ལྷ་ས་ཞེས་པའི་མིང་གི་བྱུང་ཚུལ།སྔ་མའི་པར་གཞི་དེ རྒྱ་ལོ་རྟ་མགྲིན་ཚེ་བརྟན།  ནས 2018-10-17 09:09ལ་འགྲུབ།

ལྷ་ས་ཞེས་པའི་མིང་གི་བྱུང་ཚུལ།

ལྷ་ས་ཞེས་པའི་མིང་གི་བྱུང་ཚུལ།
སྤྱི་ལོའི་དུས་རབས་བདུན་པར་ཆོས་རྒྱལ་སྲོང་བཙན་སྒམ་པོ་ཡར་ཀླུང་གཙང་པོའི་རྒྱུད་(ད་ལྟའི་ལྷོ་ཁ་གྲོང་ཁྱེར་རྩེད་ཐང་གྲོང་རྡལ་གྱི་ཉེ་འགྲམ)ནས་རྒྱལ་བློན་འཁོར་དང་བཅས་པ་ལྷ་སར་གནས་སྤོས་ཏེ། ལྷ་སའི་གཙུག་ལག་ཁང་ཐོག་མར་བཞེངས་དུས་འོ་ཐང་མཚོའི་དཀྱིལ་དུ་རྡོ་རིང་ཞིག་བརྩིགས་ཤིང་། དེའི་སྟེང་གི་ཕྱོགས་བཞི་མཚམས་བརྒྱད་དུ་གདུང་མ་བསྣོལ་མར་བཏང་བ་ལྟ་བུའི་ཐོག་ར་ཞིག་ལ་ས་རྡོ་བཀལ་ཏེ་མཚོ་བསུབས་པའི་རྟེན་འབྲེལ་གྱིས་ས་དེར་ར་ས་ཞེས་མིང་ཐོགས་པ་དང་། རྗེས་སུ་གཙུག་ལག་ཁང་དུ་ཇོ་བོ་ཤཱཀྱ་མུ་ནེ་གཙོར་བྱས་པའི་སྐུ་གསུང་ཐུགས་རྟེན་གྱི་རྟེན་མང་པོ་མཛད་པར། མང་ཚོགས་ཀྱིས་ར་ས་ལ་རིམ་བཞིན་ལྷ་ས་ཞེས་པའི་མཚན་གསོལ་བ་དང་། ད་ལྟའི་གྲོང་ཁྱེར་ལྷ་ས་ཞེས་པའི་མིང་ཡང་དེ་ལྟར་ཆགས་པ་རེད།
གཞི་རྩའི་གནས་ཚུལ།

མིང་གཞན།
ར་ས།
རྒྱ་ཡིག་གི་མིང་།
拉萨    逻些
1 ​རྒྱས་འགྲེལ།

ལོ་ངོ་ཆིག་སྟོང་སུམ་བརྒྱའི་ཡར་སྔོན་དུ། ལྷ་ས་གྲོང་ཁྱེར་ཤར་ཁུལ་གྱི་འབྲི་གུང་གཙང་པོ་དང(ད་ལྟའི་མལ་གྲོ་གུང་དཀར་རྫོང་ནང་ཁུལ)ལྷ་སའི་སྐྱིད་ཆུ(ད་ལྟའི་སྟག་རྩེ་རྫོང་ནང་ཁུལ་གྱི་ས་ཆ་ཁ་ཤས་དང་ལྷ་སའི་སྐྱིད་ཆུའི་རྒྱུད)དང་།  ཡར་ཀླུང་གཙང་པོ་འདྲེས་མཚམས(ད་ལྟའི་སྟོད་ལུང་བདེ་ཆེན་ཆུས་དང་ཆུ་ཤུར་རྫོང་གི་ས་ཆ་ཁ་ཤས)ཀྱི་རྒྱུད་དེར་རུས་སྐྱིད་ཅན་གྱི་ཚོ་ཁག་ཅིག་འཚོ་སྡོད་བྱས་ཡོད།   

ཤར་ནས་ནུབ་ཏུ་རྒྱུ་བའི་ལྷ་སའི་སྐྱིད་ཆུའི་བཞུར་རྒྱུན་ལྟར།  དེ་ཡང་ལྷ་སའི་སྐྱིད་ཆུའི་སྟོད་རྒྱུད(འབྲི་གུང་གཙང་པོ་དང་མལ་གྲོ་གུང་དཀར་གཙང་པོ་འདྲེས་མཚམས་ནས་སྟག་རྩེ་རྫོང་གི་དགའ་ལྡན་དགོན་པའི་ལུང་མདོ)ལ་སྐྱིད་སྟོད་དང་།  དབུས་ཁུལ་ལ་སྐྱིད་ཤོད།(ད་ལྟའི་སྟག་རྩེ་རྫོང་གི་དགའ་ལྡན་དགོན་པའི་ལུང་མདོ་ནས་སྟོད་ལུང་བདེ་ཆེན་ཆུས་གནས་ཆུང་ཤང་གི་གཡས་གཡོན)དེ་བཞིན་སྐྱིད་ཆུའི་སྨད་རྒྱུད(ད་ལྟའི་སྟོད་ལུང་བདེ་ཆེན་ཆུས་དང་ཆུ་ཤུར་རྫོང་གི་ས་ཆ་ཁ་ཤས)ལ་སྐྱིད་སྨད་ཅེས་སུ་འབོད་པ་ཡིན། སྐབས་དེའི་སྐྱིད་ཤོད་ནི་དབེན་པའི་གནས་སམ་གནས་སྟོང་ཡིན་པ་མ་ཟད། གཙང་པོའི་རྒྱུད་དུ་རྩྭ་དང་རྩི་ཤིང་གིས་ཁེངས་ཡོད། ལྷ་སའི་སྐྱིད་ཆུའི་བྱང་ཕྱོགས་སུ་མཚོ་ཆུང་ངམ་མཚེའུ་ཞིག་ཡོད་པ་དེར་འོ་ཐང་མཚོ་ཞེས་སུ་འབོད།   

སྤྱི་ལོ་དུས་རབས་བདུན་པར་ཆོས་རྒྱལ་སྲོང་བཙན་སྒམ་པོ་ཡར་ཀླུང་གཙང་པོའི་རྒྱུད(ད་ལྟའི་ལྷོ་ཁ་གྲོང་ཁྱེར་རྩེད་ཐང་གྲོང་རྡལ་གྱི་ཉེ་འགྲམ)ནས་རྒྱལ་བློན་འཁོར་དང་བཅས་པ་ལྷ་སར་གནས་སྤོས་ཏེ།  ལྷ་སའི་གཙུག་ལག་ཁང་ཐོག་མར་བཞེངས་དུས་འོ་ཐང་མཚོའི་དཀྱིལ་དུ་རྡོ་རིང་ཞིག་བརྩིགས་ཤིང་། དེའི་སྟེང་གི་ཕྱོགས་བཞི་མཚམས་བརྒྱད་དུ་གདུང་མ་བསྣོལ་མར་བཏང་བ་ལྟ་བུའི་ཐོག་ར་ཞིག་ལ་ས་རྡོ་བཀལ་ཏེ་མཚོ་བསུབས་པའི་རྟེན་འབྲེལ་གྱིས་ས་དེར་ར་ས་ཞེས་མིང་ཐོགས་པ་དང་། རྗེས་སུ་གཙུག་ལག་ཁང་དུ་ཇོ་བོ་ཤཱཀྱ་མུ་ནེ་གཙོར་བྱས་པའི་སྐུ་གསུང་ཐུགས་རྟེན་གྱི་རྟེན་མང་པོ་མཛད་པར།  མང་ཚོགས་ཀྱིས་ར་ས་ལ་རིམ་བཞིན་ལྷ་ས་ཞེས་པའི་མཚན་གསོལ་བ་དང་།  ད་ལྟའི་གྲོང་ཁྱེར་ལྷ་ས་ཞེས་པའི་མིང་ཡང་དེ་ལྟར་ཆགས་པ་རེད།


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

ལྷ་ས། ར་ས། སྐྱིད་ཆ།