དབུ་ཁྱུད།སྔ་མའི་པར་གཞི་དེ བསེ་ཆང་རྡོ་རིན།  ནས 2019-03-01 09:18ལ་འགྲུབ།

དབུ་ཁྱུད།

དབུ་ནི་ལུས་མཛེས་པར་བྱེད་པའི་མགོ་བོ་ལྟ་བུ་ཡིན་པས། ཡི་གེའི་མགོར་དབུ་ཁྱུད་བྲིས་པར་གྲགས།
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
དབུ་ཁྱུད།
རིགས།
སྒྲ་རིག་པ།
1 ​ནང་དོན་མདོར་བསྟན།

དབུ་ནི་ལུས་མཛེས་པར་བྱེད་པའི་མགོ་བོ་ལྟ་བུ་ཡིན་པས། ཡི་གེའི་མགོར་དབུ་ཁྱུད་བྲིས་པར་གྲགས། དབུ་ཁྱུད་ལ་རིགས་གཉིས་ཏེ། ཚང་ཁྱུད (༄༅། །)དང་ཕྱེད་ཁྱུད(༄།)གཉིས་ཡོད་ལ། སྔ་མ་ལ་ཉིས་ཤད་དང་། ཕྱི་མ་ལ་ཆིད་ཤད་སྦྱོར།  དབུ་ཁྱུད་ནི་བོད་ཡིག་གི་ཐུན་མོང་མ་ཡིན་པའི་རྐྱེན་ཡིག་ཅིག་ཡིན་པས་སྔར་ལུགས་བཞིན་སྦྱོར་དགོས། སྔར་གྱི་ཡིག་རྙིང་དག་ལས་དབུ་ཁྱུད་ལ་རིགས་དང་འབྲི་སྟངས་མི་འདྲ་བ་ཁ་ཤས་བྱུང་ཡོད་དེ། ཡིག་མགོ་མདུན་མ་དང་ཡིག་མགོ་ཚེག་ཤད་མ། ཡིག་མགོ་ཕུར་ཤད་མ་སོགས་ཡོད་ཀྱང་སྐབས་འདིར་བཏང་སྙོམས་སུ་བཞག 

བརྡ་འགྲེལ་གདོང་འཛར།

དབུ་ཁྱུད། ཕྱེད་ཁྱུད། ཚང་ཁྱུད།