འཕགས་པ་ལྷ།སྔ་མའི་པར་གཞི་དེ བླ་མ་གཡང་སངས།  ནས 2018-05-09 15:19ལ་འགྲུབ།

འཕགས་པ་ལྷ།

འཕགས་པ་ལྷ།
སློབ་དཔོན་ཨྱར་དེ་བ་སྟེ་འཛམ་གླིང་མཛེས་པའི་རྒྱན་དྲུག་གི་ཡ་གྱལ། སྟོན་པ་མྱ་ངན་ལས་འདས་ནས་ལོ་ལྔ་བརྒྱ་ཙམ་ན། ཡུལ་སིངྒ་ལའི་རྒྱལ་པོ་པཉྩ་ཤྲི་ཞེས་བྱ་བའི་པདྨའི་ཚལ་དུ་བརྫུས་ཏེ་འཁྲུངས་པར་གྲགས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
圣天   藏音译作帕巴拉   梵音译作圣提婆
ཁོངས་གཏོགས།
ཆོས་ལུགས་མི་སྣ།
མིང་གཞན།
ཨྱར་དེ་བ།
འཐུས་ཚབ་བརྩམས་ཆོས།
དབུ་མ་བཞི་བརྒྱ་བ།
1 ངོ་སྤྲོད།

སློབ་དཔོན་ཨྱར་དེ་བ་སྟེ་འཛམ་གླིང་མཛེས་པའི་རྒྱན་དྲུག་གི་ཡ་གྱལ། སྟོན་པ་མྱ་ངན་ལས་འདས་ནས་ལོ་ལྔ་བརྒྱ་ཙམ་ན། ཡུལ་སིངྒ་ལའི་རྒྱལ་པོ་པཉྩ་ཤྲི་ཞེས་བྱ་བའི་པདྨའི་ཚལ་དུ་བརྫུས་ཏེ་འཁྲུངས་པར་གྲགས། མཁན་པོ་ཧེ་མ་དེ་ཝ་ལས་རབ་ཏུ་བྱུང་ཞིང་དགེ་སློང་གི་སྡོམ་པ་མནོས། དེ་ནས་རྒྱ་གར་གྱི་ཡུལ་དུ་ཕྱིན་ནས་སློབ་དཔོན་ཀླུ་སྒྲུབ་དང་མཇལ། སློབ་དཔོན་གྱི་དྲུང་དུ་མདོ་སྔགས་ཀྱི་ཆོས་མཐའ་ཡས་པ་གསན་ཅིང་ཕྱི་ནང་གི་གྲུབ་མཐའ་ལ་མཁས་པའི་རྩེར་སོན། སློབ་དཔོན་སྐུ་འདའ་ཁར་བསྟན་པའི་བདག་པོར་བསྐོས་ནས་རྒྱ་གར་ལྷོ་ཕྱོགས་ཀྱི་རྒྱུད་དུ་སངས་རྒྱས་ཀྱི་ཆོས་ལུགས་དར་བར་མཛད། ལྷ་ཁང་དང་གཙུག་ལག་ཁང་ཉི་ཤུ་རྩ་བཞི་བཞེངས། དེ་ཐམས་ཅད་དུ་ཆོས་གཞི་བཙུགས། བྲམ་ཟེ་ཐུབ་དཀའ་ནག་པོ་རྩོད་པས་ཚར་བཅད་ནས་རྗེས་སུ་བཟུང་། (དེ་ནང་པ་ལ་ཞུགས་ནས་དུས་གཅིག་གི་ནང་པའི་མཁས་པ་སློབ་དཔོན་དཔའ་བོ་ཞེས་པ་དེའོ། །)དཔལ་ནཱ་ལེནྡྲ་དགོན་པར་ཡུན་རིང་དུ་བཞུགས། སྐུ་ཚེ་སྨད་དུ་རྒྱ་གར་ལྷོ་ཕྱོགས་སུ་སྐུ་འདས།

2 བརྩམས་ཆོས།

སློབ་དཔོན་དེས་བརྩམས་པའི་བསྟན་བཅོས་གཙོ་བོ་ནི།《དབུ་མ་བཞི་བརྒྱ་བ》《ཡེ་ཤེས་སྙིང་པོ་ཀུན་ལས་བཏུས་པ》《སྤྱོད་པ་བསྡུས་པའི་སྒྲོན་མ》《རྡོ་རྗེ་གདན་བཞིའི་དཀྱིལ་ཆོག་སྙིང་བོ་མདོར་བསགས》《རྡོ་རྗེ་གདན་བཞིའི་སྒྲུབ་ཐབས》སོགས་བསྟན་འགྱུར་དུ་གསལ།