ལམ་འབྲས།སྔ་མའི་པར་གཞི་དེ བླ་མ་གཡང་སངས།  ནས 2018-05-08 10:00ལ་འགྲུབ།

ལམ་འབྲས།

ས་སྐྱ་པའི་ཟབ་ཆོས་གསུང་ངག་རིན་པོ་ཆེ་ལམ་འབྲས་བུ།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
道果
ཁོངས་གཏོགས།
ནང་བསྟན་གྱི་བརྡ་ཁྱབ།
1 རྒྱས་འགྲེལ།

ས་སྐྱ་པའི་ཟབ་ཆོས་གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པ་སྟེ། ཐོག་མར་གྲུབ་ཆེན་བིརྺ་པས་ཀྱེེ་རྡོ་རྗེའི་རྒྱུད་ལ་བརྟེན་ནས་ལམ་འབྲས་རྡོ་རྗེའི་ཚིག་རྐང་དང་། རྒྱུད་ཀྱི་བཤད་བཀའ་བསྡུས་པ་དང་། ལམ་འབྲས་བུ་དང་བཅས་པའི་གདམས་ངག་རྣམས་ནག་པོ་པ་དང་ཌོམ་བྷི་པ་ལ་གནང་། དེ་ལས་རིམ་པར་བརྒྱུད་དེ་བོད་དུ་འབྲོག་མི་ལོ་ཙཱ་པ་དང་། དེས་ས་ཆེན་ཀུན་དགའ་སྙིང་པོ་ལ་གནང་། ཁྱད་པར་དུ་གྲུབ་ཆེན་བིརྺ་པ་ཆོས་སྒོ་སྐྱེལ་གྱི་ཚུལ་དུ་ས་སྐྱར་བྱོན་ཏེ་ས་ཆེན་ཀུན་དགའ་སྙིང་པོ་ལ་ལམ་འབྲས་ཉེ་བརྒྱུད་སྦས་བཤད་བསྩལ། དེས་བསོད་ནམས་རྩེ་མོ་དང་གྲགས་པ་རྒྱལ་མཚན། དེ་ནས་ས་པཎ་དང་འགྲོ་མགོན་འཕགས་པ་སོགས་ལས་རིམ་བཞིན་དར་བའོ། །