མགོ་ལོག་ཁག་གསུམ།སྔ་མའི་པར་གཞི་དེ བོན་སྐོར་པད་མ་རྒྱལ།  ནས 2018-11-08 17:48ལ་འགྲུབ།

མགོ་ལོག་ཁག་གསུམ།

མགོ་ལོག་ཁག་གསུམ།
ཡོངས་གྲགས་སུ་ཨ་འབུམ་རྒྱལ་ཟེར་བ་གླིང་རྗེ་དང་མ་མཐུན་པར། བྲན་མི་ཁྱིམ་ལྔ་བཅུ་སྐོར་དང་བཅས་གླིང་ནས་ཡུལ་བུད་ནས་མགོ་ལོག་ཁུལ་དུ་སྲིད་བཟུང་སྟེ་མཁར་གོང་ལ་རྒྱལ་ས་བྱས། དེའི་རིགས་ལས་མཆེད་པ་ཨ་སྐྱོང་དང་། དབང་ཆེན་འབུམ། པདྨ་འབུམ་དེ་གསུམ་ལ་མགོ་ལོག་ཁག་གསུམ་ཞེས་གྲགས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
三果洛部落
1 ངོ་སྤྲོད་མདོར་བསྡུས།

ཡོངས་གྲགས་སུ་ཨ་འབུམ་རྒྱལ་ཟེར་བ་གླིང་རྗེ་དང་མ་མཐུན་པར། བྲན་མི་ཁྱིམ་ལྔ་བཅུ་སྐོར་དང་བཅས་གླིང་ནས་ཡུལ་བུད་ནས་མགོ་ལོག་ཁུལ་དུ་སྲིད་བཟུང་སྟེ་མཁར་གོང་ལ་རྒྱལ་ས་བྱས། དེའི་རིགས་ལས་མཆེད་པ་ཨ་སྐྱོང་དང་། དབང་ཆེན་འབུམ། པདྨ་འབུམ་དེ་གསུམ་ལ་མགོ་ལོག་ཁག་གསུམ་ཞེས་གྲགས། སྤྱི་ལོ1638ལོར་གུ་ཤྲཱི་ཧན་གྱི་སོག་དམག་མཚོ་ཁར་འབྱོར་རྗེས་མགོ་ལོག་གི་ཆབ་སྲིད་ལ་ཉམས་རྒུད་བྱུང་། དམག་ཤེད་ཅན་མཱ་པུ་ཧྥང་གི་དབང་བསྒྱུར་སྐབས། མཱ་ཆི་ཟེར་བས་མཚོ་སྔོན་སོག་བོད་ཤོན་ཝེ་ཧྲེའི་གོ་ས་བཟུང་སྟེ། མགོ་ལོག་ཚོ་ཁག་ལ་གདུག་རྩུབ་ཀྱི་སྲིད་ཇུས་ཁོ་ན་བཟུང་ཞིང་། ཁྲག་དྲི་བྲོ་བའི་དམར་གསོད་ཚོད་མེད་བྱས་པར། མགོ་ལོག་ཚོ་ཁག་ནས་དཔའ་དར་ཆེན་པོས་འཐབ་རྩོད་དྲག་པོའང་བྱེད་མྱོང་། སྤྱི་ལོ1949ལོར་དམག་ཤེད་ཅན་མཱ་ཚང་གི་དབང་བསྒྱུར་ཐལ་བའི་རྡུལ་དུ་བརླགས་རྗེས། མགོ་ལོག་ཚོ་ཁག་གསུམ་ལ་བཅིངས་འགྲོལ་ཐོབ།

2 མགོ་ལོག་ཁག་གསུམ་གྱི་རུས་རྒྱུད།

.png