ཤེས་རིག་གྲོང་ཁྱེར།སྔ་མའི་པར་གཞི་དེ དཔལ་ཚེ་རྡོར  ནས 2018-07-26 08:59ལ་འགྲུབ།

ཤེས་རིག་གྲོང་ཁྱེར།

ཤེས་རིག་གྲོང་ཁྱེར།
རྣམ་པ་གསར་བའི་ཤེས་རིག་གྲོང་ཁྱེར་ནི་གསར་གཏོད་ལྡན་པའི་སྒོ་ནས་གྲོང་ཁྱེར་འཕེལ་རྒྱས་ཀྱི་རྣམ་པ་བསྒྱུར་ཏེ། ཁྱོན་ཡོངས་ནས་རྣམ་པ་གསར་བའི་ཆ་འཕྲིན་ལག་རྩལ་དང་རྣམ་པ་གསར་བའི་གྲོང་ཁྱེར་ཅན་དུ་འཕེལ་རྒྱས་གཏོང་བ་གཉིས་གཏིང་ཟབ་སྒོས་ཟུང་འབྲེལ་བྱས་ཏེ་གྲོང་ཁྱེར་གྱི་བཅོས་སྐྱོང་ནུས་པ་མཐོར་འདེགས་དང་དེང་རབས་ཅན་གྱི་ཆུ་ཚད་ལ་སྙེག་ནས་གྲོང་ཁྱེར་གྱི་རྒྱུན་མཐུད་འཕེལ་རྒྱས་ཕྱོགས་ལ་བགྲོད་ལམ་གསར་བ་དང་། བྱེད་ཕྱོགས་གསར་བ། རྣམ་པ་གསར་བཅས་ཀྱི་ལམ་བཏོད་པ་རེད། རྣམ་པ་གསར་བའི་ཤེས་རིག་གྲོང་ཁྱེར་གྱི་བཀོད་འདོམས་བྱེད་ཡུལ་ནི་དགོས་ངེས་ལ་ཁ་ཕྱོགས་པ་དང་། སྤྱི་ཚོགས་བཅོས་སྐྱོང་། དམངས་ཕན་ཞབས་ཞུ་བཅས་གཅིག་སྡུད་ཀྱི་སྒོ་ནས་སྣ་འཛོམས་རང་བཞིན་ཅན་གྱི་ཞབས་ཞུའི་སྟེགས་བུ་སྐྲུན་པ་དེ་ཡིན། བྱེད་དགོས་པ་ནི་གཅིག་གྱུར་གྱི་སྣེ་ཁྲིད། གཅིག་གྱུར་གྱི་འཆར་འགོད། གཅིག་གྱུར་གྱི་དོ་དམ་བཅས་གསུམ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
智慧城市
ཕྱི་ཡིག་གི་མིང་།
Smart Cities
1 ངོ་སྤྲོད།  

ཤེས་རིག་གྲོང་ཁྱེར་ནི་དངོས་འབྲེལ་དྲྭ་རྒྱའི་རྨང་གཞིའི་སྒྲིག་འཛུགས་དང་རྩིས་འཕྲུལ་དྲྭ་རྒྱའི་རྨང་གཞིའི་སྒྲིག་ཆས་སྟེང་དུ་དེང་རབས་གསར་བའི་བརྡ་འཕྲིན་དྲྭ་རྒྱའི་ལག་རྩལ་དང་སྤྱི་འབྲེལ་དྲྭ་རྒྱ། སྣ་འཛོམས་རང་བཞིན་གྱི་ཐབས་ལམ་སྤྱད་དེ། དྲྭ་རྒྱའི་སྨྱན་མང་བཅས་གཞི་གཅིག་ཏུ་སྦྲེལ་བའི་ལག་ཆ་དང་བྱེད་ཐབས་ལས་གསལ་ཆ་ལྡན་ཞིང་མངོན་གསལ་ཡིན་པ། དྲྭ་འབྲེལ་དང་རིག་ནུས་བཅས་གཞི་གཅིག་ཏུ་བཀོལ་བ་ཡིན། དེ་དང་བསྟུན་སྒོ་འབྱེད་གསར་གཏོད། ཁྱོན་ཡོངས་ཀྱིས་གསར་གཏོད། མཉམ་འབྲེལ་གསར་གཏོད་བཅས་ཀྱི་ཁྱད་ཆོས་ལྡན་པའི་རྒྱུན་མཐུད་གསར་གཏོད་དེ་ཡིན། དེའི་ངོ་བོ་ནི་སྔོན་ཐོན་གྱི་བརྡ་འཕྲིན་ལག་རྩལ་བཀོལ་ནས་ཤེས་རིག་གྲོང་ཁྱེར་ཅན་གྱི་དོ་དམ་དང་བྱེད་ཕྱོགས། དམངས་འཚོ་དང་ཁོར་ཡུག་སྲུང་སྐྱོབ། སྤྱིའི་བདེ་འཇགས་སོགས་དགོས་མཁོའི་རིགས་ལ་འདོན་སྤྲོད་བྱས་ནས་གྲོང་ཁྱེར་གྱི་མིའི་རིགས་ལ་མཛེས་སྡུག་ལྡན་པའི་འཚོ་བ་སྐྲུན་པ་དེའོ། ། 

2 བྱེད་ཐབས་གཙོ་བོ། 
2_1 གཅིག རྣམ་པ་གསར་བའི་ཤེས་རིག་གི་སྲིད་དོན་སྟེགས་བུ་བསྐྲུན་པ། 

བརྡ་འཕྲིན་བརྗེ་རེས་དང་ཆ་འཕྲིན་མཉམ་སྤྱོད་ཀྱི་ལུགས་སུ་ཕྱོགས་ཏེ་ཆ་འཕྲིན་བརྗེ་རེས་ཐད་ཀྱི་བྱེད་ཐབས་དང་ཁོར་ཡུག ཚད་ལྡན་ཡིན་པའི་སྡུད་ལེན་བྱེད་ཐབས་དང་ཞབས་ཞུའི་བྱེད་ཕྱོགས་ཚད་དང་ལྡན་པར་བྱས་ནས་གཅིག་གྱུར་ལྡན་པའི་ཆ་འཕྲིན་གྱི་ཡོངས་ཁུངས་དེ་སྙོམས་སྒྲིག་དང་བརྗེ་རེས་བྱེད་སའི་ལམ་སྲོལ་ཅན་དུ་གཏོང་བ།

2_2 གཉིས། རྣམ་པ་གསར་བའི་ཤེས་རིག་གི་འགྲིམ་འགྲུལ་སྟེགས་བུ་བསྐྲུན་པ།

རྣམ་པ་གསར་བའི་འགྲིམ་འགྲུལ་དོ་དམ་ལྟ་སྐུལ་གྱི་མ་ལག་འཐུས་ཚང་ཅན་འཛུགས་སྐྲུན་བྱེད་པ་དང་། ནུས་ཤུགས་ཡོད་རྒུ་བཏོན་ནས་སྤྱི་སྤྱོད་གློག་སྒུལ་རླངས་འཁོར་གྱི་ནང་དུ་ཡོད་པའི་བརྙན་མིག་གི་མ་ལག་འཐུས་ཚང་དང་ཆ་འཕྲིན་བསྡུ་ལེན་གྱི་ནུས་པ་ཆ་ཚང་ཅན་དུ་གཏོང་དགོས་པའི་མི་ཚད། གལ་ཆེན་གྱི་རིགས་ལ་ཁ་གསབ་བགྱིས་ཏེ་གྲོང་ཁྱེར་གྱི་སྤྱི་སྤྱོད་འགྲིམ་འགྲུལ་གྱི་གནས་ཚུལ་དང་ཁེ་ལས་ཅན་གྱི་སྤྱི་སྤྱོད་འགྲིམ་འགྲུལ་གྱི་ཆ་འཕྲིན་རྣམས་ཕྱོགས་བསྡུས་དང་འཐུས་ཚང་ཅན་དུ་བཏང་ནས་ལས་རིགས་གཅིག་བསྡུས་ཅན་གྱི་སྤྱི་སྤྱོད་འགྲིམ་འགྲུལ་མཚོན་གྲངས་ཀྱི་ཐོན་ཁུངས་བཀོད་འདོམས་བྱེད་ཡུལ་འཛུགས་སྐྲུན་བྱས་ནས་གྲོང་ཁྱེར་གྱི་སྤྱི་སྤྱོད་འགྲིམ་འགྲུལ་ཁེ་ལས་དང་འགྲིམ་འགྲུལ་སྐྱེལ་འདྲེན་བདག་སྐྱོང་ཚན་ཁག་གཉིས་ཀྱི་བྱེད་ཐབས་འཐུས་ཚང་དུ་གཏོང་དགོས། 

2_3 གསུམ།  རྣམ་པ་གསར་བའི་ཤེས་རིག་གི་ལྗོངས་རྒྱུའི་སྟེགས་བུ་བསྐྲུན་པ།

ཤེས་རིག་གི་ལྗོངས་རྒྱུ་འཛུགས་སྐྲུན་བྱས་པ་བརྒྱུད། ཞབས་ཞུ་བྱེད་དགོས་པ་གསུམ་སྟེ། ལྗོངས་རྒྱུ་བར་ཞབས་ཞུ། ཞབས་ཞུའི་གཙོ་སྐྱོང་ལས་ཁུངས། ཁེ་ལས་ཞབས་ཞུ། དེ་དང་སྒོ་བསྟུན་ནས་ལྗོངས་རྒྱུའི་ལས་རིགས་ཐད་ཀྱི་སྤྱིའི་བཀོད་འདོམས་དང་བྱེད་ཕྱོགས་ཀྱི་ནུས་པ་ཇེ་མཐོར་བཏང་ནས་སྤུས་ལེགས་ཡིན་པའི་སྐྱེ་ཁམས་ཁོར་ཡུག་གི་ལྗོངས་རྒྱུ་བསྐྲུན་པ་དང་། ལྗོངས་རྒྱུའི་ཞབས་ཞུའི་སྤུས་ཚད་ཇེ་མཐོར་གཏོང་དགོས། དེ་དང་བསྟུན་ཏེ་ལྗོངས་རྒྱུའི་ས་ཁུལ་གྱི་དཔལ་འབྱོར་བདེ་འཇགས་དང་མགྱོགས་མྱུར་ངང་འཕེལ་རྒྱས་གཏོང་དགོས། 

2_4 བཞི། རྣམ་པ་གསར་བའི་ཤེས་རིག་གི་སྐྱེ་ཁམས་སྟེགས་བུ་བསྐྲུན་པ། 

གསར་གཏོད། སྙོམས་སྒྲིག ལྗང་མདོག ཕྱིར་གཏོང་། མཉམ་སྤྱོད་བཅས་ཀྱི་བླང་བྱ་གཏིང་ཟབ་དུ་སོང་ཕྱིན། དུས་སྐབས་གསར་བའི་བླང་བྱའི་འོག ཀྲུང་གོའི་ཤེས་རིག་སྐྱེ་ཁམས་ཞེས་བརྗོད་གཞི་ཡིན་པའི་ནང་དོན་གནད་དུ་བཟུང་ནས་གློག་རྡུལ་ཚོང་དོན་དང་ནུས་ཁུངས་གསར་བ་སོགས་བདེ་ཐང་ངང་འཕེལ་རྒྱས་སུ་བཏང་ཏེ་སྣ་མང་མཉམ་འདུས་ཀྱི་རྣམ་པ་གསར་བའི་སྐྱེ་ཁམས་སྟེགས་བུ་བསྐྲུན་པ།

2_5 ལྔ། རྣམ་པ་གསར་བའི་ཤེས་རིག་གི་སློབ་གསོའི་སྟེགས་བུ་བསྐྲུན་པ།

ཐབས་ཤེས་ཟུང་ལྡན་དང་མཉམ་འབྲེལ་རང་བཞིན་གྱི་སློབ་གསོའི་བྱེད་ཕྱོགས་སྙིང་བོར་བཟུང་ནས་སློབ་གསོའི་མ་ལག་གི་ཐོན་ཁུངས་བེད་སྤྱོད་དང་དཔྱད་འཇོག་གི་ཐབས་ལམ་བརྒྱུད་ནས་སློབ་གྲྭ་དང་དགེ་རྒན། སློབ་མ་བཅས་ལ་ཚད་མཐོ་བའི་སློབ་ཁྲིད་ཀྱི་དམིགས་བྱ་བཟུང་ནས་གནད་དུ་འཕིགས་པའི་སློབ་སྟོན་དང་། སློབ་མའི་རང་གི་འདུན་པ་དང་ནུས་པ་ལྟར་སློབ་སྦྱོང་བྱས་ཏེ་སློབ་མ་གཙོར་བཟུང་བའི་སློབ་ཁྲིད་བྱེད་ཕྱོགས་ལག་ལེན་བྱེད་དགོས། 


བརྡ་འགྲེལ་གདོང་འཛར།

གྲོང་ཁྱེར། ཤེས་རིག གསར་གཏོད།