ཀུའུ་ཁུན།སྔ་མའི་པར་གཞི་དེ རྒྱ་ལོ་རྟ་མགྲིན་ཚེ་བརྟན།  ནས 2018-09-14 18:11ལ་འགྲུབ།

ཀུའུ་ཁུན།

ཀུའུ་ཁུན།
སྤྱི་ལོ1968ལོའི་ཟླ2པར་ཡུན་ནན་ཞིང་ཆེན་ཧེའུ་ཙུག་རྫོང་དུ་སྐྱེས། ལྷོ་ནུབ་སྲིད་ཁྲིམས་སློབ་གྲྭ་ནས་ཡིག་སྤྲིངས་ཁྲིམས་ལུགས་ཆེད་ལས་ནས་མཐར་ཕྱིན། སྤྱི་ལོ1987ལོའི་ཟླ12པར་བྱ་བར་ཞུགས་ཤིང་སྤྱི་ལོ1991ལོའི་ཟླ7པར་ཏང་ནང་དུ་ཞུགས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
顾琨
མི་རིགས།
རྒྱ་རིགས།
སྐྱེས་ཡུལ།
ཡུན་ནན་ཞིང་ཆེན་ཧེའུ་ཙུག་རྫོང་།
སྐྱེས་ལོ།
སྤྱི་ལོ1968ལོའི་ཟླ2པ།
1 ངོ་སྤྲོད་མདོར་བསྡུས།

སྤྱི་ལོ1968ལོའི་ཟླ2པར་ཡུན་ནན་ཞིང་ཆེན་ཧེའུ་ཙུག་རྫོང་དུ་སྐྱེས། ལྷོ་ནུབ་སྲིད་ཁྲིམས་སློབ་གྲྭ་ནས་ཡིག་སྤྲིངས་ཁྲིམས་ལུགས་ཆེད་ལས་ནས་མཐར་ཕྱིན།  སྤྱི་ལོ1987ལོའི་ཟླ12པར་བྱ་བར་ཞུགས་ཤིང་སྤྱི་ལོ1991ལོའི་ཟླ7པར་ཏང་ནང་དུ་ཞུགས།

ད་ལྟ་ཡུན་ནན་ཞིང་ཆེན་བདེ་ཆེན་ཁུལ་ཨུའི་ཧྲུའུ་ཅི་དང་ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གྱི་འགན་བཞེས་ཡོད།

2 བྱ་བའི་བརྒྱུད་རིམ།

སྤྱི་ལོ1987ལོའི་ཟླ12པ་ནས་སྤྱི་ལོ1994ལོའི་ཟླ4བའི་བར་དུ་ཡུན་ནན་ཞིང་ཆེན་ཧེའུ་ཙུག་རྫོང་མི་དམངས་ཁྲིམས་ཁང་དུ་བྱ་བ་གཉེར།

སྤྱི་ལོ1994ལོའི་ཟླ10པ་ནས་སྤྱི་ལོ1995ལོའི་ཟླ10པའི་བར་དུ་ ཡུན་ནན་ཞིང་ཆེན་ཧེའུ་ཙུག་རྫོང་དའེ་པུ་གྲོང་རྡལ་ཏང་ཨུའི་ཧྲུའུ་ཅིའི་འགན་བཞེས།

སྤྱི་ལོ1995ལོའི་ཟླ10པ་ནས་སྤྱི་ལོ1998ལོའི་ཟླ10པའི་བར་དུ་ཡུན་ནན་ཞིང་ཆེན་ཧེའུ་ཙུག་རྫོང་ཅཱ་ཁྲུ་ཞང་ཏང་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པའི་འགན་བཞེས།

སྤྱི་ལོ1998ལོའི་ཟླ10པ་ནས་སྤྱི་ལོ2001ལོའི་ཟླ7པའི་བར་དུ་ཡུན་ནན་ཞིང་ཆེན་ཧེའུ་ཙུག་རྫོང་ནཱ་གའོ་གྲོང་རྡལ་ཏང་ཨུའི་ཧྲུའུ་ཅིའི་འགན་བཞེས།

སྤྱི་ལོ2001ལོའི་ཟླ8པ་ནས་སྤྱི་ལོ2002ལོའི་ཟླ5པའི་བར་དུ་ཡུན་ནན་ཞིང་ཆེན་ཧེའུ་ཙུག་རྫོང་ཨུའི་རྒྱུན་ལས་ཨུ་ཡོན་དང་རྫོང་ཨུའི་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་གྱི་འགན་བཞེས།

སྤྱི་ལོ2002ལོའི་ཟླ6པ་ནས་སྤྱི་ལོ2013ལོའི་ཟླ7པའི་བར་དུ། སྔ་གཞུག་ཏུ་ཡུན་ནན་ཞིང་ཆེན་ཧེའུ་ཙུག་རྫོང་ཨུའི་ཧྲུའུ་ཅི་གཞོན་པ་དང་ཆེའུ་ཅིན་ཧྲི་ཨུའི་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་དང་ཆེའུ་ཅིན་ཧྲི་ཨུའི་རྩ་འཛུགས་པུའི་པུའུ་ཀྲང་གཞོན་པ(ཁྲུའུ་རིམ་པ)དང་ཧྥུ་ཡུན་རྫོང་ཨུའི་ཧྲུའུ་ཅི་གཞོན་པ་དང་རྫོང་དཔོན། རྫོང་ཨུའི་ཧྲུའུ་ཅི་སོགས་ཀྱི་འགན་བཞེས།

སྤྱི་ལོ2013ལོའི་ཟླ8པ་ནས་སྤྱི་ལོ2015ལོའི་ཟླ9པའི་བར་དུ་ཡུན་ནན་ཞིང་ཆེན་ཆེའུ་ཅིན་ཧྲི་ཨུའི་རྒྱུན་ལས་ཨུ་ཡོན་དང་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་གི་འགན་བཞེས།

སྤྱི་ལོ2015ལོའི་ཟླ10པ་ནས་སྤྱི་ལོ2016ལོའི་ཟླ4པའི་བར་དུ་ཡུན་ནན་ཞིང་ཆེན་བདེ་ཆེན་ཁུལ་ཨུའི་ཧྲུའུ་ཅི་གཞོན་པའི་འགན་བཞེས།

སྤྱི་ལོ2016ལོའི་ཟླ4པ་ནས་སྤྱི་ལོ2017ལོའི་ཟླ3པའི་བར་དུ་ཡུན་ནན་ཞིང་ཆེན་བདེ་ཆེན་ཁུལ་ཨུའི་ཧྲུའུ་ཅིའི་འགན་བཞེས།

སྤྱི་ལོ2017ལོའི་ཟླ3པ་ནས་ཡུན་ནན་ཞིང་ཆེན་བདེ་ཆེན་ཁུལ་ཨུའི་ཧྲུའུ་ཅི་དང་ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གྱི་འགན་བཞེས།

ཀྲུང་གུང་ཡུན་ནན་ཞིང་ཆེན་གྱི་སྐབས་བཅུ་བའི་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་ཏང་གི་ཚོགས་ཆེན་བཅུ་དགུ་བའི་འཐུས་མི།


དཔྱད་གཞིའི་ཡིག་ཆ།