གཡག་རྒོད།སྔ་མའི་པར་གཞི་དེ བོན་སྐོར་པད་མ་རྒྱལ།  ནས 2018-09-25 15:14ལ་འགྲུབ།

གཡག་རྒོད།

གཡག་རྒོད།
གཡག་གི་རིགས་ཏེ། གཟུགས་སྟོབས་གཡག་ལས་ལྡབ་ཀྱིས་ཆེ་ལ་དབྱིབས་སོགས་གཡག་དང་ཁྱད་པར་མེད། སུག་བཞི་སྦོམ་ལ་ཐུང་ཞིང་རྨིག་པ་ཆེ་བ། ཨོལ་མའི་སྦོ་གཤམ་གྱི་རྩིད་པ་དང་རིང་ཐུང་མཉམ། ལུས་ཀྱི་ཁུ་ལུ་ཅུང་ཟད་འཇམ་ལ་ཐུང་བ་དང་། རྭ་ནག་པོ་སྦོམ་ཞིང་འཇམ་ལ་རིང་ཐུང་འདོམ་གང་ཙམ་ཡོད་པ་ཞིག
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
野牦牛
ཕྱི་ཡིག་གི་མིང་།
Wild yak
ལ་ཏིང་གི་སྐད་དུ།
Bos mutus(Poěphagrt mutrs)
ཁམས།
སྲོག་ཆགས་ཀྱི་ཁམས།
ཚན།
ནོར་ཚན།
རིགས།
ནོར་ནག་རིགས།
ཁྱབ་ཡུལ།
ཤིན་ཅིང་གི་ལྷོ་རྒྱུད། མཚོ་སྔོན། བོད་ལྗོངས། ཀན་སུའུ་ནུབ་བྱང་གི་རྒྱུད། སི་ཁྲོན་གྱིི་ནུབ་རྒྱུད།
1 ངོ་སྤྲོད།

གཡག་རྒོད་དམ་འབྲོང་ནི་གཡག་གི་རིགས་ཏེ།གཟུགས་སྟོབས་གཡག་ལས་ལྡབ་ཀྱིས་ཆེ་ལ་དབྱིབས་སོགས་གཡག་དང་ཁྱད་པར་མེད། སུག་བཞི་སྦོམ་ལ་ཐུང་ཞིང་རྨིག་པ་ཆེ་བ། ཨོལ་མའི་སྦོ་གཤམ་གྱི་རྩིད་པ་དང་རིང་ཐུང་མཉམ། ལུས་ཀྱི་ཁུ་ལུ་ཅུང་ཟད་འཇམ་ལ་ཐུང་བ་དང་། རྭ་ནག་པོ་སྦོམ་ཞིང་འཇམ་ལ་རིང་ཐུང་འདོམ་གང་ཙམ་ཡོད་པ་དང་། མོའི་རྭ་ཕོ་ལས་ཕྲ་ཞིང་གཟུགས་ཀྱང་ཕོ་ལས་ཆུང་བ་ཡིན།

རྒྱུན་དུ་རི་མཐོའི་ས་དང་མི་མེད་པའི་ས་སྟོང་གི་སྤང་གཤོང་དུ་འཚོ་སྡོད་བྱེད།  སྤྱིར་བཏང་དུ་ཁྱུ་བྱས་ཏེ་རྒྱུ་བ་མང་ཞིང་ཁྱུ་གཅིག་ལ་མང་ན་བརྒྱ་རེ་ཙམ་ཡོད་པ་དང་། རེ་འགའ་ཁ་ཤས་སྡོད་པ་དང་ཡང་ན་འབྲི་གཡག་དང་འདྲེས་ནས་སྡོད་པའང་ཡོད། འཁྱགས་གྲང་ལ་མི་སྐྲག་ཅིང་རང་གཤིས་ཤིན་ཏུ་གཏུམ།ཟས་སུ་རྩྭ་འི་རིགས་ཟ་བ་དང་དབྱར་དུས་ཆུ་འཐུང་ཞིང་དགུན་དུས་གངས་འཁྱགས་ཟ། ལོ་གཉིས་ནས་གཟུགས་ཚད་ལོང་བ་ཡིན།

2 ཕན་ནུས།

རྭ། རུས་པ། རྐང་མར། ལྕེ། གྲེ་བ། སྙིང་། མཁྲིས་པ། ཁྲག རླིག་འབྲས་སོགས་སྨན་དུ་སྦྱོར་སྟེ། ཁྲག་གིས་རྨ་ལ་ཕན་ཞིང་། ཤ་དང་རུས་པས་རླུང་སེལ་ཞིང་དམུ་ཆུ་སྐེམ་ལ། རྭ་ཡིས་ལུས་ཀྱི་དྲོད་བསྐྱེད་ལ་སྐྲན་རྣམས་བཤིག་པར་བྱེད། རྐང་མར་གྱིས་རྨ་དང་ཤུ་བ་གསོ་ཞིང་པགས་སྲིན་སོགས་སྲིན་གྱིརིགས་སེལ། ལྕེ་ཡིས་མེ་དྲོད་གསོ་ཞིང་གྲེ་བས་ལྦ་བ་འཇོམས།  སྙིང་གིས་རྒྱལ་གདོན་དང་སྨྱོ་འབོག སྙིང་གཟེར་སགས་འཇོམས། མཁྲིས་པས་རྩ་ཁ་སྡོམ་ཞིང་བྱང་ཁོག་ཏུ་རྣག་ཁྲག་རྒྱས་པ་སེལ།  རླིག་འབྲས་ཀྱིས་ལུས་སྟོབས་ཉམས་པ་གསོ་ཞིང་རོ་ཙ་འཕེལ་བར་བཤད།