གམ་པ་རྫོང་།སྔ་མའི་པར་གཞི་དེ བོན་སྐོར་པད་མ་རྒྱལ།  ནས 2019-03-01 08:36ལ་འགྲུབ།

གམ་པ་རྫོང་།

གམ་པ་རྫོང་།
བོད་རང་སྐྱོང་ལྗོངས་གཞིས་ཀ་རྩེ་ས་ཁུལ་གྱི་མངའ་ཁོངས་སུ་གཏོགས་པའི་རྫོང་ཞིག་སྟེ། རྫོང་དེའི་སྤྱིའི་རྒྱན་ཁྱོན་ལ་སྤྱི་ལེ་ངོས་སྙོམས་གྲུ་བཞི་མ4198དང་། ས་ཞིང་རྒྱ་ཁྱོན་མུའུ21338 རྩྭ་ས་མུའུ་ཁྲི555 རྫོང་ཡོངས་ལ་ཐད་གཏོགས་ཡུལ་ཚོ4དང་། གྲོང་རྡལ1 གྲོང་ཚོ་ཨུ་ཡོན་ལྷན་ཁང30 ཐེམ་དུད2076དང་། མི་འབོར 9568 ཆ་སྙོམས་རྒྱ་མཚོའི་ངོས་ལས་སྤྱི་ཁྲེ4700ཙམ་གྱིས་སར་གནས་པའི་རྫོང་ཞིག་ཡིན་པ་རེད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
岗巴县
ཕྱི་ཡིག་གི་མིང་།
Kamba County
སྲིད་འཛིན་རིགས་དབྱེ།
རྫོང་།
སྲིད་འཛིན་ཁོངས་གཏོགས།
བོད་རང་སྐྱོང་ལྗོངས་གཞིས་ཀ་རྩེ་ས་ཁུལ།
མངའ་ཁོངས།
གྲོང་རྡལ1དང་ཡུལ་ཚོ4ཡོད།
སྲིད་གཞུང་གནས་ཡུལ།
གམ་པ་གྲོང་རྡལ།
ས་གནས།
གཞིས་ཀ་རྩེ་ས་ཁུལ།
རྒྱ་ཁྱོན།
སྤྱི་ལེ་ངོས་སྙོམས་གྲུ་བཞི་མ4198ཡོད།
མི་གྲངས།
ཁྲི་གཅིག(2003ལོའི་བསྡོམས་རྩིས)
སྐད་རིགས།
བོད་སྐད།
གནམ་གཤིས།
མཐོ་སྒང་།
གནམ་གྲུ་ཐང་།
གཞིས་ཀ་རྩེ་ཞི་བདེ་གནམ་གྲུ་ཐང་།
ས་ཁོངས་ཁ་པར་ཨང་རྟགས།
0892
སྦྲག་སྲིད་ཨང་རྟགས།
542338
རླངས་འཁོར་ཨང་རྟགས།
藏D
1 ​མིང་གི་ཐོགས་ཚུལ།

གམ་པ་ཞེས་པ་ནི་སྔར་མིང་རང་གནས་སུ་བཞག་པ་ཞིག་ཡིན་པ་དང་རྫོང་དེའི་མིང་གཞན་ལ་ལྷུན་གྲུབ་སྟག་རྩེ་རྫོང་ཡང་ཟེར། རྫོང་དེའི་ཤར་ངོས་སུ་གཞི་བདག་གངས་ཅན་རྒྱལ་བོ་ཟེར་བའི་གངས་རི་དང་། ནུབ་ཏུ་ཇོ་མོ་གངས་རི་ཞེས་པ་གཉིས་ཀྱི་མདུན་ནམ་གམ་དུ་ཆགས་པས་གམ་པ་ཞེས་པའི་མིང་དེ་ལྟར་བྱུང་། གཞན་ཡང་ཡུལ་དེའི་ས་བཀྲ་དུག་སྦྲུལ་ཕོ་མོ་མགོ་སྤྲད་ཡོད་པའི་ས་བཀྲ་ངན་པ་བཟློག་ཕྱིར་ཐོག་མར་ཁྲ་ཚང་དགོན་ཞེས་པ་ཞིག་ཀྱང་ཡོད་པའི་ལོ་རྒྱུས་ཡོད། སྔར་རྒྱལ་རྩེ་རྗོང་གི་མངའ་ཁོངས་ཡིན་པ་དང་ཆོས་རྒྱལ་རབ་བརྟན་ཀུན་བཟང་འཕགས་ཀྱི་དབྱར་ཁའི་བཞུགས་གནས་ཡིན་ཟེར། སྔར་རྫོང་དེ་འབྲོག་ས་ཁོ་ན་ཡིན་ནའང་བཅིངས་བཀྲོལ་རྗེས་སུ་ས་ཞིང་གསར་སྦོལ་བྱས་པའི་རོང་མ་འབྲོག་གི་རྫོང་ཞིག་ཡིན། 

2 སྲིད་འཛིན་མངའ་ཁོངས།

རྫོང་དེའི་སྤྱིའི་རྒྱན་ཁྱོན་ལ་སྤྱི་ལེ་ངོས་སྙོམས་གྲུ་བཞི་མ4198དང་། ས་ཞིང་ཁྱོན་མུའུ21338 རྩྭ་ས་མུའུ་ཁྲི555 རྫོང་ཡོངས་ལ་ཐད་གཏོགས་ཡུལ་ཚོ4དང་། གྲོང་རྡལ1 གྲོང་ཚོ་ཨུ་ཡོན་ལྷན་ཁང30 ཐེམ་དུད2076དང་། མི་འབོར9568 ཆ་སྙོམས་རྒྱ་མཚོའི་ངོས་ལས་སྤྱི་ཁྲེ4700ཙམ་སླེབས་པ་བཅས་ཀྱི་རྫོང་ཞིག་ཡིན་པ་རེད།

3 མི་སྣ་གྲགས་ཅན།

ཡུལ་དེར་འཁྲུངས་པའི་གྲགས་ཅན་མི་སྣ་ནི། རྗེ་ཤེས་རབ་སེང་གེ་གཙང་སྟོད་སའི་ཆ་སྲད་ཀྱི་གུར་མོ་ཞེས་པར་ཡབ་དམ་པ་དམར་པོ་དང་ཡུམ་ཆོས་སྐུ་བཀྲ་ཤིས་གཉིས་ཀྱི་སྲས་སུ་སྤྱི་ལོ1333ལོར་འཁྲུངས། རྒྱལ་བ་དགེ་འདུན་གྲུབ་པ་ནི་སྲད་ཀྱི་ལུང་ལག་གུར་མོ་རུ་བ་ཞེས་པའི་འབྲོག་སྡེ་ཞིག་ཏུ་ཡབ་མགོན་པོ་རྡོ་རྗེ་དང་། ཡུམ་ཇོ་མོ་ནམ་མཁའ་གཉིས་ཀྱི་སྲས་སུ་སྤྱི་ལོ1391ལོར་སྐུ་བལྟམས་པ་བཅས་ཡིན།

4 གམ་པ་རྫོང་ཁོངས་ཀྱི་གནས་སྐོར་ས་བཀྲ།

.jpg