རོང་བོ་དགོན་ཆེན་གྱི་ཆོ་འཕྲུལ་སྨོན་ལམ་ཆེན་མོ།སྔ་མའི་པར་གཞི་དེ མཐོ་སྒང་གི་མེལ་ཚེ།  ནས 2018-07-23 11:16ལ་འགྲུབ།

རོང་བོ་དགོན་ཆེན་གྱི་ཆོ་འཕྲུལ་སྨོན་ལམ་ཆེན་མོ།

རོང་བོ་དགོན་ཆེན་གྱི་ཆོ་འཕྲུལ་སྨོན་ལམ་ཆེན་མོ།
རོང་བོ་དགོན་ཆེན་གྱི་ཆོ་འཕྲུལ་སྨོན་ལམ་ནི། སྤྱི་ལོ༡༧༣༢ལོར་རེབ་གོང་སྐྱབས་མགོན་སྐུ་ཕྲེང་གཉིས་པས་རེབ་གོང་སྤྱི་དཔོན་ནང་སོ་ངག་དབང་བསོད་ནམས་དང་བཀའ་གྲོས་གནང་སྟེ་ཆོ་འཕྲུལ་ཟླ་བའམ་བོད་ཟླ་དང་པོའི་ཚེས་བཅུ་གཅིག་ནས་བཅོ་ལྔ་བར་སྨོན་ལམ་ཉིན་ལྔའི་རིང་དགོན་པའི་མཐའ་བསྐོར་གྱི་ཆོས་སྲིད་ཀྱི་དབང་ཆ་ཡོངས་རྫོགས་ཚོགས་ཆེན་ཞལ་ངོ་དང་ཐོས་བསམ་གླིང་གི་དགེ་བསྐོས་གཉིས་ལ་དབང་བ། སྨོན་ལམ་སྟེང་རོང་བོ་གདན་ས་གསུམ་གཙོས་རེབ་གོང་ཕྱོགས་གཏོགས་དང་བཅས་པའི་དགེ་ལུགས་པའི་གྲྭ་གཞོན་ཐམས་ཅད་ཞུགས་ཆོག་པ། རེབ་གོང་གཤོག་ཁ་བཅུ་གཉིས་ཀྱིས་ལོ་རེས་མོས་བཞིན་མཆོད་འབུམ་གྱིས་མཚོན་པའི་བསྙེན་བཀུར་བྱེད་དགོས་པ་སོགས་གཏན་ཁེལ་བྱས།
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མཚན།
རོང་བོ་དགོན་ཆེན་གྱི་ཆོ་འཕྲུལ་སྨོན་ལམ་ཆེན་མོ།
རྒྱ་ཡིག་གི་མཚན།
隆务大寺大神变祈愿节
དབྱིན་ཡིག་གི་མཚན།
Rongwo monastery's Great Praver Festival
1 ངོ་སྤྲོད།
1_1 རོང་བོ་དགོན་ཆེན་གྱི་ཆོ་འཕྲུལ་སྨོནལམ་ཆེན་མོ།

རོང་བོ་དགོན་ཆེན་གྱི་ཆོ་འཕྲུལ་སྨོན་ལམ་ནི། སྤྱི་ལོ༡༧༣༢ལོར་རེབ་གོང་སྐྱབས་མགོན་སྐུ་ཕྲེང་གཉིས་པས་རེབ་གོང་སྤྱི་དཔོན་ནང་སོ་ངག་དབང་བསོད་ནམས་དང་བཀའ་གྲོས་གནང་སྟེ་ཆོ་འཕྲུལ་ཟླ་བའམ་བོད་ཟླ་དང་པོའི་ཚེས་བཅུ་གཅིག་ནས་བཅོ་ལྔ་བར་སྨོན་ལམ་ཉིན་ལྔའི་རིང་དགོན་པའི་མཐའ་བསྐོར་གྱི་ཆོས་སྲིད་ཀྱི་དབང་ཆ་ཡོངས་རྫོགས་ཚོགས་ཆེན་ཞལ་ངོ་དང་ཐོས་བསམ་གླིང་གི་དགེ་བསྐོས་གཉིས་ལ་དབང་བ། སྨོན་ལམ་སྟེང་རོང་བོ་གདན་ས་གསུམ་གཙོས་རེབ་གོང་ཕྱོགས་གཏོགས་དང་བཅས་པའི་དགེ་ལུགས་པའི་གྲྭ་གཞོན་ཐམས་ཅད་ཞུགས་ཆོག་པ། རེབ་གོང་གཤོག་ཁ་བཅུ་གཉིས་ཀྱིས་ལོ་རེས་མོས་བཞིན་མཆོད་འབུམ་གྱིས་མཚོན་པའི་བསྙེན་བཀུར་བྱེད་དགོས་པ་སོགས་གཏན་ཁེལ་བྱས། 

སྨོན་ལམ་ཆེན་མོའི་བསྒྲིག་ལམ་དང་། ཚོགས་འདོན་གྱི་རིམ་པ། དབྱངས་རྟ་ཕྱག་ལེན་མང་ཆེ་བ་ལྷ་སའི་སྨོན་ལམ་ཆེན་མོ་དང་སྒོ་བསྟུན་ཏེ་རོང་བོ་དགོན་ཆེན་གྱི་ཆོ་འཕྲུལ་སྨོན་ལམ་ཆེན་མོ་གསར་དུ་བཙུགས། ཚེས་བཅུ་གཉིས་ཉིན་མེ་ཏོག་མཆོད་མཇལ་དང་། ཚེས་བཅུ་གསུམ་ཉིན་རྟེན་མཇལ། ཚེས་བཅུ་བཞི་ཉིན་གོས་སྐུ་ཆེན་མོ་ཞལ་འབྱེད། ཚེས་བཅོ་ལྔ་ཉིན་བྱམས་པ་གླིང་བསྐོར། ཚེས་བཅུ་དྲུག་ཉིན་འཆམ། ཉིན་རེའི་ཕྱི་དྲོར་ལྷ་ཁང་སོ་སོའི་མདུན་དུ་སྨོན་ལམ་གསུང་ཆོས་བཅས་ཡོད། 

གཞན་སྒྲུབ་སྡེ་ཁག་གི་ཆོ་འཕྲུལ་སྨོན་ལམ་ཆེན་མོ་རྣམས་རེའུ་མིག་སྟེང་བཀོད་ཡོད་པ་དང་། ཉིན་རེའི་སྨོན་ལམ་གསུང་ཆོས་སྐབས་དགོན་བདག་བླ་མས་དད་ལྡན་སྐྱ་སེར་མང་ཚོགས་རྣམས་ལ་ནང་ཆོས་ངོ་སྤྲོད་དང་། རྟེན་མཆོག་རྣམས་འཁྲུས་གསོལ་བཅས་ཡོད། 

སྤྱིར་ན་ཆོ་འཕྲུལ་སྨོན་ལམ་གྱི་དུས་ཆེན་དེ་གཙོ་བོ་སྟོན་པ་ཤཱཀྱ་ཐུབ་པ་བཀའ་དྲིན་རྗེས་སུ་དྲན་པའི་ཆེད་དུ། སྟོན་པའི་སྐུ་བརྙན་གོས་སྐུ་ཆེན་མོ་ཞལ་འབྱེད་གནང་སྟེ་དད་ལྡན་སྐྱ་སེར་མང་ཚོགས་རྣམས་ཀྱིས་ཕྱག་མཆོད་དང་བསྙེན་བཀུར་བྱེད་པ་དང་། མ་འོངས་པ་ལ་སེམས་ཅན་ཐམས་ཅད་རྗེ་བཙུན་བྱམས་པ་མགོན་པོའི་ཞབས་དྲུང་དུ་སྐྱེས་པ་དང་། དེའི་བསྟན་པ་མཇལ་ཐུབ་པའི་སྨོན་པའི་རྟེན་འབྲེལ་དུ། དད་ལྡན་སྐྱ་སེར་མང་ཚོགས་རྣམས་ཀྱིས་མཆོད་རྫས་སྣ་ཚོགས་དང་བཅས་པའི་སྒོ་ནས་རྒྱལ་བ་བྱམས་པ་མགོན་པོའི་སྐུ་འདྲ་དགོན་པའི་གླིང་བསྐོར་དུ་གདན་འདྲེན་པ་སོགས་རྟེན་འབྲེལ་གྱི་ཆོས་ཉིད་ལ་གཞིགས་པའི་ཆོས་ལུགས་ཀྱི་བྱེད་སྒོ་ཞིག་ཡིན། 

རྗེས་སུ་ཆོ་འཕྲུལ་སྨོན་ལམ་སྟེང་སྟོན་པའི་གོས་སྐུ་ལས་གཞན་པའི་བྱམས་པའི་གོས་སྐུ། མི་འཁྲུགས་པའི་གོས་སྐུ། འོད་དཔག་མེད་ཀྱི་གོས་སྐུ་བཅས་རིགས་མི་འདྲ་བ་མང་པོ་ཞལ་འབྱེད་པའི་ཕྱག་སྲོལ་དར་ཁྱབ་བྱུང་བ་ཡིན་ནོ།།

.jpg

2 རེབ་གོང་ཡུལ་དུ་ཡོད་པའི་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་དུས་ཚིགས་ངོ་སྤྲོད་རེའུ་མིག
དགོན་པ། ཟླ་བ།    ཚེས། མེ་ཏོག་མཆོད་མཇལ། རྟེན་མཇལ། གོས་སྐུ། བྱམས་བསྐོར།

འཆམ།

རོང་བོ་དགོན་ཆེན། ༡༡ནས་༡༦ ༡༢ ༡༣ ༡༤
༡༥ ༡༥
སེང་གཤོང་མ་གོ་དགོན་པ། ༡ནས་༡༠

༡༠
སེང་གཤོང་ཡ་གོ་དགོན་པ། ༡ནས་༨

ཡིད་སྒར་དགོན་པ།



སྒོ་དམར་དགོན་པ། ༥ནས་༡༡
༡༠ ༡༡
གཉན་ཐོག་དགོན་པ། ༩ནས་༡༣
༡༡ ༡༢ ༡༣
རྗོང་དཀར་དགོན་པ། ༡༡ནས་༡༦
༡༣ ༡༤ ༡༥ ༡༦
མགར་རྩེ་གྱ་ས་དགོན་པ། ༡༡ནས་༡༥

༡༣ ༡༥
གཡེར་གཤོང་དགོན་པ།
༧ནས་༡༥

༡༢ ༡༣
ཤེལ་དགོན།
༤ནས་༡༣
༡༠ ༡༡

༡༢
ཁྱུང་དགོན།
༦ནས་༡༣




 བོན་རྒྱ་དགོན་པ། ༤ནས་༩