འཕྲུལ་མི་དང་ཧྥུ་རན་ཁི།སྔ་མའི་པར་གཞི་དེ མཐོ་སྒང་གི་མེལ་ཚེ།  ནས 2018-11-12 16:10ལ་འགྲུབ།

འཕྲུལ་མི་དང་ཧྥུ་རན་ཁི།

འཕྲུལ་མི་དང་ཧྥུ་རན་ཁི།
གློག་བརྙན་འདི་རུ། མ་འོངས་པར་རྒས་གཡོག་དང་དཔེ་མཛོད་ཁང་སོགས་འཕྲུལ་ཆས་ཀྱི་མིས་བྱེད་པའི་དུས་ཤིག་ལ་དྲན་པ་ཉམས་པའི་བགྲེས་པོ་ཞིག་ཡོད་པར། ཁོའི་ཆུང་མ་དང་ཕྲུ་གུ་སོགས་གམ་ན་མེད་པར་ལུས་པར། ཁོང་གི་བུས་བགྲེས་པོའི་འགྲོ་འདུག་སོགས་ལ་ཞབས་ཕྱི་དང་བདེ་ཐང་ལ་ཚོད་འཛིན་པའི་འཕྲུལ་ཆས་ཀྱི་མི་ཞིག་ཁོང་ལ་སྤྲད་པ་རེད། ཐོག་མར་ཁོ་རང་ནང་འཁོར་འཕྲུལ་ཆས་ཀྱི་མི་འདི་ལ་མི་དགའ་ཞིང་། ཁ་གྱེས་ཐབས་ཁོ་ན་ལ་འབད་མོད། རིམ་བཞིན་ཁོ་གཉིས་བར་ལ་བརྩེ་བ་ཆགས་ཤིང་། མཉམ་དུ་གཞན་གྱི་སྒོ་ལྕགས་ཕྱེ་ཞིང་རྒྱན་ཆ་རྩ་ཆེན་བརྐུས་པ་སོགས་ཀྱི་གཏམ་རྒྱུད་ཅིག་བརྗོད་ཡོད། ཕྱིས་སུ་ཁོ་གཉིས་ཀྱི་ཁྲིམས་འགལ་གྱི་ལས་འདི་ལ་ཉེན་རྟོག་པས་དོགས་པ་ཟོས་ཤིང་། བརྟག་དཔྱད་བྱས་པར་གཞན་གྱི་བདེན་དཔང་ཅི་ཡོད་མེད་པར་བཟོས་པས་བློ་བདེ་མོད། འཕྲུལ་ཆས་མིའི་དྲན་པ་ནི་བདེན་དཔང་གལ་ཆེན་ཞིག་ཆགས་ཡོད་ལ། འདི་ཉིད་ཉེན་རྟོག་པའི་ལག་ལ་ཤོར་ན་ཁྲིམས་འགལ་གྱི་བྱ་སྤྱོད་ཡོད་ཚད་རྐུབ་བརྡོལ་རྒྱུ་རང་ལས་མེད་པས། ཉེན་ཁ་ཆེན་པོ་ཆགས་ཡོད། འདི་ལ་འཕྲུལ་ཆས་ཀྱི་མིས་ཡང་དང་ཡང་དུ་ང་ནི་འཕྲུལ་གྱི་རིགས་ཡིན་པ་ལས་མི་དངོས་མ་ནི་མིན། ཁྱོད་ཀྱིས་ངའི་དྲན་པ་བསུབས་དང་། དེ་ནས་ཉེན་རྟོག་པས་རྗེས་ཤུལ་གང་ཡང་ཤེས་མི་སྲིད་ཅེས་ལབ། འོན་ཀྱང་བགྲེས་པོ་འདིས་འཕྲུལ་ཆས་ཀྱི་མི་ནི་རང་གི་གྲོགས་པོ་རྩ་ཆེན་ཞིག་གི་ཚད་དུ་བརྩིས་ཡོད་པས། འདི་ལྟར་བྱེད་མ་བཟོད་ཅིང་གྱ་ཚོམ་དུ་ལུས་པ་སོགས་བརྗོད་ཡོད།
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
འཕྲུལ་མི་དང་ཧྥུ་རན་ཁི།
མ་བརྙན་མིང་།
机器人与弗兰克
མིང་གཞན།
Jake Schreier
གཙོ་འཁྲབ་པ།
Frank langellaསོཊ།
འགྲེམ་དུས།
2012ལོར།
རྒྱལ་ཁབ།
ཨ་རི།
སྐད་རིགས།
ཨིན་སྐད།
རིགས་གྲས།
གཏམ་རྒྱུད།
རིང་ཚད།
སྐར་མ89
1 ནང་དོན་མདོར་བསྡུས།

གློག་བརྙན་འདི་རུ། མ་འོངས་པར་རྒས་གཡོག་དང་དཔེ་མཛོད་ཁང་སོགས་འཕྲུལ་ཆས་ཀྱི་མིས་བྱེད་པའི་དུས་ཤིག་ལ་དྲན་པ་ཉམས་པའི་བགྲེས་པོ་ཞིག་ཡོད་པར། ཁོའི་ཆུང་མ་དང་ཕྲུ་གུ་སོགས་གམ་ན་མེད་པར་ལུས་པར། ཁོང་གི་བུས་བགྲེས་པོའི་འགྲོ་འདུག་སོགས་ལ་ཞབས་ཕྱི་དང་བདེ་ཐང་ལ་ཚོད་འཛིན་པའི་འཕྲུལ་ཆས་ཀྱི་མི་ཞིག་ཁོང་ལ་སྤྲད་པ་རེད། ཐོག་མར་ཁོ་རང་ནང་འཁོར་འཕྲུལ་ཆས་ཀྱི་མི་འདི་ལ་མི་དགའ་ཞིང་། ཁ་གྱེས་ཐབས་ཁོ་ན་ལ་འབད་མོད། རིམ་བཞིན་ཁོ་གཉིས་བར་ལ་བརྩེ་བ་ཆགས་ཤིང་། མཉམ་དུ་གཞན་གྱི་སྒོ་ལྕགས་ཕྱེ་ཞིང་རྒྱན་ཆ་རྩ་ཆེན་བརྐུས་པ་སོགས་ཀྱི་གཏམ་རྒྱུད་ཅིག་བརྗོད་ཡོད། ཕྱིས་སུ་ཁོ་གཉིས་ཀྱི་ཁྲིམས་འགལ་གྱི་ལས་འདི་ལ་ཉེན་རྟོག་པས་དོགས་པ་ཟོས་ཤིང་། བརྟག་དཔྱད་བྱས་པར་གཞན་གྱི་བདེན་དཔང་ཅི་ཡོད་མེད་པར་བཟོས་པས་བློ་བདེ་མོད། འཕྲུལ་ཆས་མིའི་དྲན་པ་ནི་བདེན་དཔང་གལ་ཆེན་ཞིག་ཆགས་ཡོད་ལ། འདི་ཉིད་ཉེན་རྟོག་པའི་ལག་ལ་ཤོར་ན་ཁྲིམས་འགལ་གྱི་བྱ་སྤྱོད་ཡོད་ཚད་རྐུབ་བརྡོལ་རྒྱུ་རང་ལས་མེད་པས། ཉེན་ཁ་ཆེན་པོ་ཆགས་ཡོད། འདི་ལ་འཕྲུལ་ཆས་ཀྱི་མིས་ཡང་དང་ཡང་དུ་ང་ནི་འཕྲུལ་གྱི་རིགས་ཡིན་པ་ལས་མི་དངོས་མ་ནི་མིན། ཁྱོད་ཀྱིས་ངའི་དྲན་པ་བསུབས་དང་། དེ་ནས་ཉེན་རྟོག་པས་རྗེས་ཤུལ་གང་ཡང་ཤེས་མི་སྲིད་ཅེས་ལབ། འོན་ཀྱང་བགྲེས་པོ་འདིས་འཕྲུལ་ཆས་ཀྱི་མི་ནི་རང་གི་གྲོགས་པོ་རྩ་ཆེན་ཞིག་གི་ཚད་དུ་བརྩིས་ཡོད་པས། འདི་ལྟར་བྱེད་མ་བཟོད་ཅིང་གྱ་ཚོམ་དུ་ལུས་པ་སོགས་བརྗོད་ཡོད།

.jpg 

གློག་བརྙན་འདི་ནི་ཆོབ་ཚ་བོ་དང་ཚན་འཕྲུལ་གྱི་རྣམ་པ་འདྲེས་པའི་གཏམ་རྒྱུད་གློག་བརྙན་ཞིག་ཡིན་ལ། སྐད་གྲགས་ཆེ་བའི་སྒྱུ་རྩལ་གྱི་གློག་བརྙན་ལྟར་མིའི་རིགས་དང་འཇིག་རྟེན་གྱི་བདེན་པ་རིགས་ཤིག་ལ་མནོ་བསམ་གཏོང་བའི་ཤས་མི་ཆེ་ནའང་དྲན་པ་ཉམས་པའི་བགྲེས་པོ་དེས་རང་དང་འཕྲུལ་མི་གཉིས་གྲོགས་པོ་ཆགས་རྗེས། རང་ཉིད་ཉེན་ཁར་འཕྲད་ནའང་ཤ་ཁྲག་གདོས་བཅས་ཀྱིས་མ་གྲུབ་པའི་འཕྲུལ་མི་དེའི་དྲན་པ་བསུབ་ཁག་པོ་ཆགས་པའི་བརྒྱུད་རིམ་ནི་ཡིད་འགུལ་བ་ཞིག་རེད་ལ། མཐའ་མཇུག་བགྲེས་པོས་འཕྲུལ་མི་པང་དུ་བཏབས་ཤིང་། ཁོའི་རྒལ་གཞུང་དུ་ཡོད་པའི་མཐེབ་གནོན་དེ་ག་ལེར་མནན་པ་ན། འཕྲུལ་མི་ནི་དབུགས་ཀྱི་རྒྱུ་བ་ཆད་པའི་མི་དངོས་མ་ཞིག་དང་འདྲ་བར། ག་ལེར་ཁོང་གི་པང་དུ་ཉོབ་པར་གྱུར་བ་དང་། ཕྱིས་སུ་བགྲེས་པོ་ཁོ་རང་རྒན་གསོ་ཁང་དུ་སླེབས་དུས། དེ་གའི་བགྲེས་པོ་ཚང་མ་ལ་འཕྲུལ་མི་དེ་འདྲ་རེ་རེ་ཞབས་ཕྱི་རུ་ཡོད་མོད། ཕྱིའི་རྣམ་པ་དང་ཉམས་འགྱུར་སོགས་གང་ཐད་ནས་ཁོང་གི་འཕྲུལ་མི་དང་ཡོངས་སུ་མཐུན་རུང་། སྔར་གྱི་གྲོགས་པོ་རྙིང་བ་དེ་ཡིན་པའི་གཏམ་དང་བྱ་སྤྱོད་ཅི་ཡང་མེད་པ་མཐོང་དུས་བགྲེས་པོ་ཧྥུ་རན་ཁི་ལགས་ཡིད་སེམས་བློང་བློང་པོར་གྱུར་ལ་ཧད་ནས་ལུས་ཡོད། འདི་དག་ནི་གཏམ་རྒྱུད་བྲིན་མོ་བཞིན་དུ་མིའི་ཡིད་སེམས་སྒུལ་བ་ལས། བསམ་གཞིགས་ཀྱི་ཀློང་དུ་མི་འདྲེན་མོད། དྲན་པ་ཉམས་པའི་བགྲེས་པོ་ཞིག་དང་དྲན་པ་མེད་པའི་འཕྲུལ་མི་ཞིག་བར་གྱི་དྲན་པ་དང་འབྲེལ་བའི་གཏམ་རྒྱུད་འདིས་མི་མང་པོ་ཞིག་གི་མིག་ཆུ་འདྲེན་པར་ཐེ་ཚོམ་མེད།

.jpg

དཔྱད་གཞིའི་ཡིག་ཆ།