི་རྫོང་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
仲巴县
ཕྱི་ཡིག་གི་མིང་།
Zhongba County
སྲིད་འཛིན་རིགས་དབྱེ།
རྫོང་།
སྲིད་འཛིན་ཁོངས་གཏོགས།
བོད་རང་སྐྱོང་ལྗོངས་གཞིས་ཀ་རྩེ་ས་ཁུལ།
མངའ་ཁོངས།
གྲོང་རྡལ1དང་ཡུལ་ཚོ12ཡོད།
རྒྱ་ཁྱོན།
སྤྱི་ལེ་ངོས་སྙོམས་གྲུ་བཞི་མ46143ཡོད།
མི་གྲངས།
ཁྲི་གཉིས།(2003ལོའི་བསྡོམས་རྩེིས)
སྐད་རིགས།
བོད་སྐད།
གནམ་གཤིས།
མཐོ་སྒང་གྲང་ངར་ཆེ་བའི་ཐན་པ་ཕྱེད་ཙམ་གྱི་གནམ་གཤིས།
གནམ་གྲུ་ཐང་།
མངའ་རིས་གནམ་གྲུ་ཐང་།
ས་ཁོངས་ཁ་པར་ཨང་རྟགས།
0892
སྦྲག་སྲིད་ཨང་རྟགས།
858800
རླངས་འཁོར་ཨང་རྟགས།
藏D
1 ​མིང་གི་ཐོགས་ཚུལ།

འབྲོང་པ་ཞེས་པ་ནི་སྔོན་ཡུལ་དེར་འབྲོང་མང་པོ་གནས་འདུ་བྱེད་སའི་ཡུལ་ཡིན་པ་དང་། དེ་ཁུལ་དུ་ཆགས་པའི་སྡེ་ཚོར་འབྲོང་པ་ཞེས་མིང་མཐར་བདག་སྒྲ་སྦྱར་བ་ཞིག་ཡིན་པ་རེད། ད་ལྟའི་འབྲོང་པ་རྫོང་ནི་ཐོག་མའི་གནས་ཡུལ་སྐྲ་བདུན་དུ་ཡིན་ཀྱང་། ད་ལྟ་དེ་ནས་སྤྱི་ལེ20ཙམ་གྱི་ས་ན་དགོ་བ་སྣ་ཁུག་ཐང་ཞེས་པར་གནས་སྤོས་བྱས་ཡོད། 

2 སྲིད་འཛིན་མངའ་ཁོངས།

རྫོང་དེའི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་ངོས་སྙོམས་གྲུ་བཞི་མ46143དང་། རྩྭ་སའི་རྒྱ་ཁྱོན་ལ་མུའུ་ཁྲི8000ཙམ་དང་། མི་འབོར18619 ཆ་སྙོམས་རྒྱ་མཚོའི་ངོས་ལས་སྤྱི་ཁྲེ5000ཙམ་གྱིས་མཐོ་བའི་སར་གནས་ཡོད་པ་དང་། རྫོང་དེར་ཡུལ་ཚོ13དང་གྲོང་རྡལ1 གྲོང་མི་ཨུ་ཡོན་ལྷན་ཁང59བཅས་འབྲོག་ལས་གཙོ་བོར་གྱུར་པའི་རྫོང་ཞིག་ཡིན་པ་རེད།

3 དགོན་སྡེ་གཙོ་བོ།

ཡུལ་དེར་གནས་པའི་དགོན་སྡེ་གཙོ་བོ། བོད་རྒྱལ་སྲོང་བཙན་སྒམ་པའི་སྐུ་རིང་བཞེངས་སྐྲུན་གནང་བའི་སྐྲ་བདུན་རྩེ་ཡི་གཙུག་ལག་ཁང་དང་། བཀའ་བརྒྱུད་ཀྱི་བླ་མ་འཇམ་དབྱངས་ཀྱིས་སྤྱི་ལོ1125ལོར་ཕྱག་བཏབ་གནང་མཛད་པའི་བཀའ་བརྒྱུད་ཀྱི་སྔགས་པ་གྲྭ་ཚང་། ས་པཎ་ཀུན་དགའ་རྒྱལ་མཚན་གྱིས་ཕྱག་བཏབ་གནང་མཛད་པའི་གནམ་ལྷ་དགོན། བླ་མ་བསོད་ནམས་འབྱོར་ལྡན་གྱིས་བསྐྱར་བཞེངས་གནང་བའི་གསེར་ཆེན་དགོན། བླ་མ་ཨོ་རྒྱན་བསོད་ནམས་བཟང་པོས་ཕྱག་བཏབ་གནང་བའི་སྒོ་ཤར་དགོན། གྲུབ་ཆེན་ཐང་སྟོང་རྒྱལ་པོས་ཕྱག་བཏབ་གནང་བའི་བ་ཡང་དགོན། སྤྱི་ལོ1437ལོར་འཇམ་མགོན་བློ་བཟང་ནོར་བུས་ཕྱག་བཏབ་གནང་བའི་བཀའ་བརྒྱུད་ཀྱི་དགོན་བསམ་གཏན་བྱང་ཆུབ་གླིང་སོགས་ཡོད།

4 འབྲོང་པ་རྫོང་ཁོངས་ཀྱི་གནས་སྐོར་ས་བཀྲ།


.jpg