4Gནི་སྤོ་འགུལ་འཕྲིན་སྐྱེལ་རབས་བཞི་བ་དང་དེའི་ལག་རྩལ(4G)ཀྱི་བསྡུས་མིང་ཡིན། དེ་ནི3GདངWLANགཉིས་གཞི་གཅིག་ཏུ་འདུས་ཡོད་པ་ཞིག་ཡིན་ལ། དེས་སྤུས་ཚད་མཐོ་བའི་བརྙན་རིས་དང་པར་རིས་བརྒྱུད་གཏོང་བྱེད་ཐུབ་པ་མ་ཟད། པར་རིས་བརྒྱུད་བསྐུར་གྱི་སྤུས་ཚད་ནི་དྭངས་གསལ་བརྙན་འཕྲུལ་གྱི་སྤུས་ཚད་དང་ཕལ་ཆེར་གཅིག་མཐུན་ཡིན་པའི་ཐོན་རྫས་ཤིག་ཡིན། 4Gལག་རྩལ་ལ་གཤམ་གསལ་གྱི་ཆ་རྐྱེན་འདི་དག་འཛོམས་དགོས་སྟེ།
འཇགས་རྣམ་བརྒྱུད་གཏོང་གི་འགྲོས་ཕྱོད་ནི1Gbpsལ་སླེབས་དགོས། སྤྱོད་མཁན་གྱིས་མགྱོགས་མྱུར་སྒུལ་བདེའི་གནས་ཚུལ་ནི100Mbpsལ་སླེབས་དགོས། 4Gལག་ཁྱེར་ལ་བརྟེན་ནས100Mbpsཅན་གྱི་མྱུར་ཚད་ཕབ་ལེན་བྱེད་ཐུབ། ཁ་པར་བཏང་ནས་དྲ་འཇུག་བྱེད་པའི་མྱུར་ཚད་དང་བསྡུར་ན་ལྡབ2000ལས་མགྱོགས། ཡར་སྤྲོད་བྱེད་པའི་མྱུར་ཚད་ཀྱང20Mbpsསླེབས་ཐུབ་པ་མ་ཟད། ཁ་པར་བེད་སྤྱོད་བྱེད་གཏོང་མཁན་གྱི་སྐུ་མེད་དྲ་བའི་ཞབས་ཞུའི་རེ་འདུན་བསྐུང་ཐུབ། གཞན་ཡང་། 4GནིDSLདང་སྐུ་ཡོད་བརྙན་འཕྲིན་སོགས་སྙོམ་སྒྲིག་སྒྲིག་ཆོས་བཀོལ་མི་ཐུབ་པའི་ས་ཁུལ་གཞན་དུ་བཀོད་སྤྱོད་བྱས་ཆོགཔ་མ་ཟད། ས་ཁུལ་ཧྲིལ་བོར་ཁྱབ་སྤེལ་བྱས་ཆོག་པ། 4Gལག་ཁྱེར་དེར་གཞན་གྱིས་འགྲན་མེད་ཀྱི་དགེ་མཚན་མང་པོ་ལྡན་ཡོད་པ་རེད། 4Gལག་ཁྱེར་ཁ་པར་གྱི་ལག་རྩལ་སྐོར་ནས། ཆེད་མཁས་པ་དག་གིས་བསམ་ཚུལ་ལྟར་ན། 4Gལག་ཁྱེར་ནི་དུས་རབས་གསར་བའི་སྤོ་འགུལ་འཕྲིན་གཏོང་གི་ལག་རྩལ་གལ་ཆེན་ཞིག་ཡིན་ལ། ལག་རྩལ་རིམ་འགྱུར་གྱི་འཕེལ་ཕྱོགས་གཙོ་བོ་ཡིན། མ་འོངས་པར3Gལག་རྩལ་གྱི་ཚབ་བྱེད་གཙོ་བོའང་ཡིན། 4Gལག་ཁྱེར་ནི 2Gལག་རྩལ་དང་། 3Gལག་རྩལ་དང་བསྡུར་ནས་བཤད་ན། དེའི་མངོན་གསལ་དོད་ཤོས་ཀྱི་ཁྱད་ཆོས་ནི་གཞན་ལས་མྱུར་ཚད་མགྱོགས་པ་དེའོ། །4Gལག་ཁྱེར་ལ་མྱུར་བགྲོད་གཞི་གྲངས་འཕྲིན་གཏོང་གི་ནུས་པ་ལྡན། རིག་པའི་གཞུང་ལུགས་ཀྱི་གཞི་གྲངས་ཐོག་ནས་བལྟས། 4Gལག་ཁྱེར་ནི་3Gལག་ཁྱེར་དང་བསྡུར་ན་ལྡབ་འགྱུར་གྱི་མྱུར་ཚད་མགྱོགས། 4Gལག་ཁྱེར་གྱིས100-150Mbpsཡི་དྲ་ཆེན་དྲ་རྒྱ་ལ་རྒྱབ་སྐྱོར་བྱེད་ཐུབ། དེ་ནི་ཀྲུང་གོའི་སྤོ་འགུལ་རབས་གསུམ་པའི་སྤོ་འགུལ་འཕྲིན་གཏོང་དྲ་རྒྱTD-SCDMAཡི་ལྡབ35ཡིན་ལ། ཀྲུང་གོའི་འབྲེལ་འཕྲིན་རབས་གསུམ་པའི་སྤོ་འགུལ་འཕྲིན་གཏོང་དྲ་རྒྱWCDJMAཡི་ལྡབ14ཡིན་ནོ། །
སྤྱི་ལོ2013ལོའི་ཟླ12པའི་ཚེས4ཉིན། བཟོ་ལས་ཆ་འཕྲིན་པུའུ་ནས་འཁོར་སྐྱོད་ཚོང་གཉེར་ཁྱབ་བསྒྲགས་ཆེན་པོ་གསུམ་སྟེ། 4Gལག་ཁྱེར་དངོས་སུ་འགྲིམས་སྤེལ་བྱས། ཀྲུང་གོའི་སྤོ་འགུལ་དང་། ཀྲུང་གོའི་གློག་འཕྲིན། ཀྲུང་གོའི་འབྲེལ་འཕྲིན་བཅས་ལTD-LTEAཐོབ།