རྫོགས་པར་བསྙེན།སྔ་མའི་པར་གཞི་དེ བླ་མ་གཡང་སངས།  ནས 2018-09-26 09:21ལ་འགྲུབ།

རྫོགས་པར་བསྙེན།

དགེ་སློང་རྫོགས་པ་ནི་སྤང་རྟོགས་མཐར་ཐུག་པའི་མྱང་འདས་ཡིན་ལ། བསྙེན་པ་ནི་དེ་དག་མྱུར་དུ་བསྒྲུབ་པ་ལ་འཇུག་པས་བསྙེན་པར་རྫོགས་པ་ཞེས་བྱ།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
受比丘戒
ཁོངས་གཏོགས།
ནང་བསྟན་གྱི་བརྡ་ཆད།
1 ​ངོ་སྤྲོད།

བསྙེན་རྫོགས་དགེ་སློང་གི་སྡོམ་པ་མནོས་པ་ལ་ཟེར། རབ་བྱུང་གསུམ་པའི་ཤིང་བྱི(སྤྱི་ལོ1204)ལོར་པཎ་ཆེན་ཤཱཀྱ་ཤྲཱིས་མཁན་པོ་དང་། བྱང་ཆུབ་འོད་ཀྱིས་ལས་སློབ། ཞུ་སྟོན་གྱིས་གསང་སྟེ་སྟོན་པའི་སློབ་དཔོན་མཛད་ནས་བསྙེན་པར་རྫོགས། རྫོགས་པར་བསྙེན་པ་གཉིས་ཡོད་དེ། དཀོན་བརྩེགས་འཕགས་ལྷའི་བུ་བློ་གྲོས་རབ་གནས་ཀྱིས་ཞུས་པའི་མདོ་ལས་བྱུང་བ་སྟེ། མཉམ་པར་རྫོགས་པར་བསྙེན་པ། མི་མཉམ་པ་རྫོགས་པར་བསྙེན་པའོ། །