ཟི་ན་སྨན་རམས་པ་བློ་བཟང་འཇིགས་མེད།སྔ་མའི་པར་གཞི་དེ ལོ་མི་ཆུང་།  ནས 2018-09-06 17:32ལ་འགྲུབ།

ཟི་ན་སྨན་རམས་པ་བློ་བཟང་འཇིགས་མེད།

ཁོང་ནི་སྐུ་འབུམ་མཆོད་གཞིས་ཟི་ན་ཀླུ་རྒྱ་སྡེ་བའི་ཧོར་ཚང་དུ་སྐུ་འཁྲུངས། སྐུ་འབུམ་བྱམས་པ་གླིང་དུ་ཐུགས་གཉེར་མཛད། དེ་གར་སྨན་པའི་ཁྲིར་བཞུགས་པ་སོགས་མཛད་འཕྲིན་ཆེའོ། །
གཞི་རྩའི་གནས་ཚུལ།

འཁྲུངས་འདས་ལོ་ཚིགས།
སྤྱི་ལོ(1832-?)
འཁྲུངས་ཡུལ།
མཚོ་སྔོན་ཟི་ན་ཀླུ་རྒྱ་སྡེ་བ།
ཡབ།
བཀྲ་ཤིས་དོན་གྲུབ།
ཡུམ།
སྐལ་བཟང་སྒྲོལ་མ།
གྲུབ་མཐའ།
དགེ་ལུགས་པ།
1 ངོ་སྤྲོད།

ཁོང་ནི་སྐུ་འབུམ་མཆོད་གཞིས་ཟི་ན་ཀླུ་རྒྱ་སྡེ་བའི་ཧོར་ཚང་དུ་ཡབ་བཀྲ་ཤིས་དོན་གྲུབ་དང་ཡུམ་སྐལ་བཟང་སྒྲོམ་མ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་བཞི་བའི་ཆུ་འབྲུག་ལ་སྐུ་འཁྲུངས། དགུང་ལོ་དགུའི་སྟེང་དུ་གདན་ས་སྐུ་འབུམ་དགོན་ནས་ཨ་ཀྱཱ་ཡོངས་འཛིན་བློ་བཟང་དོན་གྲུབ་ཀྱི་དྲུང་ནས་རབ་བྱུང་བསྒྲུབས། ཕྱག་རྡོ་ཐང་གྲུ་ཀྱཱ་སྨོན་ལམ་རབ་འབྱམས་བ་བློ་བཟང་ཉི་མ་དགེ་རྒན་དུ་བསྟེན་ནས་ཚོགས་འདོན་གང་ཡོད་བློར་འཛིན་བྱས། དགུང་ལོ་བཅོ་ལྔའི་སྟེང་དཔལ་ལྡན་བཤད་སྒྲུབ་གླིང་གི་ཆོས་སྒོར་ཞུགས་ཏེ་ཁ་དོག་དཀར་དམར་ནས་འདུལ་བའི་འཛིན་གྲྭའི་བར་རྣམས་ཐོལ་བརྒལ་མ་ཡིན་པར་མུས་རིམ་གྱིས། བཀའ་པོད་ལྔ་ཟུར་བཀོལ་དང་བཅས་པའི་ཚིག་དང་དོན་གཉིས་ཐོས་བསམ་གྱིས་གཏན་ལ་ཕབ། བསྡུས་གྲྭའི་དམ་བཅའ་བཞག་ཅིང་ཚོགས་ལངས་ཀྱང་བཞེངས།

དགུང་ལོ་ཉེར་དགུའི་ཐོག་སྐྱབས་རྗེ་ཤིང་བཟའ་རྡོ་རྗེ་འཆང་གི་མདུན་ནས་དགེ་ཚུལ་དང་བསྙེན་རྫོགས་དཀྱུས་གཅིག་ལ་བསྒྲུབས། དགུང་ལོ་སོ་བཞིའི་སྟེང་ཆོ་འཕྲུལ་སྨོན་ལམ་རབ་འབྱམས་པའི་མིང་བཏགས་བཞག དགུང་ལོ་ཞེ་བཞིའི་སྟེང་དུ་གཞུང་གི་དམ་བཅའ་རྩེ་ཐོན་བཞག་པ་དང་དགུང་ལོ་ང་གསུམ་བཞེས་པར་སྨན་པ་དཔོན་སློབ་ཀྱི་ཁྲིར་བཞུགས་ནས་འགྲིག་ལམ་ཀུན་སྤྱོད་ཀྱི་རིམ་པ་གང་ཡོད་ལ་རྟིང་བསྐུལ་ནན་ཏན་མཛད། ཁྲི་ཟུར་ནས་ཀྱང་ཁ་བཏོན་དགེ་སྦྱོར་ལ་འབད་པ་ལྷུར་བཞེས་ཀྱི་མཛད་པ་སོགས་མཛད་འཕྲིན་ཆེའོ། །