ཧན་ཝུའུ་ཏེ།སྔ་མའི་པར་གཞི་དེ .ཉི་མ་འཚོ།  ནས 2018-07-09 15:55ལ་འགྲུབ།

ཧན་ཝུའུ་ཏེ།

ཧན་ཝུའུ་ཏེ།
ཧན་ཝུའུ་ཏེ་ནི་ཧན་ནུབ་མའི་རྒྱལ་བོ་ཁྲི་རབས་ལྔ་པ་ཡིན། ཁོང་གིས་བཙན་རྒྱལ་གྱི་འཕྲིན་ལས་དགུང་དུ་བསྟད་དེ། ལོ་རྒྱུས་ཐོག་ཐང་རྒྱལ་རབས་ཀྱི་གོ་གནས་དང་མཉམ་པར་གྱུར་ཅིང“ཧན་ཐང་རྫོགས་ལྡན”ཞེས་བསྔགས་པ་བརྗོད་པ་རེད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
汉武帝
མཚན་གཞན།
ལིག་ཁྲེ།
མི་རིགས།
རྒྱ་རིགས།
རྒྱལ་ཁབ།
ཀྲུང་གོ།
འཁྲུངས་འདས་ལོ་ཚིགས།
སྤྱི་ལོ་སྔོན་གྱི(156-87)
1 ​ངོ་སྤྲོད།

ཧན་ཝུའུ་ཏེ་ལིག་ཁྲེ(ཧ་ལམ་སྤྱི་ལོ་སྔོན་གྱི156-སྤྱི་ལོ་སྔོན་གྱི87ལོ)ནི་ཧན་ནུབ་མའི་རྒྱལ་བོ་ཁྲི་རབས་ལྔ་པ་ཡིན། ཁོང་གིས་བཙན་རྒྱལ་གྱི་འཕྲིན་ལས་དགུང་དུ་བསྟད་དེ། ལོ་རྒྱུས་ཐོག་ཐང་རྒྱལ་རབས་ཀྱི་གོ་གནས་དང་མཉམ་པར་གྱུར་ཅིང“ཧན་ཐང་རྫོགས་ལྡན”ཞེས་བསྔགས་པ་བརྗོད་པ་རེད།

རྒྱལ་བོ་ཁོང་གིས་མི་ཚེ་གང་བོར་ཞི་དྲག་གཉིས་ཀྱི་ཐབས་ལམ་སྤྱད་ནས་རྒྱལ་སྲིད་བསྐྱངས་པ་རེད། ཁོང་ཉིད་རྒྱལ་སར་བཞུགས་རྗེས། བློན་པོ་གོང་མའི་ཕུན་ཚོགས་ཤུལ་བཞག་རྒྱུན་འཛིན་གནང་ཞིང་། དེས་ཀྱང་མགུ་མ་གང་བར་བློ་སྟོབས་ཆེན་པོས་གསར་གཏོད་གནང་སྟེ་གནམ་ས་བླ་འོག་བསྒྱུར་བའི་འཕྲིན་ལས་སྤེལ་འདོད་ཆེ། དེར་བརྟེན། ཁོང་གིས་ཐོག་མར་རིག་གནས་བསམ་བློའི་ཐད་ནས་རྒྱལ་འབངས་གཅིག་ཏུ་ཕྱོགས་པ་དང་། ཆབ་སྲིད་ཀྱི་ངོས་ཐད་ནས་ས་གནས་རྒྱལ་ཕྲན་ཁག་གི་སྟོབས་ཤུགས་ཆུང་ངུར་བཏང་སྟེ་ཀྲུང་དབྱང་གཅིག་གྱུར་གྱི་དབང་ཆ་སྲ་བརྟན་དུ་བཏང་། དཔལ་འབྱོར་གྱི་ངོས་ཐད་ནས་ཐོན་སྐྱེད་དང་ཆུ་བེད་འཛུགས་སྐྲུན་གནང་། ཕྱི་འབྲེལ་གྱི་ངོས་ཐད་ནས་བྱང་ཕྱོགས་སུ་ཞང་ནུའུ་དང་འཐབ་ཅིང་། ནུབ་ཕྱོགས་སུ་འགྲུལ་ལམ་བཏོད། .jpgཤར་ལྷོ་གཉིས་སུ་མངའ་ཁོངས་རྒྱ་བསྐྱེད་དེ་མཐའ་མཚམས་ཀྱི་བདེ་འཇགས་བསྲུངས། དེའི་དུས། ལོ་རྒྱུས་ཐོག་མིང་དུ་གྲགས་པའི“དར་གོས་འགྲུལ་ལམ”ཞེས་པ་བྱུང་ཞིང་། ཀྲུང་ནུབ་རིག་གནས་ཀྱི་འབྲེལ་ལམ་བཙུགས་པའོ། །

རྒྱལ་བོ་ཁོང་ནི་ཆུང་དུས་ནས་བློ་རིག་བཀྲ་བ་ཞིག་སྟེ། 《ཧན་ཝུའུ་གཏམ་རྒྱུད》དུ་འཁོད་པ་ལྟར་ན། རྒྱལ་བོ་གོང་མའི་རིང་ལ། རྒྱལ་སྲས་བསྐོ་དབྱུང་གི་ཐད་དབང་ཤུགས་ཆེ་བའི་བཙུན་མོ་ལིག་པོའོ་ཞུ་བར་བུ་མོ་ཞིག་མཆིས་པ་དང་། དེའི་མིང་ལ་ཨ་ཅོ་ཟེར་བ་རེད། ལིག་པོའོ་ཡིས་རང་ཉིད་ཀྱི་བུ་མོ་དེ་རྒྱལ་སྲས་ཀྱི་ཆུང་མར་བརྫང་འདོད་ཆེ། རྒྱལ་བོ་ཁོང་ཉིད་ལོ་ན་བཞི་བར་སོན་པའི་ལོ་དེར། ཉིན་ཞིག ལིག་པོའོ་ཡིས་ཁོང་ཉིད་པང་ཐོག་ཏུ་བླངས་ཏེ“ཁྱོད་ཀྱིས་ཆུང་མ་ལེན་འདོད་དམ”ཞེས་དྲིས་པ་ལ། རྒྱལ་སྲས་ཁོང་གིས་འདོད་ཅེས་ལན་བསློགས། ལིག་པོའོ་ཡིས་རང་ཉིད་ཀྱི་ཞབས་འབྲིང་བརྒྱ་ལྷག་ཡོད་པ་བསྟན་ནས“ཁོ་མོ་ཚོ་ལས་ཁྱེད་རང་སུར་དགའ་པ་རེད”ཅེས་མུ་མཐུད་དུ་དྲིས་པར། རྒྱལ་སྲས་ཀྱིས་མགོ་བོ་འཕྲེད་དུ་གཡུག་ཞོར་གཅིག་ལའང་མི་དགའ་ཟེར། དེ་ནས་ལིག་པོའོ་ཡིས་རང་གི་བུ་མོ་ཨ་ཅོ་བསྟན་ཏེ“ཨ་ཅོ་ཆོག་གམ་མི་ཆོག”ཅེས་བརྟགས་ཚེ། རྒྱལ་སྲས་འཛུམ་དང་བཅས“ལོས་ཆོག གལ་སྲིད་ངས་ཨ་ཅོ་ཆུང་མར་བླངས་ན། ངས་གསེར་གྱི་ཁང་བ་ཞིག་བརྩིགས་ཏེ་མོ་རང་སྦ་ཆོག”ཅེས་ཐལ་བ་དང་། ལིག་པོའོ་དགའ་ཐག་ཆོད་པ་རེད། དེ་ནས་བཟུང་། རྒྱལ་སྲས་ཁོང་ཉིད་རྒྱལ་པོར་བཞུགས་ཆེད་དུ་གྲ་སྒྲིག་གི་བྱ་བ་སྣ་ཚོགས་བརྩམས་ཤིང་། མཐར་རྒྱལ་ཁྲིར་འཁོད། དེ་ནི“གསེར་ཁང་ཅོ་སྦ”ཞེས་པའི་གཏམ་རྒྱུད་ཀྱི་འབྱུང་ཁུངས་སོ། །