གངས་ཞོ་བླུགས།སྔ་མའི་པར་གཞི་དེ སེང་ལྡེང་མཚོ།  ནས 2018-05-24 09:58ལ་འགྲུབ།

གངས་ཞོ་བླུགས།

གངས་ཞོ་བླུགས།
རི་བོ་ཞིག་ཡིནཏེ། མཚོ་ནུབ་ཁུལ་ཐེམ་ཆེན་རྫོང་སུ་རུ་ཡུལ་ཚོ་ནས་སྤྱི་ལེ89ཡས་མས་ཀྱི་ལྷོ་ཕྱོགས་སུ་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
酸奶山
ཁོངས་གཏོགས་རྒྱལ་ཁབ།
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ།
སྲིད་འཛིན་ཁོངས་གཏོགས།
མཚོ་སྔོན་ཞིང་ཆེན་མཚོ་ནུབ་ཁུལ་ཐེམ་ཆེན་རྫོང་།
གནས་ཡུལ།
མཚོ་ནུབ་ཁུལ་ཐེམ་ཆེན་རྫོང་སུ་རུའི་ཡུལ་ཚོ།
མཚོ་འཕགས།
རྨིད5000ཡོད།
རིགས་དབྱེ།
གངས་རི།
1 མིང་ཐོགས་ཚུལ།

རི་བོ་འདི་ནི་མཚོ་སྔོན་ཞིང་ཆེན་མཚོ་ནུབ་ཁུལ་ཐེམ་ཆེན་རྫོང་སུ་རུ་ཡུལ་ཚོ་ནས་སྤྱི་ལེ89ཡས་མས་ཀྱི་ལྷོ་ཕྱོགས་སུ་ཡོད་ལ།  རི་ངོས་སུ་གངས་ཞོ་ལྟར་བླུགས་པ་དང་འདྲ་བས་དེ་ལྟར་དུ་ཐོགས།

2 ངོ་སྤྲོད། 

ཆི་ལེན་ནམ་ཆས་ལམ་རི་རྒྱུད་ཀྱི་མངའ་ཁོངས་སུ་ཡོད།  རི་བྱེད་ལེགས་ཤིང་དུས་ཚིགས་བཞི་བོར་གངས་རི་ཞོ་ལྟར་སྤུངས་པ་དང་འདྲ་བའི་གནས་རི་ཁྱད་པར་བ་ཞིག་ཡིན་ཕྱིར་ཡུལ་མི་རྣམས་གངས་སྐོར་དུ་འགྲོ་བ་དང་དར་ལྕོག་འཐེན་པ།  རླུང་རྟ་སྤུར་བ།  ལྷ་བསང་གཏོང་བ་བཅས་བྱེད་མུས་སུ་ཡོད་པས།  ཉེ་འཁོར་གྱི་རི་དྭགས་དང་རྩི་ཤིང་སོགས་ལ་གནོད་པ་བྱེད་པའི་དཔེ་མེད་ལ་ཁོར་ཡུག་མཆོག་ཏུ་གྱུར་བའི་གནས་མཆོག་ཅིག་ཡིན། 


བརྡ་འགྲེལ་གདོང་འཛར།

གངས་ཞོ་བླུགས། གངས་རི། ཡུལ་མི།