རྗེ་འཇམ་དབྱངས་བསྟན་པའི་ཉི་མའི་རང་རྣམ།སྔ་མའི་པར་གཞི་དེ ཚེ་དོན།577  ནས 2018-11-19 10:24ལ་འགྲུབ།

རྗེ་འཇམ་དབྱངས་བསྟན་པའི་ཉི་མའི་རང་རྣམ།

རྒྱ་ནག་པ་འཇམ་དབྱངས་བསྟན་པའི་ཉི་མས་མཛད་པའི་རང་གི་རྣམ་ཐར་འདི་རུ། དང་བོ་ཐོས་པ་མང་དུ་བཙལ་ཚུལ། བར་དུ་དེའི་བརྗོད་དོན་ཡང་ཡང་བསམ་ཚུལ། ཐ་མར་ཉམས་སུ་བླངས་ཚུལ་སོགས་རྣམ་ཐར་གྱི་འགངས་རྣམས་ནི་དངོས་ཤུགས་ཅི་རིགས་ནས་བསྟན་པ་ཡོད།
གཞི་རྩའི་གནས་ཚུལ།

མཛད་པ་པོ།
རྒྱ་ནག་པ་འཇམ་དབྱངས་བསྟན་པའི་ཉི་མ།
འཁྲུངས་འདས་ཀྱི་ལོ་ཚིགས།
སྤྱི་ལོ(1686-1738)ལོར།
1 མཛད་པ་པོ།

རྒྱ་ནག་པ་འཇམ་དབྱངས་བསྟན་པའི་ཉི་མ་མཆོག་ནི། རབ་བྱུང་བཅུ་གཅིག་པའི་མེ་སྟག་སྟེ་སྤྱི་ལོ1686ལོར་ཧོར་གྱི་ཡུལ་དུ་འཁྲུངས། ཀུན་མཁྱེན་འཇམ་དབྱངས་བཞད་པ་སོགས་བླ་མར་བསྟེན། དགུང་ལོ་ཉེར་ལྔའི་བར་གཞུང་བཀའ་པོད་ལྔ་ལ་མཁས་པར་སྦྱངས། སྐུ་ཚེ་སྨད་དུ་རྒྱ་ནག་རི་བོ་རྩེ་ལྔར་བཞུགས་པས་རྒྱ་ནག་པ་ཞེས་གསོལ། བསྟན་བཅོས་པོད་གཉིས་བཞུགས། དགུང་ལོ་ང་གསུམ་པ་རབ་བྱུང་བཅུ་གཉིས་པའི་ས་རྟ་སྟེ་སྤྱི་ལོ1738ལོར་སྐུ་གཤེགས།

2 བརྗོད་དོན་མདོར་བསྡུས།

རྒྱ་ནག་པ་འཇམ་དབྱངས་བསྟན་པའི་ཉི་མའི་རང་རྣམ་འདི་ལས། དང་བོ་ཐོས་པ་མང་དུ་བཙལ་ཚུལ། བར་དུ་དེའི་བརྗོད་དོན་ཡང་ཡང་བསམ་ཚུལ། ཐ་མར་ཉམས་སུ་བླངས་ཚུལ་སོགས་རྣམ་ཐར་གྱི་འགངས་རྣམས་ནི་དངོས་ཤུགས་ཅི་རིགས་ནས་བསྟན་པ་དང་། དེ་དོན་དངོས་གཞིར་བབ་ན་ཉིད་ཀྱི་ཞལ་ནས། དེ་ལྟར་ཚེ་སྟོད་བོད་ཡུལ་ཆོས་གྲྭ་འགྲིམས། ། དེ་ནས་ཤི་གསོན་སོག་ཡུལ་གྲོང་ཆོག་འགྲིམས། ། ད་ལྟ་ཞིང་མཆོག་རྩེ་ལྔའི་གནས་ཆེན་འགྲིམས། ། གར་འགྲོ་འདི་འགྲོ་མེད་པའི་རྣམ་ཐར་ཡིན། ། ཞེས་ཁེངས་བསྐྱུང་བའི་རྣམ་པས་གསུངས་པའི་ཚིགས་བཅད་འདིར་མ་འདུས་མེད་དེ། རང་རྣམ་འདི་སྒྲོ་སྐུར་སྤངས་ཏེ་རྒྱས་བསྡུས་འཚམ་པར་བཀོད་ཡོད། 

3 སྒྱུ་རྩལ་གྱི་ཁྱད་ཆོ། 

ཚིག་ཟོར་ཡང་ལ་འཛིན་བདེ་ཞིང་ཡིད་དུ་འཐད་པ། དོན་གྱི་གནད་རྣམས་དངོས་ཤུགས་གང་རུང་ནས་བསྟན་པས་བློ་ཆེན་རྣམས་ལ་ཟབ་རྒྱ་ཆེ་ཞིང་བློ་ཆུང་རྣམས་ཀྱིས་གོ་བདེ་བ་སོགས་དགེ་མཚན་དུ་མ་དང་ལྡན་ནོ། །