རྒྱ་བརྒྱུད་ཚད་མ་རིག་པ་སླར་གསོ་བྱུང་ཚུལ།སྔ་མའི་པར་གཞི་དེ བསེ་ཆང་རྡོ་རིན།  ནས 2018-03-29 11:18ལ་འགྲུབ།

རྒྱ་བརྒྱུད་ཚད་མ་རིག་པ་སླར་གསོ་བྱུང་ཚུལ།

མིང་རྒྱལ་རབས་ཀྱི་དུས་སུ་སླེབས་སྐབས་ནང་བསྟན་ལ་གེགས་བྱེད་པའི་རྐྱེན་ངན་བསལ་ཏེ་ནང་བསྟན་རིག་གནས་ལ་སློབ་གཉེར་དང་ཞིབ་འཇུག་བྱེད་མཁན་ཇེ་མང་དུ་ཕྱིན། ལྷག་པར་དུ་དྲིན་ཏི་ཁྲི་ལོ་བཅུ་དྲུག་པར་ཀྲུའུ་ཧུ་ཀྲོའི་ཡིས་རྒྱལ་སྲིད་བཟུང་བ་ནས་བཟུང་ནང་བསྟན་རིག་པར་རྒྱབ་སྐྱོབ་བླ་མེད་མཛད་པས། ཕུའུ་ཐེ་དང་མེན་ཅི། ཝང་ཁིན་ཐིང་སོགས་སྐྱེས་ཆེན་དམ་པ་མང་པོ་བྱུང་བ་དང་། ཁོང་ཚོས་རྒྱ་བརྒྱུད་སེམས་ཙམ་པའི་གཞུང་ལ་ཞིབ་འཇུག་གང་ལེགས་མཛད་དེ་རྒྱལ་ནང་གི་ཡུལ་ཕྱོགས་སོ་སོར་ཕེབས་ཏེ་འཆད་ཉན་སྤེལ། རྒྱ་བརྒྱུད་སེམས་ཙམ་པའི་གྲུབ་མཐའ་སླར་གསོ་བྱུང་བ་དང་སྦྲགས་ཚད་མ་རིག་པར་ཞིབ་འཇུག་བྱེད་མཁན་སྐོར་ཞིག་བྱུང་བ་དང་ཚད་མ་རིག་པའི་སྐོར་གྱི་གཞུང་འགྲེལ་མང་པོ་མཛད། ཕྱིས་སུ་དུས་རབས་བཅུ་དགུ་པའི་དུས་མཇུག་ཏུ་ཡིང་ཝུན་ཧེའེ(1837—1911)ཉི་ཧོང་དུ་ཕེབས་པ་དང་། ཉི་ཧོང་ན་ཉར་བའི་ཁུའེ་ཅིས་མཛད་པའི་འགྲེལ་ཆེན་ཆ་ཚང་བོ་ཕྱིར་རྒྱལ་ནང་དུ་ཁྱེར་ཡོང་སྟེ་བསྐྱར་པར་བཏབ། དེ་ནས་བཟུང་རྒྱ་ནག་ཏུ་ཚད་མ་རིག་པ་སླར་གསོ་བྱུང་བའི་འགོ་ཚུགས་པ་ཡིན།
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
རྒྱ་བརྒྱུད་ཚད་མ།
རྒྱ་ཡིག་གི་མིང་།
汉传因明
1 ནང་དོན་མདོར་བསྟན། 

མིང་རྒྱལ་རབས་ཀྱི་དུས་སུ་སླེབས་སྐབས་ནང་བསྟན་ལ་གེགས་བྱེད་པའི་རྐྱེན་ངན་བསལ་ཏེ་ནང་བསྟན་རིག་གནས་ལ་སློབ་གཉེར་དང་ཞིབ་འཇུག་བྱེད་མཁན་ཇེ་མང་དུ་ཕྱིན། ལྷག་པར་དུ་དྲིན་ཏི་ཁྲི་ལོ་བཅུ་དྲུག་པར་ཀྲུའུ་ཧུ་ཀྲོའི་ཡིས་རྒྱལ་སྲིད་བཟུང་བ་ནས་བཟུང་ནང་བསྟན་རིག་པར་རྒྱབ་སྐྱོབ་བླ་མེད་མཛད་པས། ཕུའུ་ཐེ་དང་མེན་ཅི། ཝང་ཁིན་ཐིང་སོགས་སྐྱེས་ཆེན་དམ་པ་མང་པོ་བྱུང་བ་དང་། ཁོང་ཚོས་རྒྱ་བརྒྱུད་སེམས་ཙམ་པའི་གཞུང་ལ་ཞིབ་འཇུག་གང་ལེགས་མཛད་དེ་རྒྱལ་ནང་གི་ཡུལ་ཕྱོགས་སོ་སོར་ཕེབས་ཏེ་འཆད་ཉན་སྤེལ། རྒྱ་བརྒྱུད་སེམས་ཙམ་པའི་གྲུབ་མཐའ་སླར་གསོ་བྱུང་བ་དང་སྦྲགས་ཚད་མ་རིག་པར་ཞིབ་འཇུག་བྱེད་མཁན་སྐོར་ཞིག་བྱུང་བ་དང་ཚད་མ་རིག་པའི་སྐོར་གྱི་གཞུང་འགྲེལ་མང་པོ་མཛད།  ཕྱིས་སུ་དུས་རབས་བཅུ་དགུ་པའི་དུས་མཇུག་ཏུ་ཡིང་ཝུན་ཧེའེ(1837—1911)ཉི་ཧོང་དུ་ཕེབས་པ་དང་། ཉི་ཧོང་ན་ཉར་བའི་ཁུའེ་ཅིས་མཛད་པའི་འགྲེལ་ཆེན་ཆ་ཚང་བོ་ཕྱིར་རྒྱལ་ནང་དུ་ཁྱེར་ཡོང་སྟེ་བསྐྱར་པར་བཏབ། དེ་ནས་བཟུང་རྒྱ་ནག་ཏུ་ཚད་མ་རིག་པ་སླར་གསོ་བྱུང་བའི་འགོ་ཚུགས་པ་ཡིན།

2   ཚད་མ་རིག་པ་སླར་གསོ་བྱུང་བར་རྨང་གཞི།

མིང་རྒྱལ་རབས་ཀྱི་སྐབས་སུ་སླེབས་པ་ན་ནང་བསྟན་བཀག་འགོག་གི་རྐྱེན་ངན་མ་བྱུང་བར་སྤྱི་ཚོགས་བདེ་འཇགས་སུ་གྱུར་པས། ནང་བསྟན་རིག་གནས་ལ་སློབ་གཉེར་དང་ཞིབ་འཇུག་བྱེད་མཁན་ཇེ་མང་དུ་ཕྱིན། ལྷག་པར་དུ་དྲིན་ཏི་ཁྲི་ལོ་བཅུ་དྲུག་པར་ཀྲུའུ་ཧུ་ཀྲོའི་ཡིས་རྒྱལ་སྲིད་བཟུང་ཞིང་། ཁོང་གིས་ནང་བསྟན་རིག་པར་རྒྱབ་སྐྱོབ་བླ་མེད་མཛད་པས། ཕུའུ་ཐེ་དང་མེན་ཅི། ཝང་ཁིན་ཐིང་སོགས་སྐྱེས་ཆེན་དམ་པ་མང་པོ་བྱུང་བ་དང་། ཁོང་ཚོས་རྒྱ་བརྒྱུད་སེམས་ཙམ་པའི་གཞུང་ལ་ཞིབ་འཇུག་གང་ལེགས་མཛད་ཐོག་རྒྱལ་ནང་གི་ཡུལ་ཕྱོགས་སོ་སོར་ཕེབས་ཏེ་འཆད་ཉན་སྤེལ། རྒྱ་བརྒྱུད་སེམས་ཙམ་པའི་གྲུབ་མཐའ་སླར་གསོ་བྱུང་བ་དང་སྦྲགས། དེར་བརྟེན་ནས་དར་བའི་ཚད་མ་རིག་པར་ཞིབ་འཇུག་བྱེད་མཁན་སྐོར་ཞིག་བྱུང་བ་དང་ཚད་མ་རིག་པའི་སྐོར་གྱི་གཞུང་འགྲེལ་མང་པོ་མཛད། ཡིན་ནའང་སྐབས་དེར་ཚད་མའི་ཡིག་ཆ་ཤིན་ཏུ་དཀོན་ཕྱིར་ཚད་མའི་བསྟན་བཅོས་ཐད་བསྒྱུར་བྱེད་པ་དང་མཆན་འགྲེལ་རྒྱག་པ་ཙམ་ལས་གཞུང་དོན་དངོས་ལ་ཞིབ་འཇུག་གཏིང་ཟབ་བྱེད་མེད་ཅིང་། ནང་དོན་མང་ཆེས་བ་བསྐྱར་བཤད་དུ་གྱུར་ཡོད། མིང་རྒྱལ་རབས་སྐབས་ཀྱི་ཚད་མ་རིག་པ་ཞིབ་འཇུག་བྱེད་ཚུལ་ལ་ཆད་སྐྱོན་མང་པོ་ཡོད་རུང་། རིག་གཞུང་སྤྱིའི་ནང་དོན་རྒྱུད་འཛིན་བྱས་ཐུབ་པ་བྱུང་བས། ཕྱིས་སུ་ཚད་མ་རིག་པ་སླར་གསོ་བྱུང་བར་རྨང་གཞི་བརྟན་པོ་བཏིངས་ཡོད།

3 ཚད་མ་རིག་པ་སླར་གསོ་བྱུང་བའི་རྒྱུ་རྐྱེན།

རྒྱ་ནག་ཏུ་ཚད་མ་རིག་པ་སླར་གསོ་བྱུང་བ་ནི་སྤྱི་ཚོགས་ཀྱི་རྒྱབ་ལྗོངས་ངེས་ཅན་ཞིག་ལ་རགས་ལས་ཏེ། དུས་རབས་བཅུ་དགུ་པའི་དུས་མཇུག་ཏུ་ཆིང་རྒྱལ་རབས་ཉམས་རྒུད་དུ་གྱུར་བ་དང་། སྲིད་གཞུང་གསར་འཛུགས་བྱས་ཏེ་རྒྱལ་ཁབ་མྱུར་སྐྱོབ་བྱ་རྒྱུ་ནི་མིག་སྔར་གྱི་དོན་ཆེན་ཞིག་ཏུ་གྱུར་ཡོད། སྲིད་གཞུང་གསར་འཛུགས་བྱེད་པར་བསམ་བློ་གསར་བ་ཞིག་གིས་སྣེ་ཁྲིད་དགོས་པས། ཤེས་ལྡན་པ་རྣམས་ཀྱིས་བསམ་བློ་གསར་བ་ནང་འདྲེན་བྱེད་པའི་འགོ་བརྩམས། ལྔ་བཞིའི་ལས་འགུལ་བྱུང་རྗེས་དམངས་གཙོ་དང་། ཚན་རིག་དང་། རྗེས་དཔག་དང་ལྡན་པའི་བསམ་བློ་བརྩོན་ལེན་བྱེད་དགོས་པའི་ངེས་ཤེས་སྐྱེས་པ་དང་། དགོས་མཁོའི་དབང་གིས་ནུབ་ཕྱོགས་ཀྱི་གཏན་ཚིགས་རིགས་པའི་གཞུང་ལུགས་རྒྱའི་སྐད་དུ་བསྒྱུར། ཡིན་ནའང་མི་རྣམས་ཀྱིས་རང་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་ཁྲོད་ནས་རྗེས་དཔག་དང་ལྡན་པའི་བསམ་བློའི་ལག་ཆ་འཚོལ་སྡུད་བྱེད་ཐུབ་པར་རེ་སྨོན་སྐྱེས་བཞིན་ཡོད་པས། ཁུང་ཡུག་ཝེ་དང་ལིང་ཆི་ཁྲོ་སོགས་ཀྱིས་ནང་བསྟན་རིག་གནས་ལ་ཞིབ་འཇུག་བྱས་ཏེ་དེའི་ཁྲོད་ནས་ཚན་རིག་དང་། རྗེས་དཔག་དང་ལྡན་པའི་བསམ་བློ་འཚོལ་སྡུད་བྱེད་པ་དང་། ལྷག་དོན་ཉི་ཧོང་ནས་ཁྱེར་ཡོང་བའི་སེམས་ཙམ་པའི་བསྟན་བཅོས་ནང་དུ་གཏིང་ཟབ་པའི་གཏན་ཚིགས་རིགས་པའི་གཞུང་དོན་མང་པོ་འདུས་པས། དེ་སྲིད་གཞུང་གསར་འཛུགས་བྱེད་པའི་བསམ་བློའི་ལག་ཆ་གསར་བར་སྙམ་པའི་ངོས་འཛིན་ཐོབ། མདོར་ན་རྒྱ་བརྒྱུད་ཚད་མ་རིག་པ་དང་ཐེག་ཆེན་སེམས་ཙམ་པའི་གྲུབ་མཐའ་གཉིས་ནི་གཅིག་ལ་གཅིག་བརྟེན་གྱི་ཚུལ་ཏུ་དར་བ་ཡིན་པ་དང་། སྲིད་གཞུང་གསར་འཛུགས་དང་རྗེས་དཔག་དང་ལྡན་པའི་བསམ་བློའི་ལག་ཆ་འཚོལ་སྡུད་བྱེད་ཆེད། རྒྱ་བརྒྱུད་ཐེག་ཆེན་སེམས་ཙམ་པའི་གྲུབ་མཐའ་ལ་མཐོང་ཆེན་དང་ཞིབ་འཇུག་བྱེད་ཐུབ་བྱུང་པས་རྒྱ་ནག་ཏུ་ཚད་མ་རིག་པ་ཡང་བསྐྱར་སླར་གསོ་བྱུང་སོང་།།

4  ཚད་མ་རིག་པ་སླར་གསོ་བྱུང་ཚུལ།

ཐང་རྒྱལ་རབས་དུས་མཇུག་ཏུ་ཚད་མ་རིག་པ་ཉམས་རྒུད་དུ་སོང་བ་ནས་མིང་རྒྱལ་རབས་བར་གྱི་ལོ་ངོ་སྟོང་གཅིག་ལྷག་གི་རིང་དུ། ཀྲིན་ཅེ་དང་ཝང་ཁིན་ཐིང་སོགས་ཚད་མ་རིག་པར་ཞིབ་འཇུག་བྱེད་མཁན་གྱི་དམ་པ་རེ་གཉིས་བྱུང་ཡང་ནུས་པ་ཆེན་པོ་ཐོན་མ་ཐུབ། དུས་རབས་བཅུ་དགུ་པའི་དུས་མཇུག་ཏུ་ཡིང་ཝུན་ཧེའེ(1837—1911)ཉི་ཧོང་དུ་ཕེབས་པ་དང་། ཉི་ཧོང་ན་ཉར་བའི་ཁུའེ་ཅིས་མཛད་པའི་འགྲེལ་ཆེན་ཆ་ཚང་བོ་ཕྱིར་རྒྱལ་ནང་དུ་ཁྱེར་ཡོང་སྟེ་བསྐྱར་པར་བཏབ། དེ་ནས་བཟུང་རྒྱ་ནག་ཏུ་ཚད་མ་རིག་པ་སླར་གསོ་བྱུང་བའི་འགོ་ཚུགས་པ་ཡིན། ཡིང་ཝུན་ཧེའེ་ཡིས་ཐོག་མར་སྲིད་གཞུང་དུ་བྱ་བ་གཉེར་བ་དང་། ཐེངས་མང་པོར་ཡོ་རོབ་གླིང་གི་རྒྱལ་ཁབ་དག་ལ་རྟོག་ཞིབ་ཏུ་ཕེབས། རྟོག་ཞིབ་བྱས་པའི་བརྒྱུད་རིམ་ཁྲོད་རྒྱལ་ཁབ་སྟོབས་ལྡན་ཅན་ཏུ་གཏོང་དགོས་ན་ནང་བསྟན་རིག་གནས་ལ་བརྟེན་དགོས་པའི་ངེས་ཤེས་ཐོབ། སྤྱི་ལོ1878 ལོར་ཁོང་དང་ཉི་ཧོང་གི་མཁས་པ་ནན་ཐོ་ཝུན་ཞོན་གཉིས་གྲོགས་པོར་གྱུར་ཅིང་། ཉི་ཧོང་དུ་ཉར་ཚགས་བྱས་པའི་ནང་བསྟན་རིག་པའི་བསྟན་བཅོས་ཁག་ཅིག་རྒྱལ་ནང་དུ་ཁྱེར་ཏེ་བསྐྱར་པར་ཏུ་བཏབ་པ་དང་། ཚད་མ་རིག་པ་ནི་སེམས་ཙམ་པའི་གཞུང་དོན་རྟོགས་པའི་སྔོན་འགྲོ་ཡིན་པར་དགོངས་ཏེ། ཡང་བསྐྱར་ཉི་ཧོང་དུ་ཕེབས་ཏེ་ཐང་རྒྱལ་རབས་སྐབས་ཀྱི་ཧྱན་ཙང་དང་ཁུའེ་ཅི་སོགས་ཀྱི་མཛད་པའི་ཚད་མ་རིག་པའི་བསྟན་བཅོས་བཅུ་ལྷག་ཁྱེར་ནས་ཕྱིར་རྒྱལ་ནང་དུ་ལོག ཁུའེ་ཅིས་མཛད་པའི་འགྲེལ་ཆེན་སྤྱི་ལོ1896 ལོར་བསྐྱར་པར་ཏུ་བཏབ་ནས་རྒྱལ་ཡོངས་སུ་བཀྲམ་པ་དང་། ཕྱི་རབས་པ་རྣམས་ཀྱིས་ཚད་མ་རིག་པར་ཞིབ་འཇུག་བྱེད་པར་ཆ་རྐྱེན་ལེགས་པོ་བསྐྲུན། ཉག་ཕྲ་བའི་རྒྱ་བརྒྱུད་ནང་བསྟན་རིག་པ་དར་སྤེལ་གཏོང་ཆེད། སྤྱི་ལོ1907 ལོར་ཚད་མ་དང་། ལོ་རྒྱུས་དང་། ས་རྒྱུས་དང་། སྐར་རྩིས་སོགས་རིག་གནས་སྣ་མང་འདུས་པའི་ནང་བསྟན་སློབ་གླིང་ཞིག་བཙུགས་པ་དང་། ཆེད་ལས་མི་འདྲ་བའི་སློབ་མ་སུ་ཞིག་ཡིན་རུང་སྔོན་ལ་ཚད་མ་རིག་པའི་རྨང་གཞིའི་ཤེས་བྱར་སྦྱོང་བ་བྱེད་དགོས་པའི་སྒྲིག་སྲོལ་གཏན་འཁེལ་བྱས་པ་ཡིན། ཆེད་སྦྱོང་ཁ་ཕྱོགས་ཚད་མ་རིག་པ་ཡིན་པའི་སློབ་མ་ཚོའི་ལོ་དང་པོའི་བསླབ་གཞི་ལ་སྐུ་ཞབས་ཀོ་ཡོན་གྱིས་མཛད་པའི་ཚད་མ་རིག་པའི་གཞུང་དོན་ཞེས་པ་དང་། ལོ་གཉིས་པའི་བསླབ་གཞི་ལ་ཁུའེ་ཅིས་མཛད་པའི་འགྲེལ་ཆེན་གཏན་ཁེལ་བྱས་ཡོད། ཁོང་གིས་ནང་བསྟན་སློབ་གླིང་བཙུགས་ཏེ་སློབ་མ་མང་པོ་གསོ་སྐྱོང་བྱས་པ་དང་། དེ་དག་ཁྲོད་ཀྱི་མང་ཆེ་བ་ཕྱིས་སུ་མིང་གྲགས་ཆེ་བའི་ཚད་མ་རིག་པའི་ཆེད་ལས་མཁས་པར་གྱུར། སློབ་གླིང་དེ་ནས་མཐར་ཕྱིན་པའི་ཚད་མ་རིག་པའི་མཁས་ཆེན་ཐེ་ཞིའུ་དང་འུག་ཡང་ཅིན་བུའུ་སོགས་ཀྱིས་མུ་མཐུད་དུ་ཚད་མ་རིག་པར་ཞིབ་འཇུག་བྱེད་པར་བརྟེན་ནས་རྒྱ་ནག་ཏུ་ཚད་མ་རིག་པ་སླར་གསོ་བྱུང་བ་ཡིན།