གཞང་འབྲུམ་ནད།སྔ་མའི་པར་གཞི་དེ གདུགས་དཀར་རྒྱལ།  ནས 2018-09-27 17:20ལ་འགྲུབ།

གཞང་འབྲུམ་ནད།

གཞང་འབྲུམ་ནད།
གཞང་གི་ཁ་དང་ནང་ངོས་སུ་འབྲུམ་པ་ཆེ་ཆུང་དང་དབྱིབས་སྣ་ཚོགས་པ་སྐྱེས་ཤིང་། བཤང་བ་ཐུར་དུ་འབབ་པར་འགེགས་བྱེད་པའི་ནད་ཅིག་ལ་གཞང་འབྲུམ་ཞེས་བྱའོ།།
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
གཞང་འབྲུམ་ནད།
རྒྱ་ཡིག་གི་མིང་།
肛瘘
ཕྱི་ཡིག་གི་མིང་།
anal fistula
ནད་ཕོག་པའི་ལོ་ཚད།
ལོ20ནས40བར།
1 གོ་དོན།

གཞང་གི་ཁ་དང་ནང་ངོས་སུ་འབྲུམ་པ་ཆེ་ཆུང་དང་དབྱིབས་སྣ་ཚོགས་པ་སྐྱེས་ཤིང་། བཤང་བ་ཐུར་དུ་འབབ་པར་འགེགས་བྱེད་པའི་ནད་ཅིག་ལ་གཞང་འབྲུམ་ཞེས་བྱའོ།།

2 ནད་ཀྱི་གནས། 

ལོང་གའམ་རྒྱུ་མ་ཆེ་བ་རྫོགས་མཚམས་ནས་ཐུར་དུ་གཞང་ཁའི་བར་ཡིན་ཞིང་དེའི་མིང་ལ་མཉེ་མ་ཞེས་ཟེར། མཉེ་མའི་ཁའམ་གཉེར་སུལ་གྱིས་བརྒྱན་པའི་གོར་གོར་དེ་ལ་གཞང་ཁ་ཞེས་བརྗོད། མཉེ་མའི་ནང་དང་གཞང་གི་ཁ་ངོས་བཅས་ནི་འབྲུམ་པ་སྐྱེས་སའི་གནས་ཡིན།

3 ​རྒྱུ་རྐྱེན།

1.ཕོ་བའི་མེ་དྲོད་ཉམས་པ། 

2.གྲོད་པ་བཤལ་དྲགས་པ།

3.རྒྱུན་དུ་བཤང་འགག་ནད་ལྡན་པ། 

4.རང་གི་ཕ་མས་གཞང་འབྲུམ་སྐྱེས་པའི་ཟས་དང་སྐོམ་སྟེན་པ།

5.རྒྱུན་དུ་ཤ་ཡི་ཟས་སྟེན་པ་མང་དྲགས་པ། 

6.བཤང་གཅུན་ཕྱེན་གསུམ་ཤུགས་ཀྱིས་བཀག་པ།

7.ལུས་ཤ་རྒྱགས་དྲགས་པ། 

8.གདན་སྲབ་མོའི་སྟེང་དུ་སྡོད་དྲགས་པ། 

9.རྟ་སོགས་ལ་ཡུན་རིང་བཞོན་ནས་བསྐྱོད་པ། 

10.འཁྲིག་པ་སྤྱོད་པ་མང་དྲགས་པ། 

11.སེམས་ལས་ཆེས་པ། 

12.རྒྱུན་དུ་ལུས་ལ་རྩོལ་བཅག་ཉུང་དྲགས་པ།

13.ཆང་རག་འཐུང་དྲགས་པ། 

4 དབྱེ་བ།

1.ཁྲག་མི་འཛག་ཅིང་སྐམ་པོར་གནས་པས་གཞང་འབྲུམ་སྐམ་པ། འདི་ནི་རླུང་དང་བད་ཀན་གཉིས་ལས་བྱུང་བ་ཡིན།

2.ཁྲག་འཛག་ཅིང་རླན་པར་གནས་པས་གཞང་འབྲུམ་བཤེར་བ། འདི་ནི་ཁྲག་དང་མཁྲིས་པ་གཉིས་ལས་བྱུང་བ་ཡིན། སྤྱིར་དབྱེ་བ་དྲུག་ཏུ་གསུངས་ཀྱང་གཉིས་སུ་བཞག་པ་ནི་མདོར་བསྡུས་ཀྱི་དབྱ་བ་ཡིན། 

5 ནད་རྟགས།

1.གཞང་འབྲུམ་སྐམ་པ་ཞེས་པའི་རྟགས་ནི། རྒྱུན་དུ་མཉེ་མ་དང་གཞང་ཁ་རུ་ཟུག་ལྡང་བ། ཚ་འཁྱུག་ཡང་ཡང་ལྡང་བ། བཤང་བ་གཏོང་བའི་སྐབས་སུ་ལྷག་པར་དུ་ཟུག་ལྡང་བ་བཅས་སོ།།

2.གཞང་འབྲུམ་བཤེར་བ་ཞེས་པའི་རྟགས་ནི། རྒྱུན་དུ་མཉེ་མ་དང་གཞང་ཁ་རུ་ཟུག་ལྡང་བ། ཚ་འཁྱུག་ཡང་ཡང་ལྡང་བ། བཤང་བ་གཏོང་བའི་ཟུག་མི་བཟོད་པ་ལྡང་བ། བཤང་བ་དང་མཉམ་དུ་ཁྲག་ཀྱང་འཛག་པ། གཞང་ཁ་ནས་ཆུ་སེར་ལྟ་བུ་ཞིག་ཡང་ཡང་འདོན་པ། གཞང་ཁ་ཅུང་ཟད་སྦོས་པ། སྐབས་རེར་གཞང་གི་སྦུབས་སུ་འབུ་སྲིན་འགུལ་སྐྱོད་བྱེད་པ་ལྟ་བུའི་ཟ་འཕྲུག་ལངས་པ་བཅས་འོང་ངོ་།།

6 སྔོན་འགོག

1.ཕོ་བའི་མེ་དྲོད་སྲུང་བ།

2.བཤང་བ་སྐམ་པོར་མི་འབབ་པའི་ཐབས་སྟེན་པ། 

3.གྲོད་ཁོག་ཡང་ཡང་མི་བཤལ་བའི་ཐབས་སྟེན་པ།

4.བུད་མེད་ཚོས་ཟླ་མཚན་ལེགས་པར་འབབ་པའི་ཐབས་སྟེན་པ། 

5.སྦྲུམ་མའི་དུས་སུ་ཐུར་སེལ་རླུང་སོགས་མི་འཁྲུག་པའི་ཐབས་སྟེན་པ་བཅས་སོ།།

7 གསོ་ཐབས།

1.ཤིང་ཏོག་གི་རིགས་མང་དུ་ཟ་བ།

2.སྔོ་ཚོད་ཀྱི་རིགས་མང་དུ་ཟ་བ།

3.རྩམ་པ་སོགས་རྒྱུན་སྤྱོད་ཀྱི་ཟས་རིགས་སྟེན་པ།

4.བུར་ཤིང་ལས་བྱུང་བའི་ཁུ་བ་སྟེན་པ། 

5.ཆུ་ཁོལ་མང་དུ་འཐུང་བ། 

6.དར་བ་གསར་རྙིང་གང་རུང་འོས་འཚམ་སྟེན་པ་བཅས་སོ།