རྒྱལ་སྲས་ཆུང་ཆུང་།སྔ་མའི་པར་གཞི་དེ དཔལ་མགོན་ཚེ་རིང་།  ནས 2018-01-25 14:37ལ་འགྲུབ།

རྒྱལ་སྲས་ཆུང་ཆུང་།

རྒྱལ་སྲས་ཆུང་ཆུང་།
རྒྱལ་སྲས་ཆུང་ཆུང་ནི་རྩོམ་པ་པོ་ཁོང་འཛམ་གླིང་འཁྲུག་ཆེན་གཉིས་པའི་སྐབས་ཧྥ་རན་སི་ལ་བྱོལ་ནས་ཨ་རིའི་ཉིག་ཡོག་ལ་ཡུལ་འཁྱར་དུ་འབྱོར་བའི་སྐབས་སུ་བརྩམས་པ་ཡིན་ཞིང་། འགྲོ་བ་མི་ཡི་ཁེར་རྐྱང་དང་བརྩེ་དགའ། སྐྱོ་སྣང་དང་འཆི་བ། འགན་འཁྲི་དང་གདམ་ག་སོགས་བརྗོད་བྱའི་སྲོག་འདི་དག་རྒྱལ་སྲས་ཆུང་ཆུང་སྐར་མའི་གོ་ལ་གཞན་ཞིག་ནས་སླེབས་པ་ཞིག་གི་གཏམ་གྱི་ཕྲེང་བ་ལ་མུ་ཏིག་ལྟར་དུ་བརྒྱུས་ནས་བརྗོད་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
《小王子》
དབྱིན་ཡིག་གི་མིང་།
Le Petit Prince
རྩོམ་པ་པོ།
སིན་ཐི་ཨེག་སུ་ཕེ་རེ།
བོད་ཡིག་ཏུ་བསྒྱུར་མཁན།
ལྡོང་བུ།
རྩོམ་ལུས།
བརྩམས་སྒྲུང་།
1 ​ནང་དོན་མདོར་བསྡུས།

རྒྱལ་སྲས་ཆུང་ཆུང་ཞེས་པའི་བརྩམས་སྒྲུང་འདི་ནི་དུས་རབས་ཉི་ཤུ་བར་ཧྥ་རན་སིའི་རྩོམ་པ་པོ་སིན་ཐི་ཨེག་སུ་ཕེ་རེ་ཡིས་བརྩམས་པ་དང་། སྤྱི་ལོ1943ལོར་པར་དུ་བཏབ་པ་ནས་ད་ལྟའི་བར་སྐད་རིགས་ཉིས་བརྒྱ་ལྷག་ཏུ་བསྒྱུར་ཡོད་ལ། སྤྱི་ལོ2014ལོར་ཨ་རིའི་ཡིག་སྒྱུར་ཀུང་སི་ཞིག་གིས་འཛམ་གླིང་གི་འགྱུར་མང་ཤོས་ཀྱི་རྩོམ་རིག་བརྩམས་ཆོས་ལྔ་བཅུ་བདམས་པའི་ཁྲོད་རྒྱལ་སྲས་ཆུང་ཆུང་ཨང་དང་པོར་བཀོད་ཡོད། རྩོམ་ཡིག་འདི་ད་དུང་གློག་བརྙན་དང་ཟློས་གར་དུ་བསྒྱུར་ནས། འཛམ་གླིང་གོ་ལ་ཟླུམ་པོའི་ཁྱོན་གྱི་ཀློག་པ་པོ་རྒན་དར་གཞོན་གསུམ་མ་ཟད། ཁྱད་པར་དུ་བྱིས་པ་རྣམས་གྱིས་ཧ་ཅང་དགའ་བསུ་བྱེད་པའི་བརྩམས་ཆོས་ཤིག་ཏུ་གྱུར་ཡོད།

.jpg

རྩོམ་ཡིག་འདིར་མཁའ་སྐྱོད་པ་ཞིག་སྒྲུང་འཆད་མཁན་དུ་བྱས་ནས། སྒྲུང་གཏམ་གྱི་མི་སྣ་གཙོ་བོ་རྒྱལ་སྲས་ཆུང་ཆུང་དེ། རང་གི་གནས་པའི་གོ་ལ་དེ་ནས་སའི་གོ་ལར་སྐྱོད་པའི་ལམ་བར་དུ་བརྒྱུད་པའི་དཀའ་ངལ་དང་མྱོང་བ་སོགས་ལྷུག་པར་བརྗོད་ཡོད། མགོ་ཡི་སྐྲ་ལོ་སེར་ཞིང་ལུས་ལ་ལྭ་རིང་གྱོན་པའི་རྒྱལ་སྲས་ཆུང་ཆུང་དེ། ཁོ་རང་སྡོད་སའི་སྤྱིལ་བུའི་ཆེ་ཆུང་ཙམ་ལས་མེད་པའི་རྒྱུ་སྐར་ཆུང་ཆུང་ཞིག་གི་སྟེང་འཚོ་ཞིང་། གོ་ལ་དེར་རྒྱ་སེ་མེ་ཏོག་རྐང་གཅིག་ཡོད་པ་དེ་ཁོ་རང་གི་འཚོ་བའི་ཡོད་ཚད་ལ་བསྒོམས་ནས་གཉོར་ཞིང་འཚར་ལོངས་བྱུང་དུ་བཅུག་ན་ཡང་། རྒྱ་སེ་མེ་ཏོག་གི་བཅོས་མའི་རང་གཤིས་ཀྱིས་ཁོ་རང་ལ་སྤྲད་པའི་སེམས་གཅོང་མ་བཟོད་པས། མཐར་སེམས་ཐག་རྦད་ཆོད་ཀྱིས་གོ་ལ་དེ་ལས་རང་དུ་གྱེས་ཏེ། བར་སྣང་ཁམས་སུ་འགྲུལ་བཞུད་བྱེད་པའི་མགོ་བརྩམས་པ་དང་། སྔ་རྗེས་སུ་གོ་ལ་བདུན་གྱི་ཐོག་བསྐྱོད་པ་དང་། འགྲུལ་བཞུད་ཀྱི་གོ་རིམ་ཁྲོད། ཐོབ་དང་གོ་སའི་ནང་མགོ་འཁོར་བའི་རྒྱལ་པོ་དང་། རྒྱུ་དང་ནོར་ལ་བརྐམ་པའི་ཚོང་བ། དོན་དངོས་རིང་དུ་འགོལ་བའི་ས་རྒྱུས་རིག་པ་བ། ད་དུང་ལྷག་བསམ་རྣམ་དག་གིས་ལས་གནས་བརྟན་པོར་སྲུང་བའི་ལྕགས་ལམ་ལས་བཟོ་བ་སོགས་གོ་ལ་ཆུང་ཆུང་རེ་རེའི་ཐོག་བདག་པོ་གཤིས་ཀ་ཁྱོན་ནས་མི་འདྲ་བ་དེ་དག་དང་། འཇིག་རྟེན་ལ་ངོ་མཚར་གྱིས་བརྟས་པའི་རྒྱལ་སྲས་ཆུང་ཆུང་གི་ཆེས་མཐའ་མའི་འགྲུལ་བཞུད་ཀྱི་ས་ཚིགས་ཏེ། སའི་གོ་ལའི་ཐོག་ཁོ་རང་བྱེ་ཐང་དུ་ལྷུང་བའི་མཁའ་སྐྱོད་པ་ཞིག་དང་འཕྲད་པ་དང་། དེ་ནས་ཁོ་རང་གཉིས་གྲོགས་པོར་གྱུར་ཅིང་། མི་ཚེའི་འགན་འཁྲི་དང་མཛའ་བརྩེ། རིན་ཐང་གི་ལྟ་བ་སོགས་ཀྱི་ཐད་ཡུན་རིང་བོར་ཁ་བརྡ་གློད་མཐར། རྒྱལ་སྲས་ཆུང་ཆུང་དེས་ངེས་པ་དོན་གྱི་གནས་ལུགས་ནི་ཆུ་བུར་མིག་གིས་མཐོང་ཐབས་བྲལ་བས། ཡང་དག་སེམས་ཀྱིས་འཚོལ་དགོས་པ་དང་། བརྩེ་དུང་ནི་འགན་འཁྲི་ཞིག་ཡིན་པ་དང་། མི་དང་མིའི་བར་གྱི་འབྲེལ་འདྲིས་ལས་ད་གཟོད་འཚོ་བའི་བདེ་སྐྱིད་དང་། སེམས་ཀྱི་བརྩེ་བ་ཚོར་ཐུབ་པ་སོགས་གནས་ལུགས་མང་པོ་ཞིག་གི་ཕུགས་རྟོགས་སོང་ལ། རྒྱལ་སྲས་ཆུང་ཆུང་གི་འགྲུལ་བཞུད་དེ་མ་གཞི་ནས་ང་ཚོ་མི་རུ་སྐྱེས་པ་རྣམས་ཀྱིས་མི་ཚེ་ལ་བསམ་གཞིགས་དང་འཚོལ་སྙེག་བྱེད་པའི་མིའི་ནང་སེམས་ཀྱི་འགྲུལ་བཞུད་ཅིག་ཡིན།

རྩོམ་པ་པོས་ར་རིའི་གཡའ་དང་བྲལ་བའི་རྒྱལ་སྲས་ཆུང་ཆུང་གི་མཐོང་ལམ་སྤྱད་ནས་མིའི་གསོག་སོབ་དང་རྨོངས་རྟུལ། འདོད་ཧམ་བཅས་ཀྱི་རང་གཤིས་མངོན་པར་བཏོད་པ་དང་། རྣོ་ཞིང་ཞུན་བརྡར་ཆོད་པའི་སྐད་ཆའི་ལམ་ནས་མིའི་རིགས་ཀྱི་ཁེར་རྐྱང་དང་ལྷིང་འཇགས། གང་འགྲོ་གར་འདུག་ལ་གཏོལ་བྱ་བྲལ་བའི་འཚོ་བའི་ལས་དབང་བྲིས་ཏེ། མིའི་རིགས་ཀྱི་འཚོ་བ་དང་མི་ཚེའི་བདེན་པར་འབོད་སྐུལ་བྱས་ཡོད།