སྣོར་སྒྱུར།སྔ་མའི་པར་གཞི་དེ ཁྲ་ཚེ་རིང་དབང་ལྡན།  ནས 2018-02-02 08:34ལ་འགྲུབ།

སྣོར་སྒྱུར།

སྒྱུར་བྱེད་ཀྱི་སྐད་ལ་འབྲེལ་ཆགས་ཤིང་བརྗོད་བདེ་བ་ཞིག་འོང་ཆེད་བསྒྱུར་བྱའི་མིང་དང་ཚིག་སོ་སོའི་གོ་རིམ་བསྣོར་ནས་བསྒྱུར་བ་ལ་བྱ།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
移译
1 ​གོ་དོན།

སྒྱུར་བྱེད་ཀྱི་སྐད་ལ་འབྲེལ་ཆགས་ཤིང་བརྗོད་བདེ་བ་ཞིག་འོང་ཆེད་བསྒྱུར་བྱའི་མིང་དང་ཚིག་སོ་སོའི་གོ་རིམ་བསྣོར་ནས་བསྒྱུར་བ་ལ་བྱ་སྟེ། ལྕང་སྐྱ་རོལ་བའི་རྡོ་རྗེ་མཆོག་གིས། “ཚིག་གོང་འོག་བསྣོར་ན་དོན་གོ་བ་གསལ་ཞིང་བརྗོད་བདེ་བ་རྣམས་ཚིགས་བཅད་ཡིན་ན་ཤོ་ལོ་ཀ་གཅིག་གི་ནང་དུ་གང་བདེར་བར་སྣོར་ཞིང་བསྒྱུར་པ་དང་། ཚིག་ལྷུག་རྣམས་ནི་ཚིག་གཅིག་གམ་གཉིས་སམ་གསུམ་སོགས་ཚིག་དེ་དག་གི་དོན་གང་དུ་བསྙེགས་པ་ཡན་ཆད་དུ་གང་བདེ་བར་བསྣོར་ཞིང་བསྒྱུར་བར་བྱ། འོན་ཀྱང་ཚིག་སྔ་ཕྱི་འཁྲུགས་པར་མི་འགྱུར་བ་དང་གལ་ཆེ་ལ། དེ་ཡང་ཚིག་དེ་གའི་ནུས་པ་འདོན་ལུགས་ལ་ལེགས་པར་བརྟག་དགོས་སོ།།”ཞེས་ཚིག་སྔ་ཕྱི་བསྣོར་བའི་ཕན་ཡོན་དང་། གཟབ་དགོས་པའི་གནད་དོན་ལ་སོགས་པ་ལེགས་པར་བསྟན་ཡོད། དེ་ཡང་སྒྱུར་བྱེད་སྐད་ཀྱི་བརྡ་སྤྲོད་ལུགས་དང་རྒྱན་སྤེལ་སྟངས། སྐད་ཆའི་སྦྱོར་སྲོལ་གྱི་གོ་རིམ་སྒྲིག་སྟངས་སོགས་དང་བསྟུན་ནས་སྐབས་བབ་ཀྱི་བརྗོད་དོན་མཚོན་པ་ལ་ཕན་པར་བྱ་ཆེད་ད་གཟོད་སྔ་ཕྱིའི་གོ་རིམ་བསྣོར་བ་ཡིན། དཔེར་ན། “清水”ལ“ཆུ་དྭངས་མོ”“狂风”ལ“རླུང་ནག”“左右”ལ“གཡས་གཡོན”“五谷”ལ“འབྲུ་རིགས་སྣ་ལྔ”།“四面八方四”ལ“ཕྱོགས་བཞི་མཚམས་བརྒྱད”། “黑白”ལ“དཀར་ནག” “十五岁”ལ“ལོ་བཅོ་ལྔ”ཞེས་སོགས་ནི་བོད་རང་གི་སྐད་ལ་བརྗོད་བདེ་བའི་ཆེད་དུ་ཚིག་གོ་རིམ་བསྣར་ནས་བསྒྱུར་བ་ལྟ་བུ་དང་། དེ་བཞིན་དུ་ཚིགས་བཅད་ཁྲོད་ཀྱི་ཚིག་རྐང་དག་གི་སྔ་ཕྱི་བསྣོར་ནས་བསྒྱུར་བའང་དཔེར་ན། མདོ་མཛངས་བླུན་གྱི《དཔེ་སྣ་ཚོགས་བསྟན་པའི་ལེའུ》ཞེས་པ་ལས།

吾亦非恶心,བདག་ནི་དེ་ལ་ངན་སེམས་མིན།།

如真金应试。གསེར་སད་ན་ནི་མངོན་པར་འགྱུར།།

以此试菩萨,བདེན་པར་རྟོགས་པར་འདོད་ན་ནི།།

知为至诚不。བྱང་ཆུབ་སེམས་དཔའ་སད་པར་བྱ།།

1.他长得结结实实,虽然比原来瘦多了。

ཁོ་སྔོན་ཆད་དང་བསྡུར་ན་ཇེ་རིད་དུ་སོང་ཡོད་ནའང་ལུས་པོ་ད་དུང་བདེ་ཐང་དུ་གནས་ཡོད། ལྟ་བུ་དང་།

2.我们要学习人家的长处,即使我们的科技赶上了世界先进水平。

ང་ཚོའི་ཚན་རྩལ་ཆུ་ཚད་འཛམ་གླིང་གི་སྔོན་ཐོན་གྲས་སུ་ཚུད་ནའང་གཞན་གྱི་ལེགས་ཆ་ལ་སློབ་སྦྱོང་བྱེད་དགོས།

3.帝国主义就往往采取上述方法以外的方法,企图维持其统治……

བཙན་རྒྱལ་རིང་ལུགས་པས་རང་གི་དབང་བསྒྱུར་ཡུན་རིང་ལ་གནས་པའི་རེ་ངན་དེ་འགྲུབ་ཆེད། རྟག་ཏུ་གོང་གི་ཐབས་ཤེས་མ་ཡིན་པའི་ཐབས་ཤེས་གཞན་དག་སྤྱོད་པ་ཡིན།

4.这种规定,在最下级政权中可能须作某种变动,以防豪绅地主把持政权,但基本精神是不能违背的。ཡུལ་གྱི་གཤེད་མ་དང་ཞིང་བདག་རྣམས་ཀྱིས་སྲིད་དབང་འཛིན་པའི་ཧམ་སེམས་དེ་འགོག་ཆེད། གཏན་ཁེལ་འདིའི་རིགས་རིམ་པ་དམའ་ཤོས་ཀྱི་སྲིད་དབང་ཁྲོད་བཟོ་བཅོས་བྱེད་དགོས་པ་སྲིད་མོད། རྩ་བའི་དགོངས་དོན་དང་རྒྱལ་འགལ་བྱས་ན་མི་རུང་། ཞེས་བོད་རང་གི་སྐད་ལ་གོ་བདེ་བའི་ཆེད་དུ་ཚིག་ཚན་སོ་སོའི་གོ་རིམ་བསྣོར་ནས་བསྒྱུར་བ་ལྟ་བུའོ།།

1_1 བསྣོར་ཏེ་བསྒྱུར་བ།

<<སྒྲ་སྦྱོར་བམ་གཉིས>>ལས། “རྒྱ་གར་སྐད་ཀྱི་གོ་རིམ་བསྣོར་ན་བདེ་ཞིང་གོ་བ་བསྐྱེད་པ་ཞིག་ཡོད་ན། ཚིགས་བཅད་ལ་ནི་རྩ་བ་བཞིའམ་དྲུག་པའང་རུང་སྟེ། ཚིགས་སུ་བཅད་པ་གཅིག་གི་ནང་ན་གར་བདེ་བ་བསྣོར་ཞིང་སྒྱུར་ཅིག རྐྱང་པ་ལ་ནི་དོན་གང་སྙེགས་པ་ཡན་ཆད་ཀྱི་ཚིག་དང་དོན་གཉི་ག་ལ་གར་བདེ་བར་བསྣོར་ཞིང་སྒྱུར་ཅིག”ཅེས་གསུངས་པ་ལྟར། བསྟན་བྱའི་དོན་ལས་མི་འགལ་བའི་སྔོན་འགྲོའི་ཆ་རྐྱེན་འོག་མ་ཡིག་གི་རྗོད་བྱེད་ཚིག་སྔ་ཕྱི་བརྗེས་ཏེ་བསྒྱུར་ནས་བོད་ཀྱི་སྐད་ལུགས་དང་མཐུན་ཞིང་འཇུག་པ་བདེ་བ་དང་གོ་བ་སླ་བ་ཞིག་ཡོང་ན་དེ་ལྟར་བྱེད་ཅིང་། ཚིགས་སུ་བཅད་པའི་བརྗོད་པ་སྒྱུར་སྐབས་ཚིགས་བཅད་རྐང་པ་མང་ཉུང་གང་ཡང་རུང་སྟེ། ཚིགས་བཅད་ཤོ་ལོ་ཀ་དེའི་ནང་ཚིག་གི་གོ་རིམ་དཀྲུགས་ཏེ་གང་བདེ་བར་སྒྱུར་ཅིག ཚིག་ལྷུག་མ་དག་གི་བརྗོད་བྱ་རེ་ཞིག་རྫོགས་མཚམས་ཡན་ཆད་དུ་ཚིག་དང་དོན་གཉི་གའི་གོང་འོག་བསྣོར་ཏེ་གང་བདེ་བར་སྒྱུར་ཅིག