དབུགས་མི་བདེ་བ།སྔ་མའི་པར་གཞི་དེ གདུགས་དཀར་རྒྱལ།  ནས 2018-09-27 17:21ལ་འགྲུབ།

དབུགས་མི་བདེ་བ།

དབུགས་མི་བདེ་བ།
དབུགས་རྒྱུ་བའི་ལམ་ཨོལ་ཀྲོང་དང་གློ་ཡུ་གློ་སྦུབས་བཅས་སུ་ལུད་པ་དང་བད་ཀན་བེ་སྣབས་འཕེལ་བའི་རྐྱེན་སོགས་ལས་དབུགས་ཕྱི་ལ་འབྱིན་པ་དང་། ནང་དུ་རྔུབ་པ་རྣམ་རྒྱུན་རྩོལ་མེད་དུ་གྲུབ་པའི་བྱ་བར་འགོག་རྐྱེན་འཕྲད་པ་ལས་མི་བདེ་བའི་ཚོར་སྣང་ཆེ་ཆུང་ཡོད་པའི་གནས་སྐབས་ཤིག་ལ་ཟེར།
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
དབུགས་མི་བདེ་བ།
རྒྱ་ཡིག་གི་མིང་།
气管炎
ཕྱི་ཡིག་གི་མིང་།
tracheitis
ནད་ཕོག་པའི་ལོ་ཚད།
ལོ40ཡན།
1 གོ་དོན།

དབུགས་རྒྱུ་བའི་ལམ་ཨོལ་ཀྲོང་དང་གློ་ཡུ་གློ་སྦུབས་བཅས་སུ་ལུད་པ་དང་བད་ཀན་བེ་སྣབས་འཕེལ་བའི་རྐྱེན་སོགས་ལས་དབུགས་ཕྱི་ལ་འབྱིན་པ་དང་། ནང་དུ་རྔུབ་པ་རྣམ་རྒྱུན་རྩོལ་མེད་དུ་གྲུབ་པའི་བྱ་བར་འགོག་རྐྱེན་འཕྲད་པ་ལས་མི་བདེ་བའི་ཚོར་སྣང་ཆེ་ཆུང་ཡོད་པའི་གནས་སྐབས་ཤིག་ལ་ཟེར། དེ་ནི་དོན་ལྔའི་ཡ་གྱལ་བྱང་ཁོག་སྟོད་ཆའི་གཡས་གཡོན་གཉིས་ལ་གནས་པའི་གློ་བའི་བྱེད་ལས་དབུགས་གཏོང་ལེན་དང་འབྲེལ་བའི་ནད་གཞི་སྤྱིའི་ཐ་སྙད་ཅིག་ཡིན། 

2 རྒྱུ་རྐྱེན། 

བོད་ཀྱི་གསོ་རིག་ལུགས་སུ་ནད་གཞི་འདིའི་རྒྱུ་རྐྱེན་གཙོ་བོ་ཟས་སྐོམ་མ་ཞུ་བ་དེ་ལས་བད་ཀན་བེ་སྣབས་འཕེལ་བ་དང་། གཞན་ཡང་ལུད་པ་འཕེལ་བ་ལས་ཨོལ་ཀྲོང་དང་གློ་ཡུ། དེ་བཞིན་གློ་བའི་རྩ་སྦུབས་བཅས་དབུགས་ཕྱི་ནང་དུ་རྒྱུ་བའི་ལམ་བཀག་པ་ལས་དབུགས་མི་བདེ་བའི་ནད་འབྱུང་བར་གསུངས།

3 ནད་རྟགས། 

1.སྙིང་ཁ་དང་རྩིབ་མ་གཡས་གཡོན་གཉིས་ལ་རྒྱང་ངམ་སྟོད་གཟེར་རྒྱག་པ་དང་། རྔུལ་ཐོན། སྨྲེ་ངག་འདོན་པ།

2.སྐབས་རེ་དབུགས་ཕྱིར་གཏོང་མི་བདེ་པ་དང་། ལན་རེར་དབུགས་ནང་དུ་རྔུབ་མི་བདེ་བ་ཡོད། 

3.དབུགས་རྒོད། དབུགས་གཞའ་བ། དབུགས་དྲག དབུགས་བརྩེགས་པའི་རྣམ་པ་དུ་མ་ཡོད། 

4.ལུད་པ་མང་བ། 

5.མཚན་མོ་ཉལ་བའི་དུས་ནད་གཞི་ཇེ་སྡུག་ཏུ་འགྲོ་བ།

6.སྐད་དམའ་བ། གྲེ་བ་འཛེར་བ། མགུལ་སྐམ།

7.ལྟོ་བ་སྦོ་བ་དང་། ཡི་ག་མེད་པ། ཁ་སྐམ་པ། མུན་པ་འཐིབ་པའི་སྣང་བ་བྱུང་བ། མཆི་མས་ཁེངས། མིག་འཁྲུལ་པ།

8.གློ་ལུ་རྒྱག་པ། 

9.དབུགས་ཐུང་བ་དང་། སྙིང་ཁ་གཟེར་བ། སྙིང་གནོན་པའི་ཚོར་བ་ཡོད་པ་བཅས་ཡིན། 

4 སྔོན་འགོག།

1.ཤིང་ཏོག་གི་རིགས་མང་དུ་ཟ་བ།

2.སྔོ་ཚོད་ཀྱི་རིགས་མང་དུ་ཟ་བ།

3.རྩམ་པ་སོགས་རྒྱུན་སྤྱོད་ཀྱི་ཟས་རིགས་སྟེན་པ།

4.ཆུ་ཁོལ་མང་དུ་འཐུང་བ། 

5.དར་བ་གསར་བ་འོས་འཚམ་སྟེན་པ་བཅས་སོ།།

5 བཅོས་ཐབས། 

བོད་ཀྱི་གསོ་བ་རིག་པའི་ལུགས་སུ་ནད་གཞི་བཅོས་ཐབས་ལ་གཉེན་པོ་ཟས་སྤྱོད་སྨན་དཔྱད་བཞི་གྲངས་ངེས་པ་ཡིན། འོན་ཀྱང་ནད་གཞི་ངོ་བོའི་སྒོ་ནས་ལྕི་ཡང་དང་དུས་ཀྱི་གསར་རྙིང་སོགས་ཀྱི་ཁྱད་པར་ཡོད་པས་བཅོས་ཐབས་སྐབས་ནད་གཞི་སྟོབས་ཆེ་བ་རྣམས་ལ་ངེས་པར་དུ་གཉེན་པོ་བཞི་ཀའི་དཔུང་བསྒྲིགས་ཏེ་འཐབ་དགོས་པ་ཡིན། འོན་ཀྱང་ཟས་སྤྱོད་གཉིས་ནི་ནད་གཞི་ཚང་མའི་བཅོས་ཐབས་སུ་མེད་ཐབས་མེད་པ་ཞིག་ཡིན།