རོང་བོ་དགོན་ཆེན་གྱི་པར་ཁང་ཆེན་མོ།སྔ་མའི་པར་གཞི་དེ མཐོ་སྒང་གི་མེལ་ཚེ།  ནས 2017-11-01 09:18ལ་འགྲུབ།

རོང་བོ་དགོན་ཆེན་གྱི་པར་ཁང་ཆེན་མོ།

རོང་བོ་དགོན་ཆེན་གྱི་པར་ཁང་ཆེན་མོ།
རོང་བོ་དགོན་ཆེན་གྱི་པར་ཁང་ཆེན་མོ་ནི། སྤྱི་ལོ1943ལོར་སྐབས་དེའི་ཕར་ཕྱིན་སྐབས་དང་པོ་འཛིན་གྲྭས་གསར་དུ་བཞེངས་ཤིང་། ནང་རྟེན་ལ། གཞུང་ཆེན་བཀའ་པོད་ལྔའི་རྩ་འགྲེལ་གྱི་པར་ཤིང་དང་། རྗེ་བཙུན་ཡིག་ཆའི་སྐོར་གྱི་པར་ཤིང་། ཡབ་རྗེ་གསུང་འབུམ། ལམ་སྔགས། དགོན་པའི་འདོན་ཆའི་སྐོར་གྱི་པར་ཤིང་མང་པོ་བཞུགས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མཚན།
隆务大寺大印经院
བཞེངས་ལོ།
སྤྱི་ལོ1943ལོ།
བཞེངས་མཁན།
སྤྱི་ལོ1943ལོའི་སྐབས་དེའི་རོང་བོ་དགོན་ཆེན་གྱི་ཕར་ཕྱིན་སྐབས་དང་པོའི་འཛིན་གྲྭ།
ཁོང་གཏོགས་དགོན་པ།
རེབ་གོང་རོང་བོ་དགོན་ཆེན།
གནས་ཡུལ།
མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རེབ་གོང་རྫོང་རོང་བོ་གྲོང་རྡལ།
1 ངོ་སྤྲོད།

རོང་བོ་དགོན་ཆེན་གྱི་པར་ཁང་ཆེན་མོ་ནི། སྤྱི་ལོ1943ལོར་སྐབས་དེའི་ཕར་ཕྱིན་སྐབས་དང་པོ་འཛིན་གྲྭས་གསར་དུ་བཞེངས་ཤིང་། ནང་རྟེན་ལ། གཞུང་ཆེན་བཀའ་པོད་ལྔའི་རྩ་འགྲེལ་གྱི་པར་ཤིང་དང་། རྗེ་བཙུན་ཡིག་ཆའི་སྐོར་གྱི་པར་ཤིང་། ཡབ་རྗེ་གསུང་འབུམ། ལམ་སྔགས། དགོན་པའི་འདོན་ཆའི་སྐོར་གྱི་པར་ཤིང་མང་པོ་བཞུགས། རིག་གསར་སྐབས་མེད་བརླགས་སུ་བཏང་བ་དང་། ཁང་བ་རྣམས་སྐབས་དེའི་ལས་བྱེད་རྣམས་ཀྱི་སྡོད་གནས་སུ་བསྒྱུར། སྤྱི་ལོ1980ལོའི་ཚུན་ལ་པར་ཁང་དགོན་གཞུང་ལ་ཚུར་སྤྲད་པ་དང་། དགོན་པས་ཁང་བ་ཞིག་གསོ་བྱས་པར་མ་ཟད། གཞུང་ཆེན་བཀའ་པོད་ལྔའི་རྩ་བའི་པར་ཤིང་གཙོས་པར་ཤིང་སྐོར་ཞིག་གསར་བཞེངས་མཛད།

ད་ལྟ་པར་ཁང་དུ་གཞུང་ཆེན་བཀའ་པོད་ལྔའི་རྩ་བའི་པར་ཤིང་དང་། ལམ་སྔགས་སོགས་ཀྱི་པར་ཤིང་། བཀའ་བསྟན་དང་གསུང་འབུམ་སྣ་ཚོགས་བཅས་ཀྱི་ཆོས་དཔེ་མང་བོ་བཞུགས།