སམྨ་ཏ་ཐའི་ཡུལ།སྔ་མའི་པར་གཞི་དེ སེང་ལྡེང་མཚོ།  ནས 2018-12-12 10:50ལ་འགྲུབ།

སམྨ་ཏ་ཐའི་ཡུལ།

ཀ་མ་རུ་པའི་ཡུལ་དེ་ནས་ལྷོ་ཕྱོགས་སུ་རྒྱང་གྲགས་སྟོང་ཕྲག་གཅིག་དང་བརྒྱ་ཕྲག་གཉིས་གསུམ་ཕྱིན་པ་ན།སམྨ་ཏ་ཐའི་ཡུལ་དེའི་ཐ་གྲུར་ལེ་དབར་སུམ་སྟོང་ལྷག་ཏུ་ལྷོའི་རྒྱ་མཚོ་དང་ཉེ་བ། གཞུང་མཁར་ཐ་གྲུར་རྒྱང་གྲགས་ཉི་ཤུ་ལྷག་དང་། ས་དྲོ་ལ་རླན་གཤེར་ཆེ་ཞིང་འབྲུ་སྣ་ཚོགས་དང་ཤིང་ཏོག་མེ་ཏོག་གི་རིགས་ཤིན་ཏུ་མང་ངོ་།། གནམ་གཤིས་འཇམ་ཞིང་དྲོ་བ་མིའི་རང་བཞིན་ཕལ་ཆེར་བྱད་བཞིན་ནག་པ་གདུག་རྩུབ་ཆེ་བ། སློབ་གཉེར་ལ་འདུན་པ་བརྩོན་འགྲུས་ཆེ་ཞིང་། ཕྱི་ནང་གཉིས་ཀར་མཉམ་པར་བཀུར་བ་དང་། གཙུག་ལག་ཁང་སུམ་ཅུ་ལྷག་པར་དགེ་འདུན་སྟོང་ཕྲག་གཉིས་ལྷག་གནས་པ་ཐམས་ཅད་གནས་བརྟན་སྡེ་པའོ།། ཕྱི་རོལ་པའི་ལྷ་ཁང་བརྒྱ་ལྷག་ཡོད་པ་ལ་ཕྱི་རོལ་པའི་རིགས་མང་པོ་དག་འདྲེས་ཏེ་གནས་སོ།། ཕལ་ཆེར་གཅེར་བུ་པ་དང་གྲངས་ཅན་པ་ཤས་ཆེ་བའོ།།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
三摩呾吒国
ཁོངས་གཏོགས་རྒྱལ་ཁབ།
རྒྱ་གར།
རིགས་དབྱེ།
གནའ་བོའི་རྒྱལ་ཁབ།
1 ངོ་སྤྲོད།

ཀ་མ་རུ་པའི་ཡུལ་དེ་ནས་ལྷོ་ཕྱོགས་སུ་རྒྱང་གྲགས་སྟོང་ཕྲག་གཅིག་དང་བརྒྱ་ཕྲག་གཉིས་གསུམ་ཕྱིན་པ་ན། སམྨ་ཏ་ཐའི་ཡུལ་དེའི་ཐ་གྲུར་ལེ་དབར་སུམ་སྟོང་ལྷག་ཏུ་ལྷོའི་རྒྱ་མཚོ་དང་ཉེ་བ། གཞུང་མཁར་ཐ་གྲུར་རྒྱང་གྲགས་ཉི་ཤུ་ལྷག་དང་། ས་དྲོ་ལ་རླན་གཤེར་ཆེ་ཞིང་འབྲུ་སྣ་ཚོགས་དང་ཤིང་ཏོག་མེ་ཏོག་གི་རིགས་ཤིན་ཏུ་མང་ངོ་།། གནམ་གཤིས་འཇམ་ཞིང་དྲོ་བ་མིའི་རང་བཞིན་ཕལ་ཆེར་བྱད་བཞིན་ནག་པ་གདུག་རྩུབ་ཆེ་བ། སློབ་གཉེར་ལ་འདུན་པ་བརྩོན་འགྲུས་ཆེ་ཞིང་། ཕྱི་ནང་གཉིས་ཀར་མཉམ་པར་བཀུར་བ་དང་། གཙུག་ལག་ཁང་སུམ་ཅུ་ལྷག་པར་དགེ་འདུན་སྟོང་ཕྲག་གཉིས་ལྷག་གནས་པ་ཐམས་ཅད་གནས་བརྟན་སྡེ་པའོ།། ཕྱི་རོལ་པའི་ལྷ་ཁང་བརྒྱ་ལྷག་ཡོད་པ་ལ་ཕྱི་རོལ་པའི་རིགས་མང་པོ་དག་འདྲེས་ཏེ་གནས་སོ།། ཕལ་ཆེར་གཅེར་བུ་པ་དང་གྲངས་ཅན་པ་ཤས་ཆེ་བའོ།།

2 ཡུལ་དྲུག་པོ་བཤད་སྲོལ།

དེ་ནས་བྱང་ཤར་མཚོ་འགྲམ་གྱི་རི་སུལ་སུ་ཤྲཱི་ཀྴ་རྟ་རའི་ཡུལ་ལོ། དེའི་ཤར་ཕྱོགས་སུ་ཡུལ་ཀ་མ་ར་ཨོ་ཀ དེའི་ཤར་ལྷོའི་ཕྱོགས་སུ་ཏྲ་པ་རི་དང་ཨི་ཤ་ངྷ་པཱུ་ར་དང་། མ་ཧཱ་ཛམྦུ་དང་། དེའི་ལྷོ་ནུབ་མཚམས་སུ་ཡ་མུ་ནའི་ཡུལ་རྣམས་ཡོད་དོ།། ཡུལ་དྲུག་པོ་འདི་དག་གི་ས་བབ་མི་སྙོམས་ཤིང་སྒང་གཤོང་འབར་འབུར་གྱི་ཤིན་ཏུ་བགྲོད་དཀའ་བ། མིའི་རང་བཞིན་གདུག་པ་འགྲོགས་དཀའ་བ་རྒྱ་གར་དངོས་དང་འབྲེལ་བ་བསྲབས་པ་དག་གོ།


བརྡ་འགྲེལ་གདོང་འཛར།

སམྨ་ཏ་ཐའི་ཡུལ། ཡུལ་གྲུ། ངྱང་ཤར།