ཨ་མདོ་བརྙན་འཕྲིན།སྔ་མའི་པར་གཞི་དེ མཐོ་སྒང་གི་མེལ་ཚེ།  ནས 2018-07-23 10:56ལ་འགྲུབ།

ཨ་མདོ་བརྙན་འཕྲིན།

ཨ་མདོ་བརྙན་འཕྲིན།
ཨ་མདོ་བརྙན་འཕྲིན་ནི་སྔོན་གྱི་ཚེ་མཚོ་སྔོན་བརྙན་འཕྲིན་ཁང་གི་བོད་སྐད་འཁོར་སྐར་འཕྲིན་ལམ་ཡིན་ལ་2015ལོའི་ཟླ5བའི་ཚེས15ཉིན་གྱི་ཞོགས་པའི་ཆུ་ཚོད7པ་ནས་བཟུང་། སྔར་གྱི་མཚོ་སྔོན་བོད་སྐད་བརྙན་འཕྲིན་ཞེས་པ་ནས་ཨ་མདོ་བརྙན་འཕྲིན་དུ་བསྒྱུར་བ་རེད།
གཞི་རྩའི་གནས་ཚུལ།

མིང་།
ཨ་མདོ་བརྙན་འཕྲིན།
རྒྱ་ཡིག་གི་མིང་།
安多卫视
དབྱིན་ཡིག་གི་མིང་།
Qinghang Amdo TV Station
སྔ་མའི་མིང་།
མཚོ་སྔོན་བརྙན་འཕྲིན་ཁང་བོད་སྐད་འཕྲིན་ལམ།
གཏོང་བཞིན་པའི་སྐད།
རྒྱའི་སྤྱི་སྐད་དང་ཨམ་སྐད།
གཞུང་ཕྱོགས་སྤྱི་སྟེགས།
amdoTV
གནས་ཡུལ།
མཚོ་སྔོན་ཟི་ལིང་གྲོང་ཁྱེར།
ལེ་ཚན་གཏོང་བའི་དྲ་གནས།
མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་།
1 ​ངོ་སྤྲོད།

.png

1_1 མིང་གི་བྱུང་བ།

2015ལོའི་ཟླ5བའི་ཚེས15ཉིན་གྱི་ཞོགས་པའི་ཆུ་ཚོད7པ་ནས་བཟུང་། མཚོ་སྔོན་བརྙན་འཕྲིན་ཁང་གི་བོད་སྐད་འཁོར་སྐར་འཕྲིན་ལམ་གྱི་མིང་དེ་སྔར་ཀྱི་མཚོ་སྔོན་བོད་སྐད་བརྙན་འཕྲིན་ཞེས་པ་ནས། ཨ་མདོ་བརྙན་འཕྲིན་དུ་བསྒྱུར་བ་རེད། ཨ་མདོ་ཞེས་པ་ནི། ད་ལྟའི་མཚོ་སྔོན་གྱི་ཡུལ་ཤུལ་ཁུལ་མ་གཏོགས་པའི་བོད་ཁུལ་ཡོངས་དང་། ཀན་སུའུ་བོད་ཁུལ། སི་ཁྲོན་གྱི་བོད་ཁུལ་ཁག་ཅིག་བཅས་ཀྱི་སྤྱི་མིང་ཡིན་ལ། ཨ་མདོའི་ཡུལ་སྐད་བེད་སྤྱོད་པའི་ས་ཁུལ་ཡོངས་ལའང་ཟེར་བ་ཡིན། 

1_2 ཐོག་མའི་བྱུང་བ།

མཚོ་སྔོན་བོད་སྐད་བརྙན་འཕྲིན་སྤྱི་ལོ1984ལོའི་ཟླ10བའི་ཚེས1ཉིན་བོད་སྐད་གསར་འགྱུར་སྒྲོག་སྤེལ་ནས་མགོ་བརྩམས་ཏེ་བྱུང་བ་ཡིན། དང་ཐོག་སྐར་མ་བཅུ་ཡས་མས་ཀྱི་བོད་སྐད་གསར་འགྱུར་དང་རིམ་བཞིན་བོད་ཀྱི་རིག་རྩལ་ལེ་ཚན། དེ་ནས་ཆེད་སྒྲིག་ལེ་ཚན་སོགས་སུ་འཕེལ་རྒྱས་སོང་སྟེ། ཉིན་རེའི་གཏོང་ཡུན་དུས་ཚོད་གཅིག་ཡས་མས་ཀྱི་མཚམས་སུ། བོད་སྐད་འཁོར་སྐར་འཕྲིན་ལམ་ཅན་དུ་འཕེལ་བ་དང་། 

1_3 འཁོར་སྐར་འཕྲིན་ལམ་དུ་གྱུར་བ།

2005ལོའི་ཟླ2པའི་ཚེས28ཉིན་མཚོ་སྔོན་བོད་སྐད་འཁོར་སྐར་འཕྲིན་ལམ་དངོས་སུ་གཏོང་མགོ་རྩོམ་པའི་དགུང་ཚོགས་བསྡུས་ནས་དགའ་སྟོན་དང་རྟེན་འབྲེལ་རྒྱ་ཆེར་ཞུས། 2014ལོའི་བར་དུ་མཚོ་སྔོན་གྱི་བོད་སྐད་བརྙན་འཕྲིན་ལ་ལོ་ངོ་སུམ་ཅུའི་ལོ་རྒྱུས་ཡོད་པར་གྱུར། 

1_4 འཕེལ་འགྱུར།

ད་ལྟ་མཚོ་སྔོན་ཨ་མདོའི་ཡུལ་སྐད་གཙོ་ཡིན་པའི་བོད་སྐད་བརྙན་འཕྲིན་སྟེ་ཨ་མདོ་བརྙན་འཕྲིན་ཉིན་རེའི་བོད་སྐད་གཏོང་ཡུན་དུས་ཚོད་བཅོ་བརྒྱད་དུ་སླེབས་ཡོད་པ་དང་། བོད་རིགས་ལས་བྱེད་མི་སྣ་འཁོར་སྐར་འཕྲིན་ལམ་གཏོང་མགོ་རྩོམ་སྐབས་ཀྱི་མི་ལྔ་བཅུ་ཡས་མས་ནས་ད་ལྟ་བརྒྱ་དང་བཅུ་ཡས་མས་སུ་འཕར་ཡོད།

འདས་པའི་དུས་སུ་མཚོ་སྔོན་བོད་སྐད་བརྙན་འཕྲིན་ལ་མདོ་དབུས་ཁམས་གསུམ་དང་རྒྱལ་ཁབ་ཕྱི་ནང་ནས་དགའ་བསུ་ཚད་མེད་ཐོབ་ཅིང་། 2010ལོའི་ཡུལ་ཤུལ་ས་འགུལ་གྱི་སྐབས་སུ་མཚན་སྙན་གྱི་བ་དན་སྔར་ལས་ཀྱང་ཕྱོགས་བཞིར་ཁྱབ། བོད་རིགས་སྤུན་ཟླར་བརྗེད་པར་དཀའ་ལ་མི་རིགས་ནང་ཁུལ་མཐུན་སྒྲིལ་ལ་ཤུགས་རྐྱེན་ཆེན་པོ་འབྱུང་བྱེད་དུ་གྱུར། བོད་སྐད་དང་བོད་ཡིག་དག་པོར་སྤྱོད་ཅིང་། བོད་ལྭ་གྱོན་པ་ནི་བོད་རིགས་མང་ཚོགས་ཀྱི་ཁས་ལེན་ཐོབ་པའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་ཏུ་ཡང་གྲུབ་ཡོད།

2 ལེ་ཚན།


རང་སྒྲུབ་ལེ་ཚན་ལ། གསར་འགྱུར་མེ་ལོང་། གསར་འགྱུར་མཉམ་སྒྲོག གསར་འགྱུར་རྒྱས་བཤད། གླེང་སྟེགས། ཁ་བའི་ཞབས་རྗེས། ཁ་བརྡ། དངོས་བྲིས། མེ་ཏོག་གངས་ལྷ། འཚོ་བའི་ལམ་ཡིག རྨ་འབྲིའི་རླབས་ཀྱི་ཟེགས་མ། རྒྱལ་ཁམས་ལྟ་བའི་མེ་ལོང་། བཀྲ་ཤིས་གསེར་ཟམ། འཆད་ཁྲིད་མུན་སེལ་སྒྲོན་མེ་སོགས་ཡོད། 

3 ལེ་ཚན་གཏོང་བའི་དྲ་གནས།