སྤྲུལ་བ་སྡེ།སྔ་མའི་པར་གཞི་དེ བླ་མ་གཡང་སངས།  ནས 2018-05-03 09:52ལ་འགྲུབ།

སྤྲུལ་བ་སྡེ།

ལྱང་གྲུ་སྡེ་བཞིའི་ཡ་གྱལ།
1 རྒྱས་འགྲེལ།

ལྱང་གྲུ་སྡེ་བཞིའི་ཡ་གྱལ། 《ས་སྐྱའི་གདུང་རབས》ལས། དེ་ཡང་གོ་དན་རྒྱལ་པོས་བློན་པོ་རྣམས་ལ་བཀའ་བགྲོས་ཏེ་སྒྱུ་མ་མཁན་རྣམས་རྫས་སྔགས་ཀྱིས་སྒྱུ་མ་སྤྲུལ་དུ་བཅུག་པས། སྔར་མེད་པའི་ཡུལ་ཡིད་དུ་འོང་བ་ཞིག་ན་གཙུག་ལག་ཁང་སོགས་དགོན་པའི་རྣམ་པ་ངོ་མཚར་ཅན་ཞིག་སྤྲུལ་པ་ལ། རྒྱལ་པོའི་ལུང་གིས་ཆོས་རྗེ་ས་པཎ་ལ། ཁྱོད་ངས་མཆོད་གནས་ལ་བོས་པ་མཁས་པར་འདུག་ཅིང་། ཡོན་ཏན་ཡ་མཚན་ཅན་མང་པོ་མཐོང་བས་སྤྲོ་བར་གྱུར། ད་ནི་གནས་དབེན་པ་ཞིག་ན་དགོན་པ་ཕུན་སུམ་ཚོགས་པ་ཞིག་ཡོད་པ་ཁྱོད་ལ་སྟེར་བས་དེར་འགྲོ་གསུངས་ནས། བདག་ཉིད་ཆེན་པོ་དཔོན་སློབ་རྣམས་དང་རྒྱལ་པོ་འཁོར་དང་བཅས་པའང་བྱོན། དེའི་ཚེ་རྗེ་ཉིད་ཀྱིས་ཕྱོགས་དེ་གཟིགས་མ་ཐག་ནས་སྒྱུ་མ་སྤྲུལ་པ་ཡིན་པར་མངོན་པར་མཁྱེན་པས་དགོངས་ཏེ། སྒོ་སྲུང་འཇིགས་སུ་རུང་བ་མང་པོ་འདུག་པ་དེ་རྣམས་ལ་བཀའ་བསྒོ་དང་། གནས་བརྟན་གཞན་རྣམས་ལ་རབ་གནས་ཀྱི་མེ་ཏོག་འཐོར་བ་མཛད་པས་སྒྱུ་མ་བཤིག་མ་ཐུབ་པར་དུས་ད་ལྟ་ཡང་མངོན་སུམ་དུ་ཡོད་ཅིང་། སྤྲུལ་བ་སྡེ་ཞེས་བྱ་བར་མིང་ཡང་གྲགས་པ་ཡིན་ནོ་ཞེས་གསུངས།