རང་རྒྱལ་དུ་མི་རིགས་འདྲ་མཉམ་མིན་པའི་གྲལ་རིམ་གྱི་འབྱུང་རྩ་མེད་པར་བཟོས་ཟིན་སྟབས། མི་རིགས་ཕན་ཚུན་བར་འདྲ་མཉམ་གྱི་འབྲེལ་བ་བཙུགས་ཡོད་ཐོག ཐུན་མོང་གི་རྩ་བའི་ཁེ་ཕན་ལྡན་པ་དང་། ཐུན་མོང་གི་རྩ་བའི་ཁེ་ཕན་ལྡན་ཡོད་པས། མི་རིགས་ཁག་གིས་མེས་རྒྱལ་གཅིག་གྱུར་གྱི་ཁྱིམ་ཚང་ཆེན་པོའི་ནང་མཐུན་སྒྲིལ་བྱས་ཏེ་མཉམ་དུ་རྒྱལ་ཁབ་ཀྱི་གཅིག་གྱུར་ལ་སྲུང་སྐྱོབ་དང་། རྒྱལ་ཁབ་དར་རྒྱས་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་གི་ཡོད། མི་རིགས་མཐུན་སྒྲིལ་དང་མི་རིགས་གོང་བུར་འགྲིལ་ཤུགས་ཆེ་ཆུང་ནི་མི་རིགས་མང་པོའི་རྒྱལ་ཁབ་ཅིག་གི་འཕེལ་རྒྱས་ཀྱི་མདུན་ལམ་དང་འབྲེལ་བ་དམ་ཟབ་ཡོད་པ་དང་། དེ་ནི་རྒྱལ་ཁབ་ཅིག་གི་ཕྱོགས་བསྡུས་སྟོབས་ཤུགས་ཀྱི་མཚོན་རྟགས་ཤིག་ཡིན། མི་རིགས་ཁག་བར་གྱི་མཐུན་སྒྲིལ་ཆེན་པོ་ནི་རང་རེའི་རྒྱལ་ཁབ་ཀྱི་གཅིག་གྱུར་དང་། དར་རྒྱས་ཕུན་སུམ་ཚོགས་པའི་གལ་ཆེའི་འགན་ལེན་ཞིག་ཡིན། མི་རིགས་བར་གྱི་མཐུན་སྒྲིལ་མེད་པ་ན་རྒྱལ་ཁབ་བརྟན་ལྷིང་ཡོང་མི་སྲིད་ལ། སྟོབས་ཤུགས་གཅིག་སྒྲིལ་གྱིས་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་ཡང་བྱེད་མི་ཐུབ།
རང་རྒྱལ་དུ་ཏང་དང་སྲིད་གཞུང་གིས་ཡང་དག་པའི་མི་རིགས་སྲིད་ཇུས་ལག་ལེན་མཐར་ཕྱིན་བསྟར་བས། སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་པའི་བརྒྱུད་རིམ་ནང་མི་རིགས་བར་ཕན་ཚུན་རོགས་རམ་དང་མཉམ་ལས་བྱེད་པ་དེ་སྔར་བས་གོང་དུ་འཕེལ་བ་དང་། སྤུན་ཟླ་ལྟ་བུའི་མཛའ་མཐུན་ཇེ་ཟབ་ཏུ་ཕྱིན་ཡོད་པ། ཕན་ཚུན་གཅིག་ལ་གཅིག་བརྟེན་གྱི་ཚད་གཞི་ཇེ་མཐོར་བཅས་ཕྱིན་ནས། མི་རིགས་ཁག་གི་མི་དམངས་ཀྱི་མཐུན་སྒྲིལ་ཆེན་པོ་དེར་ཚོད་བགམ་སྣ་ཚོགས་ཐེག་ཡོད།