སྲས་མཆོག་འབུམ་པ་རྩེ་བརྒྱད།སྔ་མའི་པར་གཞི་དེ སེང་ལྡེང་མཚོ།  ནས 2018-05-24 11:08ལ་འགྲུབ།

སྲས་མཆོག་འབུམ་པ་རྩེ་བརྒྱད།

སྲས་མཆོག་འབུམ་པ་རྩེ་བརྒྱད།
རི་བོ་ཞིག་ཡིན་ཏེ། མཚོ་ནུབ་ཁུལ་ཐེམ་ཆེན་རྫོང་གི་ཁོངས་སུ་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
岗则吾结
མིང་གཞན།
གངས་རྩེ་བརྒྱད།
ཁོངས་གཏོགས་རྒྱལ་ཁབ།
ཀྲུང་གོ
སྲིད་འཛིན་ཁོངས་གཏོགས།
མཚོ་སྔོན་ཞིང་ཆེན་མཚོ་ནུབ་ཁུལ་ཐེམ་ཆེན་རྫོང་།
རིགས་དབྱེ།
རི་བོ།
གནས་ཡུལ།
མཚོ་ནུབ་ཁུལ་ཐེམ་ཆེན་རྫོང་སུ་རུའི་ཡུལ་ཚོ།
མཚོ་འཕགས།
རྨིད5826.8ཡོད།
1 མིང་ཐོགས་ཚུལ།

རི་བོ་དེ་བོང་སྟག་ཡུལ་གྲུའི་ནུབ་བྱང་ནས་ཤར་ལྷོའི་བར་དུ་ལྷུན་ཆགས་སུ་གནས་པའི་སུ་རུའི(疏勒苏里)རི་རྒྱུད་ཀྱི་ནུབ་སྣེ་ན་ཡོད་ལ་གཙོ་རི་ནི་སྲས་མཆོག་འབུམ་པ་རྩེ་བརྒྱད་ཡིན་ལ་མིང་གཞན་དུ་གངས་རྩེ་བརྒྱད(团结峰)ཀྱང་ཟེར།

2 ངོ་སྤྲོད།

གངས་རྩེ་བརྒྱད་ཀྱི་མཐོ་ཚད་ལ་མཚོ་འཕགས་རྨིད5826ཡོད་པས་བོང་སྟག་ཡུལ་ཚོ་ཡོངས་ཀྱི་ཆེས་མཐོ་བའི་རི་བོ་རེད།   རི་བོ་ཧྲིལ་བོར་དངུལ་འོད་ཆེམ་ཆེམ་དུ་འཕྲོ་བཞིན་ཡོད་པས་ཧ་ཅང་ཡ་མཚན་ཅན་དང་བརྗིད་ཆགས་ཅན།  ཡིད་དུ་འོང་བ་ཞིག་ཡིན།  ཤར་སྣའི་རི་བོ་ཨ་མྱེས་སྨུག་པོ(啊尼厄枯)ལས་བྱུང་བའི་འབབ་ཆུ་ནི་བེའུ་ཧའི་ཆུ་བོ་དང་སུ་རུའི་ཆུ་བོ། མེ་རིའི་ཆུ་བོ་སོགས་ཀྱི་འབྱུང་ཁུངས་གཙོ་བོ་རེད།


བརྡ་འགྲེལ་གདོང་འཛར།

རི་བོ། བོང་སྟག མཚོ་འཕགས།