གྲོང་ཁྱེར་གྲོང་རྡལ་དཔེ་གསར་ཅན།སྔ་མའི་པར་གཞི་དེ བོན་སྐོར་པད་མ་རྒྱལ།  ནས 2018-09-20 15:37ལ་འགྲུབ།

གྲོང་ཁྱེར་གྲོང་རྡལ་དཔེ་གསར་ཅན།

གྲོང་ཁྱེར་གྲོང་རྡལ་དཔེ་གསར་ཅན།
གྲོང་ཁྱེར་དང་གྲོང་གསེབ་གཅིག་གྱུར་འཆར་འགོད་དང་། གྲོང་ཁྱེར་དང་གྲོང་གསེབ་གཞི་གཅིག་ཅན། ཐོན་ལས་ཟུང་འཇུག གྲོན་ཆུང་དང་ལེགས་བསྡུས་ཞིབ་གཉེར། རང་བྱུང་སྐྱེ་ཁམས་དང་མཐུན་པ། འཆམ་མཐུན་འཕེལ་རྒྱས་བཅས་ཀྱི་རྩ་བའི་ཁྱད་ཆོས་ལྡན་པའི་གྲོང་རྡལ་ཅན་ལ་ཟེར།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
新型城市化
1 ​གོ་དོན།

གྲོང་ཁྱེར་གྲོང་རྡལ་དཔེ་གསར་ཅན་ནི། གྲོང་ཁྱེར་དང་གྲོང་གསེབ་གཅིག་གྱུར་འཆར་འགོད་དང་། གྲོང་ཁྱེར་དང་གྲོང་གསེབ་གཞི་གཅིག་ཅན། ཐོན་ལས་ཟུང་འཇུག གྲོན་ཆུང་དང་ལེགས་བསྡུས་ཞིབ་གཉེར། རང་བྱུང་སྐྱེ་ཁམས་དང་མཐུན་པ། འཆམ་མཐུན་འཕེལ་རྒྱས་བཅས་ཀྱི་རྩ་བའི་ཁྱད་ཆོས་ལྡན་པའི་གྲོང་རྡལ་ཅན་ལ་ཟེར་ཞིང་། དེ་ནི་གྲོང་ཁྱེར་ཆེ་འབྲིང་ཆུང་གསུམ་དང་གྲོང་རྡལ་ཆུང་བ། ཞིང་སྡེ་གསར་གྲས་སྡེ་ཁུལ་མཐུན་སྦྱོར་འཕེལ་རྒྱས་བྱེད་པ་དང་། ཕན་ཚུན་སྐུལ་འདེད་དང་ཐུན་མོང་གསབ་འཛུལ་བྱེད་པའི་གྲོང་རྡལ་ཅན་འཛུགས་སྐྲུན་བྱེད་པ་ལ་གོ ། 

2 འབྲེལ་ཡོད་གོ་དོན།

གྲོང་རྡལ་ཅན་ནི། མི་འབོར་གྲོང་ཁྱེར་ཅན་དུ་སྤོར་བའི་བརྒྱུད་རིམ་ཞིག་ཡིན་ཏེ། བརྒྱུད་རིམ་འདི་མངོན་འགྱུར་བྱེད་པར་ཕྱོགས་གཉིས་འདུ། གཅིག་ནི་གྲོང་རྡལ་གྱི་ཁ་གྲངས་མང་དུ་ཕྱིན་པ། ཅིག་ཤོས་ནི་གྲོང་ཁྱེར་གྱི་མི་འབོར་གཞི་ཁྱོན་ཟམ་མི་ཆད་པར་རྒྱ་སྐྱེད་པ།

གྲོང་རྡལ་ཅན་དུ་འཕེལ་བའི་གོ་རིམ་ཁྲོད། ཐོན་ལས་དང་པོའི་བསྡུར་ཚད་རིམ་གྱིས་ཉམས་པ་དང་། ཐོན་ལས་གཉིས་པ་དང་གསུམ་པའི་བསྡུར་ཚད་རིམ་གྱིས་མཐོ་རུ་ཕྱིན་པ། དུས་མཚུངས་སུ་མི་འབོར་གྱི་གྲངས་ཀ་གྲོང་རྡལ་ནས་གྲོང་ཁྱེར་ཅན་དུ་སྐྱོད་པའི་གྲུབ་ཆའི་རང་བཞིན་ལ་འགྱུར་ལྡོག་ཆེན་པོ་བྱུང་བ།

གྲོང་ཁྱེར་གྲོང་རྡལ་དཔེ་གསར་ཅན་གྱི་སྲོག་རྩ་ནི་ཞིང་ལས་དང་འབྲུ་རིགས། སྐྱེ་ཁམས་ཁོར་ཡུག་བཅས་ལ་གཏོར་བཤིག་མི་གཏོང་བར། གཙོ་བོ་ཞིང་པར་དམིགས་ཏེ་གྲོང་གསེབ་དང་སྦྲེལ་ནས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་གཅིག་དྲིལ་ཅན་དང་སྤྱི་པའི་ཞབས་ཞུ་དོ་མཉམ་ཅན་དུ་མངོན་འགྱུར་བྱ་རྒྱུ་དང་། དཔལ་འབྱོར་དང་སྤྱི་ཚོགས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད། ཐུན་མོང་ཕྱུག་འགྱུར་ཡོང་བ་བཅས་བྱ་རྒྱུ་དེའོ། །

3 གནས་བབ།

ཀྲུང་གོ་བཅོས་བསྒྱུར་སྒོ་འབྱེད་བྱས་ནས་འདས་པའི་ལོ་ངོ30རིང་གི་དུས་ཡུན་ཁྲོད། གྲོང་ཁྱེར་བར་སྟོང་གི་རྒྱ་སྐྱེད་ཚུལ་ལྡབ་གཉིས་ནས་གསུམ་དུ་འཕེལ་འདུག་པ་དང་། སྤྱི་ལོ2014ལོའི་ཟླ9བར། གྲོང་རྡལ་ཅན་དུ་འགྱུར་ཚད་ནི53.7%རུ་སླེབས་འདུག་མོད། འོན་ཀྱང་བར་སྟོང་གྲོང་ཁྱེར་ཅན་དུ་འགྱུར་བའི་ཚུལ་དེ་ལྟོས་ཚོད་ཀྱིས་མི་འབོར་གྲོང་ཁྱེར་ཅན་དུ་རྒྱ་སྐྱེད་བྱས་མེད་པ། ཀྲུང་གོར་ཞིང་པའི་མི་གྲངས་དུང་ཕྱུར2.6དང་། ཐེམ་ཐོའི་གནད་དོན་གྱིས་ཁོ་ཚོར་གྲོང་ཁྱེར་ཅན་དུ་འགྱུར་བར་་བཀག་སྡོམ་བྱས་ཡོད་པ་མ་ཟད། ཁོ་ཚོ་ནི་གྲོང་རྡལ་ཅན་བྱ་ཡུལ་དང་གྲོང་རྡལ་ཅན་རྫུན་མ་རུ་གྱུར་ཡོད། གྲོང་ཁྱེར་གྲོང་རྡལ་དཔེ་གསར་ཅན་ནི་ཀྲུང་གོའི་མ་འོངས་འཕེལ་འགྱུར་གྱི་ཁ་ཕྱོགས་ཆེན་མོ་ཞིག་ཡིན་ལ། འདི་ནི་འཛམ་གླིང་མི་འབོར་མང་ཤོས་ཀྱི་གྲོང་རྡལ་ཅན་དེའང་ཡིན། སྲིད་གཞུང་ལས་དོན་སྐོར་གྱི་སྙན་ཞུ་ལས་བཏོན་པ་ལྟར་ན། ལོ་ལྔའི་གྲོང་གསེབ་མི་འབོར་གྱི་སྤོ་སྒྱུར་ཚད་ནི་ཁྲི8463ཡིན་པ་དང་། གྲོང་རྡལ་ཅན་དུ་འགྱུར་བའི་ཚད་ནི 45.9%ནས52.6%བར་དུ་འཕར་ཡོད་པ་རེད།  དེ་བས་ཀྲུང་གོའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲུབ་ཚུལ་ལ་ལོ་རྒྱུས་རང་བཞིན་གྱིས་འཕོ་འགྱུར་བྱུང་ཡོད། འཕོ་འགྱུར་བྱུང་ཚུལ་འདི་ལ་རྒྱུ་རྐྱེན་གཉིས་མཆིས་ཏེ། གཅིག་ནི་བཟོ་ལས་ཅན་དང་ཆ་འཕྲིན་ཅན། ཞིང་ལས་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་བྱས་པ་ལས་བྱུང་བ་དང་། ཅིག་ཤོས་ནི་ཐེམ་ཐོ་སོགས་འབྲེལ་ཡོད་སྲིད་ཇུས་རིམ་བཞིན་སྙོམས་སྒྲིག་བྱས་པ་ལས་བྱུང་བ་ཡིན