ཁ་སྒང་བཀྲ་ཤིས་ཚེ་རིང་།སྔ་མའི་པར་གཞི་དེ བསེ་ཆང་རྡོ་རིན།  ནས 2018-05-09 13:28ལ་འགྲུབ།

ཁ་སྒང་བཀྲ་ཤིས་ཚེ་རིང་།

ཁ་སྒང་བཀྲ་ཤིས་ཚེ་རིང་།
ཁ་སྒང་བཀྲ་ཤིས་ཚེ་རིང་ནི་སྤྱི་ལོ1956ལོར་མཚོ་སྔོན་ཐུན་ཏེ་རྫོང་ཁ་སྒང་སྡེ་བར་སྐྱེས་ཤིང་། སྤྱི་ལོ1974ལོར་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོར་རྒྱུགས་འཕྲོད་དེ་བོད་ཀྱི་རིག་གནས་སྐོར་ལ་སློབ་གཉེར་གནང་༌། སྤྱི་ལོ1985ལོར་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་ཞིབ་འཇུག་སློབ་མར་རྒྱུགས་འཕྲོད་དེ་གནའ་རབས་བོད་ཀྱི་རིག་གནས་ཆེད་གཉེར་སྐོར་ལ་སློབ་སྦྱོང་གནང༌། སྤྱི་ལོ1988ལོར་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་ཡིག་སྡེ་ཁག་གི་དགེ་རྒན་གནང་བ་དང་། ད་ལྟ་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་ཀྱི་སྐད་ཡིག་རིག་གནས་སློབ་གླིང་གི་དགེ་རྒན་ཆེན་མོ་དང༌འབུམ་རམས་པ་དང་རབ་འབྱམས་པའི་ཞིབ་འཇུག་སློབ་མའི་མཛུབ་སྟོན་དགེ་རྒན་ཡིན་ལ། ཀན་སུའུ་ཞིང་ཆེན་མི་རིགས་གྲངས་ཉུང་སྐད་རིགས་ཡིག་བསྒྱུར་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཡང་ཡིན།
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
ཁ་སྒང་བཀྲ་ཤིས་ཚེ་རིང་།
རྒྱ་ཡིག་གི་མིང་།
卡岗.扎西才让
སྐྱེས་ཡུལ།
མཚོ་སྔོན་ཐུན་ཏེ་རྫོང་ཁ་སྒང་སྡེ་བ།
སྐྱེས་ལོ།
སྤྱི་ལོ1956ལོ།
མཐར་ཕྱིན་སློབ་གྲྭ།
མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོ།
ལས་གནས།
ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་ཀྱི་སྐད་ཡིག་རིག་གནས་སློབ་གླིང་གི་དགེ་རྒན་ཆེན་མོ། རབ་འབྱམས་པ་དང་འབུམ་རམས་པའིམཛུབ་སྟོན་དགེ་རྒན་བཅས་ཡིན།
1 ​ངོ་སྤྲོད། 

ཁ་སྒང་བཀྲ་ཤིས་ཚེ་རིང་ནི་སྤྱི་ལོ1956ལོར་མཚོ་སྔོན་ཐུན་ཏེ་རྫོང་ཁ་སྒང་སྡེ་བར་སྐྱེས་ཤིང་། སྤྱི་ལོ1974ལོར་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོར་རྒྱུགས་འཕྲོད་དེ་བོད་ཀྱི་རིག་གནས་སྐོར་ལ་སློབ་གཉེར་གནང༌། སྤྱི་ལོ1985ལོར་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་ཞིབ་འཇུག་སློབ་མར་རྒྱུགས་འཕྲོད་དེ་གནའ་རབས་བོད་ཀྱི་རིག་གནས་ཆེད་གཉེར་སྐོར་ལ་སློབ་སྦྱོང་གནང༌། སྤྱི་ལོ1988ལོར་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་ཡིག་སྡེ་ཁག་གི་དགེ་རྒན་གནང་པ་ནས་བཟུང་སྔ་རྗེས་སུ་དངོས་གཞི་སློབ་མ་དང་ཞིབ་འཇུག་སློབ་མར་སྒྲ་དང་སྙན་ངག བསྡུས་གྲྭ བོད་ཀྱི་ལོ་རྒྱུས། སྲིད་འཛིན་རིག་པ་སོགས་སློབ་ཁྲིད་གནང་། ད་ལྟ་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་ཀྱི་སྐད་ཡིག་རིག་གནས་སློབ་གླིང་གི་དགེ་རྒན་ཆེན་མོ་དང༌འབུམ་རམས་པ་དང་རབ་འབྱམས་པའི་ཞིབ་འཇུག་སློབ་མའི་མཛུབ་སྟོན་དགེ་རྒན་ཡིན་ལ། ཀན་སུའུ་ཞིང་ཆེན་མི་རིགས་གྲངས་ཉུང་སྐད་རིགས་ཡིག་བསྒྱུར་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཡང་ཡིན།

2 བརྩམས་ཆོས། 

བོད་ཀྱི་སློབ་གསོའི་དགོས་མཁོར་དམིགས་ཏེ་སྒྲ་རིག་པའི་འཇུག་སྒོ་དང་། དེང་རབས་སྲིད་འཛིན་རིག་པའི་རྣམ་བཤད་ཅེས་པའི་བསླབ་དེབ་གཉིས་པར་བསྐྲུན་གནང་ཡོད། བོད་ཀྱི་གསང་རྒྱུད་རྩ་རླུང་རིག་པར་ཐོག་མའི་དཔྱད་པ་(བོད་འགྱུར)ཞེས་པ་པར་བསྐྲུན་འགྲེམས་སྤེལ་གནང་། སྤྱི་ལོ2000ལོར་བོད་ཀྱི་སྙན་ངག་པ་གྲགས་ཅན་ཡི་དམ་ཚེ་རིང་ལགས་ཀྱི་ཁ་བའི་གངས་ལྗོངས།(བོད་འགྱུར)དང་ཀན་སུའུ་བོད་ཀྱི་རྩོམ་རིག་གི་དཔེ་ཚོགས་དེབ་གཉིས་བཅས་རྩོམ་སྒྲིག་པར་བསྐྲུན་གནང་ཡོད་ཅིང༌། སྤྱི་ལོ2003ལོར་བོད་ཀྱི་ཡིག་རྙིང་ཞིབ་འཇུག་ཅེས་པའི་དཔྱད་རྩོམ་ཕྱོགས་བསྒྲིགས་ཤིག་རྩོམ་སྒྲིག་མཛད་དེ་མི་རིགས་དཔེ་སྐྲུན་ཁང༌གིས་པར་དུ་བསྐྲུན། བོད་ཀྱི་ཤེས་རིག་ཞིབ་འཇུག་དང་སློབ་གསོ་འཛུགས་སྐྲུན་སྐོར་གྱི་དཔྱད་རྩོམ28སྤེལ་ཡོད་པ་དང་། དེའི་ནང་ནས་སྲིད་འཛིན་རྩ་འཛུགས་ཀྱི་རྣམ་གྲངས་མི་འདྲ་བའི་ཁྱད་ཆོས་ལ་དཔྱད་པ(མུ་འབྲེལ་དཔྱད་རྩོམ་གསུམ་པ)ཞེས་པར་ཀན་སུའུ་ཞིང་ཆེན་སྤྱི་ཚོགས་ཚན་རིག་ཆེས་མཐོའི་བྱ་དགའ་ཨང་གསུམ་པ་ཐོབ་པ་དང༌། བསྒྱུར་རྩོམ་སྙན་ངག་གི་བླ་སྲོག་བཤད་པ་ཞེས་པར་ཀན་སུའུ་ཞིང་ཆེན་སྐབས་བཞི་བའི་ཕུལ་བྱུང་རྩོམ་རིག་གི་བྱ་དགའ་ཐོབ་ཡོད།




དཔྱད་གཞིའི་ཡིག་ཆ།