གཏིང་སྐྱེས་རྫོང་།སྔ་མའི་པར་གཞི་དེ བོན་སྐོར་པད་མ་རྒྱལ།  ནས 2019-02-25 09:58ལ་འགྲུབ།

གཏིང་སྐྱེས་རྫོང་།

གཏིང་སྐྱེས་རྫོང་།
བོད་རང་སྐྱོང་ལྗོངས་གཞིས་ཀ་རྩེ་ས་ཁུལ་གྱི་མངའ་ཁོངས་སུ་གཏོགས་པའི་རྫོང་ཞིག་སྟེ། རྫོང་དེའི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་ངོས་སྙོམས་གྲུ་བཞི་མ7600ཙམ་དང་། རྨོ་ཞིང་མུའུ་ཁྲི4 རྩྭ་ས་མུའུ་ཁྲི2.3 ནགས་ཚལ་མུའུ་ཁྲི1.6 ཡུལ་ཚོ11 གྲོང་ཚོ་ལྷན་ཁང81 ཆ་སྙོམས་རྒྱ་མཚོའི་ངོས་ལས་སྤྱི་ཁྲེ4500ཙམ་གྱིས་མཐོ་བའི་རོང་མ་འབྲོག་གི་རྫོང་ཞིག་ཡིན་པ་རེད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
定结县
ཕྱི་ཡིག་གི་མིང་།
Dinggyê County
སྲིད་འཛིན་རིགས་དབྱེ།
རྫོང་།
སྲིད་འཛིན་ཁོངས་གཏོགས།
བོད་རང་སྐྱོང་ལྗོངས་ལྷོ་ཁ་ས་ཁུལ།
མངའ་ཁོངས།
གྲོང་རྡལ3དང་ཡུལ་ཚོ7ཡོད།
སྲིད་གཞུང་གནས་ཡུལ།
གཏིང་སྐྱེས་གྲོང་རྡལ།
རྒྱ་ཁྱོན།
སྤྱི་ལེ་ངོས་སྙོམས་གྲུ་བཞི་མ7600ཡོད།
མི་གྲངས།
ཆིག་ཁྲི་དྲུག་སྟོང་།(2013ལོའི་བསྡོམས་རྩིས)
སྐད་རིགས།
བོད་སྐད།
གནམ་གྲུ་ཐང་།
གཞིས་ཀ་རྩེ་ཞི་བདེ་གནམ་གྲུ་ཐང་།
གནམ་གཤིས།
མཐོ་སྒང་གནམ་གཤིས།
ས་ཁོངས་ཁ་པར་ཨང་རྟགས།
0892
སྦྲག་སྲིད་ཨང་རྟགས།
857900
རླངས་འཁོར་ཨང་རྟགས།
藏D
1 ​མིང་གི་བྱུང་ཚུལ།

གཏིང་སྐྱེས་ཞེས་པ་ནི་རྫོང་དེའི་རྒྱབ་རི་སའི་གཏིང་ནས་སྐྱེས་པ་ལྟ་བུ་ཞིག་ཡོད་པས་གཏིང་སྐྱེས་ཞེས་པ་དེ་ལྟར་བྱུང་། ད་ལྟའི་གཏིང་སྐྱེས་རྫོང་གི་གནས་ཡུལ་ནི་རྒྱང་མཁར་ཞེས་པར་གནས་སྤོས་ཀྱང་རྫོང་མིང་རང་སོར་བཞག་ཡོད།

2 སྲིད་འཛིན་མངའ་ཁོངས།

རྫོང་དེའི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་ངོས་སྙོམས་གྲུ་བཞི་མ7600ཙམ་དང་རྨོ་ཞིང་མུའུ་ཁྲི4 རྩྭ་ས་མུའུ་ཁྲི2.3 ནགས་ཚལ་མུའུ་ཁྲི1.6  ཡུལ་ཚོ11 གྲོང་ཚོ་ལྷན་ཁང81 ཆ་སྙོམས་རྒྱ་མཚོའི་ངོས་ལས་སྤྱི་ཁྲེ4500ཙམ་གྱིས་མཐོ་བའི་རོང་མ་འབྲོག་གི་རྫོང་ཞིག་ཡིན་པ་རེད།

3 དགོན་སྡེ་སྐོར།

ཡུལ་དེར་གནས་པའི་དགོན་སྡེ་སྐོར་ལ་གཙོ་བོ། གཟར་ཆོས་འཁོར་དགོན་པ་སྟེ། དེ་ནི་གཙང་གཏིང་སྐྱེས་རྫོང་གཟར་ཤང་ཁུལ་དུ་གནས་ཞིང་མཚན་རྒྱས་པར་ཆོས་འཁོར་བདེ་ཆེན་གླིང་ཞེས་ཞུ། ཐོག་མར་དགོན་དེའི་རྒྱབ་རིར་གཟར་རྣམ་རྒྱལ་རྫོང་ཞེས་པ་ཆགས་ཡོད་ཀྱང་གུ་གེའི་དམག་འཁྲུག་ལྕགས་ཕག་དགྲ་ཤོར་ཞེས་པའི་སྐབས་གཏོར་ཤིག་བཏང་བའི་རྗེས་ཤུལ་ད་ལྟའང་མཐོང་རྒྱུ་ཡོད།  དགོན་དེ་ནི་ཐོག་མར་རྗེ་བཙུན་ཏ་ར་ན་ཐཱ་ལྷ་རྩེ་རྫོང་ནས་གནས་དེར་ཕེབས་ཏེ་ཕྱག་བཏབ་གནང་མཛད། དེའང་རྗེ་བཙུན་ཕུན་ཚོགས་གླིང་དུ་བཞུགས་སྐབས་གཏིང་སྐྱེས་ཁུལ་དུ་ནད་རིམ་དུག་པ་ཅན་ཞིག་བྱུང་བ་བཟློག་ཕྱིར་གཏིང་སྐྱེས་ཆོས་རྒྱལ་གྱི་རྗེ་བཙུན་གདན་དྲངས་ཏེ་རིམ་ནད་ཞི་བར་མཛད་པས་ཆོས་རྒྱལ་ཐུགས་མཉེས་ཏེ་ཁྱེད་ལ་ཡོན་ཇི་འདྲ་ཞིག་ཕུལ་ན་ལེགས་སམ་ཞེས་ཞུས་པར་རྗེ་བཙུན་གྱིས་ང་ལ་གཞན་གང་ཡང་མི་དགོས། རོང་མཚམས་འདིར་དགོན་པ་འདེབས་སའི་ས་ཞིག་གནང་བར་ཞེས་ཞུས་པས། ཆོས་རྒྱལ་གྱིས་དེ་ལྟར་ཞལ་གྱིས་བཞེས་ཏེ་གཟར་སྐྱ་རག་ཅེས་པ་དེ་ཕུལ་བས་ད་ལྟའི་དགོན་གནས་དེ་ཉིད་ཕྱག་བཏབ། ཇོ་ནང་ལུགས་སྤེལ་མཛད་དེ་དགེ་འདུན་ལྔ་བཅུ་སྐོར་འདུས་སྔོན་འདུ་ཁང་ཀ་བ་བཅུ་གཉིས་ཀྱི་གཙང་ཁང་སྦུག་མར་སྐུ་རྒྱུ་གསེར་ཟངས་ལས་གྲུབ་པའི་ཐུབ་པ་གངས་ཅན་གཙོ་རྒྱལ་ཐོག་སོ་གཉིས་ཙམ་ལ་གཡས་གཡོན་དུ་བྱམས་པ་འཇམ་དབྱངས།  འདུ་ཁང་ནང་རྗེ་ཙོང་ཁ་པ་ཡབ་སྲས་གསུམ། ལྡེབས་རིས་ནི་ལྷོ་ངོས་སུ་ཐུབ་པ་གནས་བརྟན་བཅུ་དྲུག་དང་། བྱང་ངོས་སུ་ཇོ་ནང་རྗེ་བཙུན་ཏ་ར་ན་ཐཱ་གཙོ་བོར་གྱུར་པའི་བླ་རྒྱུད་ཁག གསུང་རྟེན་དུ་བཀའ་འགྱུར་དང་བསྟན་འགྱུར། གཞན་ཡང་ལྟུང་བཤགས་ལྷ་ཁང་། རྣལ་འབྱོར་མའི་ལྷ་ཁང་། དེ་བཞིན་བླ་བྲང་བཅས་པ་ལའང་རྟེན་དང་བརྟེན་པར་བཅས་པ་བཞུགས་སུ་གསོལ།

ད་ལྟ་འདུ་ཁང་ཉམས་གསོ་གནང་བའི་ནང་སྔོན་གྱི་ཐུབ་པ་གངས་ཅན་གཙོ་རྒྱལ་གྱི་བཞུགས་ཁྲིའི་སྟེང་དུ་སྐུ་རྒྱུ་འཇིམ་ལས་གྲུབ་པའི་ཐུབ་པ་གངས་ཅན་གཙོ་རྒྱལ་སྐུ་ཚད་སྔོན་གྱི་དེ་དང་མཚུངས་ལ་གཡས་གཡོན་དུ་བྱམས་པ་འཇམ་དབྱངས་དང་། གཞན་ཡང་སྔོན་གྱི་སྐུ་བརྙན་རྣམས་ཀྱི་སྐུ་ཚབ་གསར་བཞེངས་གནང་བ་མཇལ་རྒྱུ་ཡོད།

ད་དུང་དགོན་བྱང་སྟེ། མཚན་རྒྱས་པར་དགོན་བྱང་བསམ་གཏན་ཕུག་ཅེས་ཞུ་བ། གཟར་ཆོས་འཁོར་ནས་སྤྱི་ལེ་གསུམ་ཙམ་བྱང་ངོས་སུ་སོང་ན་དགོན་དེར་སླེབས་ཐུབ། དགོན་དེ་ནི་ཐོག་མར་རིག་འཛིན་ཀུན་བཟང་རྡོ་རྗེ་ཞུ་བས་ཕྱག་བཏབ་གནང་མཛད། ད་ལྟ་ཉམས་གསོ་གནང་སྐབས་གྱང་རོའི་དཀྱིལ་ནས་ཐོན་པའི་སྔོན་གྱི་ཕྱག་དཔེ་པོ་ཏི་མང་པོ་དང་། རིག་འཛིན་ཀུན་བཟང་རྡོ་རྗེའི་སྐུ་སྨར་གདུང་བཞུགས་པའི་འདྲ་སྐུ་དང་རྡོ་གཡམ་གྱི་བཞུགས་སྒྲོམ་བཅས་མཇལ་རྒྱུ་ཡོད་པ་དང་། འདུ་ཁང་ནང་གུ་རུ་གཙོ་འཁོར་གསུམ་སོགས་གསར་བཞེངས་གནང་བ་མཇལ་རྒྱུ་ཡོད། 

4 གཏིང་སྐྱེས་རྫོང་ཁོངས་ཀྱི་གནས་སྐོར་ས་བཀྲ།

.jpg