ཏང་གི་འགོ་ཁྲིད།སྔ་མའི་པར་གཞི་དེ དཔལ་ཚེ་རྡོར  ནས 2018-08-20 15:43ལ་འགྲུབ།

ཏང་གི་འགོ་ཁྲིད།

ཏང་གི་འགོ་ཁྲིད།
ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་ལ་ངེས་པར་དུ་ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་བྱེད་དགོས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
党的领导
རྒྱལ་ཁབ།
ཀྲུང་གོ།
དུས་ཚོད།
སྤྱི་ལོ1942ལོར།
དཀར་ཆག
1 རགས་བཤད།

ཀྲུང་གོའི་ཉེ་རབས་དང་དེང་རབས་ལོ་རྒྱུས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་མེད་ན་ཀྲུང་གོ་གསར་པ་མེད་པའི་ར་སྤྲོད་སྙོན་མེད་དུ་བྱས་ཡོད། དེ་དང་འདྲ་བར་ཀྲུང་གོ་གུང་ཁྲན་ཏང་མེད་ན། ཀྲུང་གོའི་སྤྱི་ཚོགས་རིང་ལུགས་མེད་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་ཡང་ཡོང་ཐབས་མེད། ཀྲུང་གོ་གུང་ཁྲན་ཏང་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་འགོ་ཁྲིད་སྲོག་ཤིང་ཡིན། དེའང་རྩ་བའི་ཆ་ནས་བཤད་ན།

གཅིག དེ་ནི་རང་རྒྱལ་སྤྱི་ཚོགས་རིང་ལུགས་རྒྱལ་ཁབ་ཀྱི་ངོ་བོ་དང་ཀྲུང་གོ་གུང་ཁྲན་ཏང་གི་ངོ་བོས་ཐག་བཅད་པ་ཞིག་ཡིན།

གཉིས། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་བྱས་ཚེ། གཞི་ནས་ཐོག་མཐའ་བར་གསུམ་དུ་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་ཐུབ།

གསུམ། ཀྲུང་གོ་གུང་ཁྲན་ཏང་གིས་ལོ་རྒྱུས་གོང་འཕེལ་འགྲོ་བའི་ཁ་ཕྱོགས་དང་སྤྱི་ཚོགས་གོང་འཕེལ་འགྲོ་བའི་ཆོས་ཉིད་ལ་སྤྱི་ཡོངས་ནས་སྟངས་འཛིན་ཐུབ་པས། རྙོག་འཛིང་ཆེ་བའི་རྒྱལ་ཕྱི་རྒྱལ་ནང་གི་གནས་ཚུལ་ལ་ཚོད་དཔག་ཡང་དག་བྱེད་ཐུབ་པ་དང་། ལམ་ཕྱོགས་དང་། མཛད་ཕྱོགས། སྲིད་ཇུས་བཅས་གཏན་འབེབས་ཡང་དག་པ་བྱས་ནས་སྤྱི་ལ་དབང་བའི་ལམ་ལུགས་ཀྱི་དཔལ་འབྱོར་གྱིས་རྨང་རྐང་བྱེད་པའི་གནས་བབ་ལ་གཡོ་འགུལ་མི་གཏོང་པའི་འགན་ལེན་བྱེད་པ་དང་། མཐའ་གཉིས་སུ་མི་གྱེས་པའི་སྔོན་འགོག་བྱས་ནས་ཐུན་མོང་ཐོག་ཕྱུག་པོ་ཡོང་བའི་དམིགས་ཡུལ་མངོན་དུ་འགྱུར་བར་བྱེད་དགོས།

བཞི། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་བྱས་ཚེ་གཞི་ནས་བརྟན་ལྷིང་གི་སྤྱི་ཚོགས་ཤིག་བསྐྲུན་ཐུབ་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ཞི་མཐུན་སྤྱི་ཚོགས་འཛུགས་ཐུབ།

ལྔ། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་བྱས་ཚེ་གཞི་ནས་ཕྱོགས་གང་ཅིའི་ཐད་ཀྱི་ཧུར་བརྩོན་རང་བཞིན་སྐུལ་སློང་ཐུབ་སྟེ་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་བྱེད་ཐུབ།

དྲུག ཀྲུང་གོ་གུང་ཁྲན་ཏང་གིས་བཏོན་པའི་འདོད་ཚུལ་དང་། གཏན་འབེབས་བྱས་པའི་ལམ་ཕྱོགས། མཛད་ཕྱོགས། སྲིད་ཇུས་བཅས་རྒྱལ་བབ་དང་མཐུན་ཞིང་། དམངས་ཀྱི་འདོད་བློ་མཚོན་ཐུབ་པས། མི་དམངས་མང་ཚོགས་ཀྱི་ཧུར་བརྩོན་རང་བཞིན་དང་གསར་གཏོད་རང་བཞིན་སྐུལ་སྤེལ་གང་ལེགས་བྱེད་ཐུབ།