གངས་རྒྱན་ན་ཆུང་ཚགས་པར།སྔ་མའི་པར་གཞི་དེ འབའ་ཚེར།  ནས 2019-05-20 19:55ལ་འགྲུབ།

གངས་རྒྱན་ན་ཆུང་ཚགས་པར།

གངས་རྒྱན་ན་ཆུང་ཚགས་པར།
《གངས་རྒྱན་ན་ཆུང་ཚགས་པར》ནི་བོད་རིགས་ས་ཁུལ་གྱི་གནས་ཚུལ་དངོས་ལ་གཞིགས་ཏེ། སློབ་གྲྭ་ཆུང་འབྲིང་གཙོས་པའི་དགེ་སློབ་རྣམས་ལ་བསླབ་ཕྱིའི་ཀློག་དེབ་ཏུ་མཁོ་འདོན་བྱེད་བཞིན་པའི་ཕྱོགས་བསྡུས་རང་བཞིན་གྱི་ཚགས་པར་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
刚坚少年报
དཔེ་སྐྲུན་ཁང་།
མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།
པར་སྐྲུན།
ཟླ་རེའི་ཚེས་གཅིག་དང་བཅུ། ཉི་ཤུ་ཉིན།
1 ​གཙོ་གཉེར་སྡེ་ཁག 

མཚོ་སྔོན་ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ།

2 གཙོ་སྒྲུབ་ལས་ཁུངས། 

མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།

3 ཚགས་པར་གྱི་ཨང་རྟགས།

རྒྱལ་ནང་གཅིག་གྱུར་གྱི་ཐོ་འགོད་ཨང་རྟགས།  CN63-0011/-Z     སྦྲག་འགྲེམས་ཚབ་རྟགས། 55-12

4 གནས་ཚུལ་མདོར་བསྡུས།

《གངས་རྒྱན་ན་ཆུང་ཚགས་པར》ནི1989.6.1ཉིན་གསར་དུ་བཏོན།

《གངས་རྒྱན་ན་ཆུང་ཚགས་པར》ནི་རྒྱལ་ཡོངས་སུ་འགྲེམས་སྤེལ་བྱེད་བཞིན་པའི་ཞིང་ཆེན་རིམ་པའི་བོད་ཡིག་ན་ཆུང་ཚགས་པར་གཅིག་པུ་ཡིན། པར་གཞི་ནི4Kཡིན། ཟླ་རེའི་ཚེས1དང10 20ཉིན་པར་སྐྲུན་བྱེད་པ་དང་། ལོ་ཧྲིལ་བོར་ཐེངས36འདོན་སྤེལ་བྱེད་བཞིན་ཡོད། འགྲེམས་སྤེལ་གྱི་ཁྱབ་ཁོངས་ནི་ལྗོངས་ཞིང་ལྔའི་སློབ་གྲྭ་ཆུང་འབྲིང་གཙོས་པའི་བོད་ཁམས་ཡོངས་ཡིན། ཚགས་པར་རེར་རིན་གོང་སྒོར0.80དང་ལོ་ཧྲིལ་བོར་སྒོར28.8ཡིན། 

ཚགས་པར་གྱི་རྩ་དོན་ནི་ཏང་གི་སློབ་གསོའི་བྱེད་ཕྱོགས་དང་མི་རིགས་སྲིད་ཇུས་ལག་ལེན་མཐར་ཕྱིན་བྱེད་པ་དང་། སློབ་ཁྲིད་དངོས་དང་ཟུང་འབྲེལ་སྒོས་སློབ་གསེང་རིག་གནས་འཚོ་བ་ཕུན་སུམ་ཚོགས་པར་གཏོང་ཆེད། ཕྱོགས་ཡོངས་ནས་བོད་རིགས་ལོ་ཆུང་བྱིས་པ་རྣམས་ཀྱི་བསམ་བློའི་ཀུན་སྤྱོད་དང་ཚན་རིག་རིག་གནས་ཀྱི་བྱང་ཚད་མཐོར་འདེགས། སྐྱོན་བྲལ་ཕན་ལྡན་དང་ཧུར་བརྩོན་ཡར་སྐྱེད་བཅས་ཀྱི་བསམ་པའི་རྒྱགས་ཕྱེ་འདོན་སྤྲོད་བྱས་ཏེ། ཏང་དང་མེས་རྒྱལ་ལ་དགའ་བ་དང་། སྤྱི་ཚོགས་རིང་ལུགས་ལ་དགའ་བ། མི་དམངས་ལ་དགའ་བ་བཅས་ཀྱི་སྤྱོད་ཤེས་ཀུན་ལྡན་གྱི་བོད་རིགས་ལོ་ཆུང་བྱིས་པ་སྐྱེད་སྲིང་བྱ་རྒྱུ་དེ་ཡིན།

ཚགས་པར་སྟེང་དུ་ན་ཆུང་བྱིས་པ་དང་འབྲེལ་ཡོད་ཀྱི་རྒྱལ་ཁབ་ཕྱི་ནང་གི་གསར་འགྱུར་གལ་ཆེན་དང་། སློབ་གྲྭ་ཆུང་འབྲིང་གི་སློབ་གཞི་ཁག་གི་ཤེས་བྱ།   སློབ་མའི་སྦྱངས་རྩོམ།   ཡུལ་སྐོར་གཏམ་རྒྱུད། འཕྲོད་བསྟེན་རྒྱུན་ཤེས། ཚན་རིག་ཤེས་བྱ། རི་མོ་དང་ཡིག་གཟུགས།  རོལ་རྩེད་དོ་ར་ལ་སོགས་པའི་ནང་དོན་འགོད་ཀྱིན་ཡོད་པ་དང་། རྩོམ་ཐུང་ལ་དོན་ལྡན་པ། ཚིག་བདེ་ཞིང་གོ་སླ་བ། རི་མོ་དང་ཚོན་མདོག་སྤེལ་མ་བཅས་ཀྱི་སྒོ་ནས་བྱིས་པའི་ཁྱད་ཆོས་དང་མི་རིགས་ཀྱི་ཁྱད་ཆོས་མཚོན་པར་མ་ཟད། ན་ཆུང་བྱིས་པ་ཚོའི་བློ་སྒོ་འབྱེད་ཐུབ་པ་དང་། ཤེས་རྒྱ་ཇེ་ཆེར་གཏོང་ཐུབ་པ། ཀུན་སྤྱོད་བཟང་བོ་སྐྱེད་སྲིང་བྱེད་ཐུབ་པ། སློབ་སྦྱོང་གི་སྤྲོ་སྣང་བསྐྱེད་ཐུབ་པ་བཅས་ཀྱི་དགེ་མཚན་ལྡན་པས། རྒྱ་ཆེའི་སློབ་མ་རྣམས་ཀྱི་དགེ་རྒན་དང་། དགེ་རྒན་རྣམས་ཀྱི་གྲོགས་པོ། ཕ་མ་ཚོའི་རམ་འདེགས་པ་བཅས་སུ་འགྱུར་བར་གོར་མ་ཆག

5 མངགས་ཉོ་བྱེད་སྟངས། 

རྒྱལ་ཡོངས་ས་གནས་ཁག་གི་སྦྲག་སྲིད་ཁང་། 

མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་འགྲེམས་སྤེལ་པུའུ།  0971-6123221

《གངས་རྒྱན་ན་ཆུང་ཚགས་པར》རྩོམ་སྒྲིག་ཁང་།   0971-6141891

6 རྩོམ་ཡིག་སྐུར་ཡུལ།

ཡིག་ཟམ། gjsnb2009@163.com

ས་གནས། མཚོ་སྔོན་ཟི་ལིང་གྲོང་ཁྱེར་ཐུན་རིན་ལམ་སྒོ་ཨང10པ།

སྦྲག་ཨང་། 810001

དཔྱད་གཞིའི་ཡིག་ཆ།