པཱ་ཐུར།སྔ་མའི་པར་གཞི་དེ གདུགས་དཀར་རྒྱལ།  ནས 2018-09-14 17:50ལ་འགྲུབ།

པཱ་ཐུར།

པཱ་ཐུར།
བཱ་ཐུར། ཕོ། སོག་རིགས། སྤྱི་ལོ1955ལོའི་ཟླ2པར་སྐྱེས། ལིའོ་ཉིང་ཁང་ཕིང་གི་མི་ཡིན། སྤྱི་ལོ1973ལོའི་ཟླ1པོར་བྱ་བར་ཞུགས། སྤྱི་ལོ1981ལོའི་ཟླ12པར་ཀྲུང་གོ་གུང་ཁྲན་ཏང་ནང་དུ་ཞུགས། ཀྲུང་དབྱང་ཏང་གི་སློབ་གྲྭའི་ཞིབ་འཇུག་སློབ་མའི་སློབ་གཉེར་རྒྱུད་རིམ་དང་། དཔལ་འབྱོར་རིག་པའི་རབ་འབྱམས་པའི་བསླབ་གནས་ལྡན།
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
བཱ་ཐུར།
རྒྱ་ཡིག་གི་མིང་།
巴特尔
མི་རིགས།
སོག་རིགས།
རྒྱལ་ཁབ།
ཀྲུང་གོ
ཕ་ཡུལ།
ལིའོ་ཉིང་ཁང་ཕིང་།
སྐྱེས་ལོ།
སྤྱི་ལོ1955ལོའི་ཟླ2པ།
མཐར་ཕྱིན་སློབ་གྲྭ
ཀྲུང་དབྱང་ཏང་གི་སློབ་གྲྭ
1 ངོ་སྤྲོད། 

བཱ་ཐུར།  ཕོ། སོག་རིགས། སྤྱི་ལོ1955ལོའི་ཟླ2པར་སྐྱེས། ལིའོ་ཉིང་ཁང་ཕིང་གི་མི་ཡིན། སྤྱི་ལོ1973ལོའི་ཟླ1པོར་བྱ་བར་ཞུགས། སྤྱི་ལོ1981ལོའི་ཟླ12པར་ཀྲུང་གོ་གུང་ཁྲན་ཏང་ནང་དུ་ཞུགས། ཀྲུང་དབྱང་ཏང་གི་སློབ་གྲྭའི་ཞིབ་འཇུག་སློབ་མའི་སློབ་གཉེར་རྒྱུད་རིམ་དང་། དཔལ་འབྱོར་རིག་པའི་རབ་འབྱམས་པའི་བསླབ་གནས་ལྡན།

ད་ལྟ་ཀྲུང་དབྱང་སྐབས་བཅུ་དགུ་བའི་ཀྲུང་དབྱང་ཨུ་ཡོན་དང་། སྐབས་བཅུ་གསུམ་པའི་རྒྱལ་ཡོངས་སྲིད་གྲོས་ཀྲུའུ་ཞི་གཞོན་པ། རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན། ཏང་ཙུའུ་ཧྲུའུ་ཅི། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་གཞོན་པ་བཅས་ཡིན།

2 བྱ་བའི་བརྒྱུད་རིམ།

སྤྱི་ལོ1973ལོ་ནས་སྤྱི་ལོ1978ལོའི་བར། ནང་སོག་རང་སྐྱོང་ལྗོངས་ཨུ་ཝན་ཁུ་ཆི་ཝུའུ་ལན་མུའུ་ཆི་རུ་བྱ་བ་གཉེར།

སྤྱི་ལོ1978ལོ་ནས་སྤྱི་ལོ1980ལོའི་བར། ནང་སོག་རང་སྐྱོང་ལྗོངས་ཧའེ་ལཱ་ཨར་སོག་རིགས་དགེ་འོས་སློབ་གྲྭའི་སོག་ཡིག་ཆེད་སྦྱོང་འཛིན་གྲྭ་ནས་སློབ་སྦྱོང་བྱས།

སྤྱི་ལོ1980ལོ་ནས་སྤྱི་ལོ1983ལོའི་བར། ནང་སོག་རང་སྐྱོང་ལྗོངས་ཧུའུ་ལུན་པའེ་ཨར་མིན་ཏང་གི་སློབ་གྲྭའི་དགེ་རྒན་བྱས།

སྤྱི་ལོ1983ལོ་ནས་སྤྱི་ལོ1984ལོའི་བར། གུང་གཞོན་ཚོགས་པ་ནང་སོག་རང་སྐྱོང་ལྗོངས་ཧུའུ་ལུན་པའེ་ཨར་མིན་ཨུ་ཡོན་ཧྲུའུ་ཅིའི་འགན་ཁུར།

སྤྱི་ལོ1984ལོ་ནས་སྤྱི་ལོ1986ལོའི་བར། གུང་གཞོན་ཚོགས་པ་ནང་སོག་རང་སྐྱོང་ལྗོངས་ཨུའི་ཧྲུའུ་ཅི་གཞོན་པའི་འགན་ཁུར།

སྤྱི་ལོ1986ལོ་ནས་སྤྱི་ལོ1992ལོའི་བར། གུང་གཞོན་ཚོགས་པ་ནང་སོག་རང་སྐྱོང་ལྗོངས་ཨུའི་ཧྲུའུ་ཅིའི་འགན་ཁུར།

སྤྱི་ལོ1992ལོ་ནས་སྤྱི་ལོ1994ལོའི་བར། ནང་སོག་རང་སྐྱོང་ལྗོངས་ཝུའུ་ཧའེ་གྲོང་ཨུའི་ཧྲུའུ་ཅི་གཞོན་པའི་འགན་ཁུར། (ཐེན་རིམ་པ)

སྤྱི་ལོ1994ལོ་ནས་སྤྱི་ལོ1998ལོའི་བར། ནང་སོག་རང་སྐྱོང་ལྗོངས་ཝུའུ་ཧའེ་གྲོང་ཨུའི་ཧྲུའུ་ཅི་དང་། གྲོང་ཁྱེར་མགོ་གཙོའི་འགན་ཁུར།

སྤྱི་ལོ1998ལོ་ནས་སྤྱི་ལོ1999ལོའི་བར། ནང་སོག་རང་སྐྱོང་ལྗོངས་ཝུའུ་ཧའེ་གྲོང་ཨུའི་ཧྲུའུ་ཅིའི་འགན་ཁུར།

སྤྱི་ལོ1999ལོ་ནས་སྤྱི་ལོ1999ལོའི་བར། ནང་སོག་རང་སྐྱོང་ལྗོངས་ཝུའུ་ཧའེ་གྲོང་ཨུའི་ཧྲུའུ་ཅི་དང་། གྲོང་ཁྱེར་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་གྱི་འགན་ཁུར།

སྤྱི་ལོ1999ལོ་ནས་སྤྱི་ལོ2001ལོའི་བར། ནང་སོག་རང་སྐྱོང་ལྗོངས་ཏང་ཨུའི་རྒྱུན་ཨུ་དང་། སྡོད་ཁུལ་སྒྲིག་ཨུའི་ཧྲུའུ་ཅིའི་འགན་ཁུར།

སྤྱི་ལོ2001ལོ་ནས་སྤྱི་ལོ2008ལོའི་བར། ནང་སོག་རང་སྐྱོང་ལྗོངས་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་། སྡོད་ཁུལ་སྒྲིག་ཨུའི་ཧྲུའུ་ཅིའི་འགན་ཁུར།

སྤྱི་ལོ2008ལོ་ནས་སྤྱི་ལོ2009ལོའི་བར། ནང་སོག་རང་སྐྱོང་ལྗོངས་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་། སྡོད་ཁུལ་སྲིད་གཞུང་གི་ཀྲུའུ་ཞི་ཚབ་མའི་འགན་ཁུར།

སྤྱི་ལོ2009ལོ་ནས་སྤྱི་ལོ2016ལོའི་བར། ནང་སོག་རང་སྐྱོང་ལྗོངས་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་། སྡོད་ཁུལ་སྲིད་གཞུང་གི་ཀྲུའུ་ཞིའི་འགན་ཁུར།

སྤྱི་ལོ2016ལོ་ནས་སྤྱི་ལོ2018ལོའི་བར། རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་དང་། ཏང་ཙུའུ་ཧྲུའུ་ཅི། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་གཞོན་པའི་འགན་ཁུར།

སྤྱི་ལོ2018ལོ་ནས་ད་ལྟའི་བར། སྐབས་བཅུ་གསུམ་པའི་རྒྱལ་ཡོངསའ་སྲིད་གྲོས་ཀྲུའུ་ཞི་གཞོན་པ་དང་། རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་དང་། ཏང་ཙུའུ་ཧྲུའུ་ཅི། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་གཞོན་པ་བཅས་ཀྱི་འགན་ཁུར།

ཀྲུང་གུང་སྐབས་བཅོ་ལྔ་བའི་ཀྲུང་དབྱང་རྗེས་གྲབས་ཅུ་ཡོན་དང་། སྐབས་བཅོ་བརྒྱད་པ། སྐབས་བཅུ་དགུ་བའི་ཀྲུང་དབྱང་ཨུ་ཡོན། ཀྲུང་གུང་སྐབས་བཅུ་དྲུག་པ་དང་བཅུ་བདུན་པའི་ཀྲུང་དབྱང་སྒྲིག་ཨུའི་ཨུ་ཡོན། སྐབས་བཅུ་གསུམ་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་བཅས་ཡིན།

དཔྱད་གཞིའི་ཡིག་ཆ།