བྲག་དཀར་རྫོང་བོད་ལུགས་སྨན་ཁང་།སྔ་མའི་པར་གཞི་དེ བསེ་ཆང་རྡོ་རིན།  ནས 2018-08-31 09:54ལ་འགྲུབ།

བྲག་དཀར་རྫོང་བོད་ལུགས་སྨན་ཁང་།

བྲག་དཀར་རྫོང་བོད་ལུགས་སྨན་ཁང་།
བྲག་དཀར་རྫོང་བོད་ལུགས་སྨན་ཁང་གི་སྨན་ལུམས་ཚན་ཁག་ནི་རྒྱལ་ཁབ་ཀྱི་ཡང་དག་པའི་མགོ་ཁྲིད་དང་རོགས་རམ། དེ་བཞིན་དུ་འདི་གའི་སྨན་ཁང་གི་མགོ་གཙོ་རྣམས་ཀྱི་ལྷག་བསམ་དཀར་བའི་འབད་བརྩོན་དང་མིག་རྒྱང་རིང་བའི་བློ་གྲོས་ལ་བརྟེན་ནས་སྤྱི་ལོ2017ལོའི་ཟླ12ནང་དངོས་སུ་དབུ་འབྱེད་ཀྱིས་ནད་པར་ཞབས་ཞུ་སྒྲུབ་པའི་ལས་མགོ་བརྩམས་པ་ཡིན། སྨན་ལུམས་ཐོག་ཁང་འདིའི་སྤྱིའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ4750ཡོད་པ་དང་། སྨན་ལུམས་ཚན་ཁག་འདིར་ཁྱོན་ནད་པ་འདུག་སའི་ཉལ་ཁྲི45དང་། ཆེད་ལས་མི་སྣ25གཞན་ཡང་དེང་རབས་ཀྱི་སྔོན་ཐོན་ཡིན་པའི་ཚ་རླངས་མཁོ་འདོན་འཕྲུལ་ཆས9དང་སྨན་གདུ་སྣོད་ཆས9བཅས་ཡོད།
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
བྲག་དཀར་རྫོང་བོད་ལུགས་སྨན་ཁང་།
རིགས།
སྨན་ཁང་།
1 ངོ་སྤྲོད། 

བྲག་དཀར་རྫོང་བོད་ལུགས་སྨན་ཁང་གི་སྨན་ལུམས་ཚན་ཁག་ནི་རྒྱལ་ཁབ་ཀྱི་ཡང་དག་པའི་མགོ་ཁྲིད་དང་རོགས་རམ། དེ་བཞིན་དུ་འདི་གའི་སྨན་ཁང་གི་མགོ་གཙོ་རྣམས་ཀྱི་ལྷག་བསམ་དཀར་བའི་འབད་བརྩོན་དང་མིག་རྒྱང་རིང་བའི་བློ་གྲོས་ལ་བརྟེན་ནས་སྤྱི་ལོ2017ལོའི་ཟླ12ནང་དངོས་སུ་དབུ་འབྱེད་ཀྱིས་ནད་པར་ཞབས་ཞུ་སྒྲུབ་པའི་ལས་མགོ་བརྩམས་པ་ཡིན། སྨན་ལུམས་ཐོག་ཁང་འདིའི་སྤྱིའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ4750ཡོད་པ་དང་། སྨན་ལུམས་ཚན་ཁག་འདིར་ཁྱོན་ནད་པ་འདུག་སའི་ཉལ་ཁྲི45དང་། ཆེད་ལས་མི་སྣ25གཞན་ཡང་དེང་རབས་ཀྱི་སྔོན་ཐོན་ཡིན་པའི་ཚ་རླངས་མཁོ་འདོན་འཕྲུལ་ཆས9དང་སྨན་གདུ་སྣོད་ཆས9བཅས་ཡོད། 

2 སྨན་ལུམས། 

སྤྱིར་ལུམས་ཞེས་པ་ནི་བརླན་པའི་དོན་ཡིན་ལ། དེས་རྩ་རྒྱུས་གྱོང་པོ་རྣམས་རླན་ཕབ་ཤིང་མཉེན་པར་བྱེད་ནུས་པ་ཡིན། དེ་ལ་ཕར་ཞུགས་པ་ལ་ཆུ་ལུམས་དང་། ལུས་ལ་ཚུར་བཅིངས་པ་ལ་བཅིངས་ལུམས་ཞེས་དབྱེ་བ་འདྲ་མིན་ཡོད། དེ་ཡིས་ལུས་ཀྱི་ཚ་བའི་རླངས་པ་ཆུ་སེར་དུ་འབབ་པ་སྟེ་བ་སྤུར་ཡང་ཡང་འདོན་པ་དང་། རླུང་འདུལ་ཞིང་སྐྲངས་པ་འཇོམས་པ། ཤ་རྒྱས་པར་བྱེད་པ། ནད་གཞི་དང་བསྟུན་ནས་སྨན་རྒྱུའི་མང་ཉུང་སྟེང་ཁ་ཚར་སོགས་བརྒྱབ་ནས་ནད་གཞི་གསོ་བཅོས་བྱས་ཆོག་པ་ཡིན།

3 ལུམས་ཀྱི་ཕན་ནུས། 

ཚན་ཁག་འདིར་གཙོ་བོ་དྲེག་ནད་དང་གྲུམ་བུ། རུས་འཛེར། རླུང་ཚབས། མཁལ་འགྲམས། མོ་ནད་དུག་ཐབས། གཞུང་རེངས། དཔུང་འཇའ། བརྡབ་སྐྱོན། པགས་ནད། རྐང་ལག་ཞ་སྦྲིད་དང་རེངས་འཁུམས། རྩ་རྒྱུད་ན་བ་སོགས་རྩ་དཀར་ཀྱི་ནད་སྣ་ཚོགས་ལ་གསོ་བཅོས་བྱེད་བཞིན་ཡོད།

4 སྨན་ལུམས་ཁམས་གསོ་བདེ་སྲུང་ལྟེ་གནས། 

ལྟེ་གནས་འདིར་མི་ན་བར་གནས་པར་བྱ་བའི་གསོ་བཅོས་ཀྱི་ཐབས་ལམ་གཙོར་བཟུང་ནས་ལུས་ཀྱི་ཁམས་གསོ་བ་དང་རྒས་བ་གསོ་བ། མདངས་གསོ་བ། ལུས་སེམས་བདེ་སྲུང་སོགས་ཀྱི་ཐད་དམིགས་བཀར་གྱི་བདུད་རྩི་ལྔ་ལུམས། མེ་ཏོག་སྣ་ཚོགས་ཀྱི་ལུམས། འོ་མའི་ལུམས། གཞན་ཡང་བསྐུ་མཉེ་དང་སྣུམ་བྱུགས། དབྱུག་བཅོས། རྡོ་དུགས་སོགས་ལག་རྩལ་སྣ་མང་སྤྱད་ནས་གསོ་བཅོས་བྱེད་བཞིན་ཡོད། ལུམས་བཅོས་ཀྱི་ཞོར་དུ་དཔྱད་བཅོས་ཁག་གཞན་སྤྱོད་བཞིན་པ་ནི། ཚན་ཁག་འདི་རུ་གཙོ་བོ་དཔལ་ལྡན་རྒྱུད་བཞི་ནས་གསུངས་བའི་བདུད་རྩི་ལྔ་ལུམས་ཀྱི་སྟེང་དུ་གསང་སྨན་དང་ཁ་ཚར་སྨན། གཞན་ཡང་སྣུམ་བྱུགས་དང་སྐམ་ཁབ། ཤིང་དུགས། རྡོ་དུགས། ཚྭ་དུགས། བསྐུ་མཉེ། དབྱུག་བཅོས། མེ་བུམ། མེ་བཙའ། གཏར་ག། སྲིན་བུ་པདྨའི་དཔྱད་བཅོས་སོགས་ཟུང་དུ་སྦྲེལ་ནས་དྲེག་ནད་དང་གྲུམ་བུ། མཁལ་འགྲམས། པགས་ནད། རུས་འཛེར། རྩ་དཀར་གྱི་ནད་གཞི་སོགས་གསོ་བཅོས་བྱེད་བཞིན་ཡོད།

5 འབོད་སྐུལ།

བྲག་དཀར་རྫོང་བོད་ལུགས་སྨན་ཁང་གི་སྨན་ལུམས་ཚན་ཁག་འདིར་རྒྱལ་ཁབ་ཀྱི་ཚད་ལྡན་སློབ་གྲྭ་ནས་སློབ་མཐར་ཕྱིན་པའི་ཆེད་ལས་སྨན་པ ༡༠ དང་ནད་གཡོག་མ ༡༥ བཅས་ཀྱིས་ཉིན་མཚན་དབྱེར་མེད་དུ་ནད་པར་ཞབས་ཞུ་སྒྲུབ་བཞིན་ཡོད་ལ། འདིར་གཙོ་བོ་དྲེག་ནད་དང་གྲུམ་བུ། རུས་འཛེར། རླུང་ཚབས། མཁལ་འགྲམས། གཞུང་རེངས། དཔུང་འཇའ། བརྡབ་སྐྱོན། པགས་ནད། རྐང་ལག་ཞ་བ་དང་སྦྲིད་པ། རེངས་འཁུམས། རྩ་རྒྱུད་ན་བ་སོགས་རྩ་དཀར་ཀྱི་ནད་སྣ་ཚོགས་ལ་གསོ་བཅོས་བྱེད་བཞིན་ཡོད་པས། རྒྱ་ཆེ་མང་ཚོགས་རྣམས་ཀྱིས་དེ་དོན་ཡིད་ལ་བཅིངས་ནས་འདི་གར་གསོ་བཅོས་ཆེད་ཕེབས་དང་ངེད་ཅག་གིས་རང་ནུས་ཅི་ལྕོགས་ཀྱིས་སྐུ་ཉིད་ལ་སྨན་བཅོས་ཀྱི་སྲི་ཞུ་སྒྲུབ་ངེས།  


དཔྱད་གཞིའི་ཡིག་ཆ།