མཆོད་རྟེན་ཆེན་པོ་བྱ་རུང་ཁ་ཤོར་གྱི་ལོ་རྒྱུས་ཐོས་པས་གྲོལ་བ་ལས་ཇི་ལྟར་བཞེངས་པ་དང་རབ་ཏུ་གནས་པར་མཛད་པའི་ལེའུ།སྔ་མའི་པར་གཞི་དེ ཚེ་དོན།577  ནས 2018-11-28 15:38ལ་འགྲུབ།

མཆོད་རྟེན་ཆེན་པོ་བྱ་རུང་ཁ་ཤོར་གྱི་ལོ་རྒྱུས་ཐོས་པས་གྲོལ་བ་ལས་ཇི་ལྟར་བཞེངས་པ་དང་རབ་ཏུ་གནས་པར་མཛད་པའི་ལེའུ།

གཏེར་ནས་བཏོན་པའི་སྙན་རྩོམ་འདིར་མཆོད་རྟེན་བྱ་རུང་ཁ་ཤོར་ཇི་ལྟར་བཞེངས་པ་དང་རབ་གནས་མཛད་ཚུལ་སོགས་ཞིབ་རྒྱས་སུ་བརྗོད་པ་ཞིག་ཡིན་ནོ། །
གཞི་རྩའི་གནས་ཚུལ།

མཛད་པ་པོ།
སྔགས་འཆང་ཤཱཀྱ་བཟང་པོ།
1 ​གཏེར་ནས་བཏོན་པའི་ཚུལ། 

གཏེར་ཆོས《མཆོད་རྟེན་ཆེན་པོ་བྱ་རུང་ཁ་ཤོར་གྱི་ལོ་རྒྱུས་ཐོས་གྲོལ་ཆེན་མོ》ཞེས་བྱ་བ་འདི་ནི་སློབ་དཔོན་པདྨ་འབྱུང་གནས་ཀྱིས་བཀའ་བསྩལ་པ་མཁའ་འགྲོ་མ་ཡེ་ཤེས་མཚོ་རྒྱལ་གྱིས་ཟིན་བྲིས་སུ་ཡེ་གེར་བཏབ་སྟེ། བླ་མ་ཡང་གསང་ཐུགས་ཀྱི་ཆོས་སྐོར་དང་ལྷན་གཅིག་ཏུ། དཔལ་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་ཆེན་པོའི་སྟེང་ཁང་གི་རྣམ་སྣང་ཆེན་པོའི་སྐུ་རྒྱབ་ཏུ་སྤས། ཕྱིས་སུ་གཏེར་སྟོན་ལྷ་བཙུན་སྔོན་མས་རྣམ་སྣང་ཆེན་པོའི་སྐུ་རྒྱབ་ནས་གདན་དྲངས་ལ། ཨུ་རྒྱན་རིན་པོ་ཆེས་ལོ་རྒྱུས་འདི་བུ་ཡིག་ཏུ་བྲིས་ལ་གཏེར་གནས་སྦས་ཞེས་ལུང་བསྟན་བྱུང་བས། ཤོག་སེར་སྔོན་ཤུལ་དུ་བཞག བུ་ཡིག་མཆོད་རྟེན་དམར་བོའི་སེང་ཁྲིའི་ལྷོ་ནུབ་མཚམས་སུ་སླར་ཡང་གཏེར་དུ་སྦས། དེའི་ཕྱིས་ཆུ་ཕོ་སྤྲེལ་ལོའི་ལུག་གི་ཟླ་བའི་ཚེས་བཅོ་བརྒྱད་ལ། སྔགས་འཆང་ཤཱཀྱ་བཟང་བོས་ཨུ་རྒྱན་ཐུགས་རྗེའི་བྱིན་རླབས་ལ་བརྟེན་ནས་རྨི་ལམ་དུ་ལུང་བསྟན་བྱུང་ནས་རྙེད་ཅེས་གཏེར་ཡིག་འདིའི་མཇུག་བྱང་དུ་གསུངས་སོ།  །

2 བརྗོད་དོན་མདོར་བསྡུས།

འདིའི་གཞུང་ཚད་ལ་ལེའུ་ལྔ་ཡོད་དེ། མཆོད་རྟེན་འདི་ཇི་ལྟར་བཞེངས་པ་དང་རབ་གནས་མཛད་པར་ལེའུ་དང་པོ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་ལུང་བསྟན་ནས་སྨོན་ལམ་བཏབ་ཅིང་གྲུབ་པ་ལེའུ་གཉིས་པ། བསྐོར་བ་དང་མཆོད་པ་བྱས་པའི་ཕན་ཡོན་བསྟན་པ་ལེའུ་གསུམ་པ། ཚེ་ཚད་ལྔ་བཅུ་ཁ་རལ་གྱི་ཡང་མཐིལ་སྙིགས་མའི་དུས་སུ། ཞིག་རལ་བྱུང་བ་ལས་ཞིག་གསོ་དགོས་པའི་རྟགས་དང་དུས་ཚོད་བསྟན་པ་ལེའུ་བཞི་བ། ཞིག་གསོ་བྱེད་པའི་གང་ཟག་དང་ཕན་ཡོན་བསྟན་པ་ལེའུ་ལྔ་བ་དང་བཅས་པ་ཡིན་ལ། འདིར་འཁོད་པ་ནི་ལེའུ་དང་བོ་ཡིན།