སྨྲ་སྒོ་མཚོན་ཆ།སྔ་མའི་པར་གཞི་དེ དཔལ་མགོན་ཚེ་རིང་།  ནས 2018-01-23 09:35ལ་འགྲུབ།

སྨྲ་སྒོ་མཚོན་ཆ།

སྨྲ་སྒོ་མཚོན་ཆ།
སྨྲ་བའི་སྒོ་མཚོན་ཆ་ལྟ་བུ་ཞེས་བྱ་བ་འདི་ནི་རྒྱ་གར་གྱི་པཎྜི་ཏ་སྨྲྀ་ཏི་ཛྙཱ་ན་ཀིརྟི་སྟེ་དྲན་པའི་ཡེ་ཤེས་གྲགས་པས་དུས་རབས་བཅུ་གཅིག་པའི་ནང་ལིང་ཆུ་གསེར་ཁང་དུ་མཛད་ཅིང་རང་འགྱུར་བྱས་པའི་སྒྲ་རིག་པའི་བསྟན་བཅོས་ཤིག་ཡིན། བརྩམས་པའི་དུས་ནི་སྤྱི་ལོ1024ལོར་བརྩམས་པར་མཁས་པ་རྣམས་ཀྱིས་རྗེས་སུ་དཔོག་གོ །
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
《语门文法概要》
རྩོམ་པ་པོ།
སྨྲྀ་ཏི་ཛྙཱ་ན་ཀིརྟི། བོད་སྐད་དུ་དྲན་པའི་ཡེ་ཤེས་གྲགས་པ།
དཔེ་སྐྲུན་ཁང་།
མི་རིགས་དཔེ་སྐྲུན་ཁང་།
པར་སྐྲུན་གྱི་ལོ།
སྤྱི་ལོ2011ལོའི་ཟླ1པ།
1 ​རྩོམ་པ་པོ།

སྨྲྀ་ཏི་ཛྙཱ་ན་ཀིརྟི་སྟེ་བོད་སྐད་དུ་དྲན་པའི་ཡེ་ཤེས་གྲགས་པ་ནི་རྒྱ་གར་གྱི་པཎྜི་ཏ་ཧ་ཅང་མཁས་པའི་སྙན་གྲགས་ཅན་ཞིག་ཡིན་ཞིང་དུས་རབས་བཅུ་པའི་མཇུག་ཏུ་བལ་བོ་ལོ་ཙཱ་བ་པངྨ་རུ་རྩེའམ་རྨ་རུ་རྩེས་པཎྜི་ཏ་སྨྲྀ་ཏི་དང་ཕྲ་ལ་རིང་བ་གཉིས་རྒྱ་གར་ནས་བོད་དུ་སྤྱན་དྲངས། ལམ་བར་དུ་ལོ་ཙཱ་བ་ཕོ་བའི་སྐྲན་ནད་ཀྱིས་གྲོངས་ནས་བོད་སྐད་མ་མཁྱེན་པའི་རྐྱེན་གྱིས་གཙང་རྟ་ནག་ཏུ་མི་ཚང་ཞིག་གི་ལུག་རྫི་གནང་། སྐབས་དེར་བོད་ན་ཆོས་ལོག་བྱེད་མཁན་མང་ཞིང་། ཁོང་ལྟ་བུའི་པཎྜི་ཏ་ལ་སུས་ཀྱང་དོ་སྣང་མ་བྱས་པས། ཁོང་ཐུགས་སྐྱོ་ནས། རི་བོང་འཛིན་པ་རྒྱུ་སྐར་ཕྲེང་བ་ཅན། ། མཚན་མོ་མཁའ་ལ་རྒྱུ་བ་མ་མཐོང་ནས། ། དྭངས་པའི་མཚོ་ནང་འདི་ན་ཟླ་བ་ཞེས། ། གཟུགས་བརྙན་ཟླ་བར་འཛིན་པ་ཤིན་ཏུ་འཁྲུལ། ། ཞེས་གསུངས། མཐར་ཁོང་གི་སློབ་མ་དཔྱལ་ལོ་ཙཱ་བ་བསོད་ནམས་རྒྱལ་མཚན་གྱིས་མི་ཚང་དེ་ལ་གསེར་སྦྱིན་ནས་བླུས་ཏེ་སྨན་ལུང་དུ་སྤྱན་དྲངས་ནས་ཆོས་ཞུས། མཐར་མདོ་ཁམས་ལྡན་མའི་ས་ཁུལ་དུ་གདན་དྲངས་ཏེ། འབྲོམ་སྟོན་པ་སོགས་སློབ་མ་ཁ་ཤས་ལ་རྒྱ་གར་སྐད་ཀྱི་སྒྲ་རིག་པ་བསླབས་པ་གནང་། ཕྱི་འབྱུང་གི་མཁས་པ་རྣམས་ཀྱིས་བརྩམས་པའི་སུམ་རྟགས་སོགས་སྒྲ་རིག་པའི་གཞུང་ལུགས་ཁག་ནང་འདིའི་ནང་ནས་ལུང་དུ་མ་དྲངས་ཡོད། འདི་ཉིད་ཀྱི་འགྱུར་མང་བོ་བཀའ་འགྱུར་ནང་བཞུགས་ཤིང་། པཎྜི་ཏ་འདི་ཡན་ཆོད་དུ་བསྒྱུར་བའི་གསང་སྔགས་ཀྱི་ཆོས་རྣམས་ལ་གསང་སྔགས་རྙིང་མའི་ཐ་སྙད་བྱེད་པའོ། །

2 ནང་དོན།

བསྟན་བཅོས་འདིའི་ནང་དོན་ནི་སྒྲ་རིག་པའི་སྐོར་ཡིན་ཞིང་། དེའང་གཙོ་ཆེ་བ་གསུམ་སྟེ། ཡི་གེའི་ཚོགས་པ་དང་། མིང་གི་ཚོགས་པ། ཚིག་གི་ཚོགས་པ་བཅས་དང་། དེ་དག་གི་ཡན་ལག་འགའ་ཞིག་གསལ་བར་སྟོན་པའི་གཞུང་ཞིག་ཡིན། འདི་ནི་བོད་ཀྱི་བརྡ་སྤྲོད་པའི་རིག་པའི་གཞུང་ལུགས་ཀྱི་བསྟན་བཅོས་རྙིང་པ་ཁུངས་བཙུན་ཞིག་ཏུ་བརྩི་ཞིང་། སྔོན་བྱོན་མཁས་པ་རྣམས་ཀྱིས་བརྩམས་པའི་སུམ་རྟགས་སོགས་སྒྲ་རིག་པའི་གཞུང་རྣམས་སུའང་འདིའི་ལུང་མང་དུ་དྲངས་ཡོད་པ་རེད།