འོད་ཚིན་འཕྲིན་སྐྱེལ།སྔ་མའི་པར་གཞི་དེ ཀླུ་འབུམ་ཚེ་རིང་།༷  ནས 2017-10-30 15:46ལ་འགྲུབ།

འོད་ཚིན་འཕྲིན་སྐྱེལ།

འོད་ཚིན་འཕྲིན་སྐྱེལ།
འོད་ཚིན་འཕྲིན་སྐྱེལ་ལ་ཁྱད་དུ་འཕགས་པའི་རང་བཞིན་ཞིག་ལྡན་པ་ནི། ཐོག་མར་ཤོང་ཚད་ཆ་ནས་གླེང་ན། འོད་ཚིན་ཕྲན་བུ་གཅིག་གིས་དུང་ཕྱུར་ཁ་ཤས་ཀྱི་ཁ་པར་བརྡ་འཕྲིན་དང་བརྙན་འཕྲིན་ལས་ཚན་དག་བརྒྱུད་གཏོང་བྱེད་ཐུབ་ལ། བརྒྱུད་གཏོང་བྱེད་པ་ནི་འོད་བརྡ་རྟགས་ཡིན་པས། ཕྱི་རོལ་གློག་སྡུད་ར་བའི་འགལ་རྐྱེན་བཟོ་མི་ཐུབ། འོད་ཚིན་བརྒྱུད་གཏོང་བརྡ་རྟགས་ཀྱི་ཟད་ཚད་ནི་གློག་སྐུད་ཟད་ཚད་ཀྱི་བཅུ་ཆའི་གཅིག་མ་གཏོགས་མེད། གློག་སྐུད་ལ་མཚོན་ན་སྤྱི་ལེ1.5རེས་བར་དུ་བརྡ་རྟགས་ཁ་གསབ་བྱེད་ཆས་ཀྱི་ས་ཚིགས་ཤིག་ལྡན་དགོས། འོད་ཚིན་བརྒྱུད་གཏོང་བརྡ་རྟགས་ཁ་གསབ་བྱེད་ཆས་ཀྱི་ས་ཚིགས་ནི་སྤྱི་ལེ10བརྒལ་ཆོག
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
光线通讯
1 ​མདོར་བསྟན་པ།

འོད་ཚིན་འཕྲིན་སྐྱེལ་ལ་ཁྱད་དུ་འཕགས་པའི་རང་བཞིན་ཞིག་ལྡན་པ་ནི། ཐོག་མར་ཤོང་ཚད་ཆ་ནས་གླེང་ན། འོད་ཚིན་ཕྲན་བུ་གཅིག་གིས་དུང་ཕྱུར་ཁ་ཤས་ཀྱི་ཁ་པར་བརྡ་འཕྲིན་དང་བརྙན་འཕྲིན་ལས་ཚན་དག་བརྒྱུད་གཏོང་བྱེད་ཐུབ་ལ།  བརྒྱུད་གཏོང་བྱེད་པ་ནི་འོད་བརྡ་རྟགས་ཡིན་པས། ཕྱི་རོལ་གློག་སྡུད་ར་བའི་འགལ་རྐྱེན་བཟོ་མི་ཐུབ། འོད་ཚིན་བརྒྱུད་གཏོང་བརྡ་རྟགས་ཀྱི་ཟད་ཚད་ནི་གློག་སྐུད་ཟད་ཚད་ཀྱི་བཅུ་ཆའི་གཅིག་མ་གཏོགས་མེད། གློག་སྐུད་ལ་མཚོན་ན་སྤྱི་ལེ1.5རེས་བར་དུ་བརྡ་རྟགས་ཁ་གསབ་བྱེད་ཆས་ཀྱི་ས་ཚིགས་ཤིག་ལྡན་དགོས། འོད་ཚིན་བརྒྱུད་གཏོང་བརྡ་རྟགས་ཁ་གསབ་བྱེད་ཆས་ཀྱི་ས་ཚིགས་ནི་སྤྱི་ལེ10བརྒལ་ཆོག  འོད་ཚིན་གྱི་རྒྱུ་ཆ་ནི་ང་ཚོ་ལ་ཆར་རྒྱུས་ཡོད་པའི་དཀའ་གོང་ཡིན། ཁེ་བཅུག་ཕྲག་གི་དཀའ་གོང་གིས་རིང་ཐུང་སྤྱི་ལེ་གཅིག་ལྡན་པའི་འོད་ཚིན་བཟོས་ཆོགདེ་བས་ལྕགས་རིགས་གློག་སྐུད་ཀྱི་ཚབ་བྱས་ཏེ་ཟངས་དང་ཧ་ཡང་རྩ་ཆེན་དག་ལ་གྲོན་ཆུང་བྱེད། འོད་ཚིན་ནི་ལྗིད་ཚད་ཧ་ཅང་ཆུང་ལ། འོད་ཚིན་བརྒྱད་ཀྱིས་གྲུབ་པའི་འོད་སྐུད་ནི། སྤྱི་ལེ་རེས་ལྗིད་ཚད་སྤྱི་རྒྱ60ལྡན་པའི་གློག་སྐུད་ལ་མཚོན་ན་ལྗིད་ཚད་ཏུན4ཡིན། 

2 འོད་ཚིན་འཕྲིན་སྐྱེལ་གྱི་ཉེར་སྤྱོད།

རྒྱལ་སྤྱིར་སྟེང་འོད་ཚིན་ཁྱབ་ཁོངས་ཞིབ་འཇུག་གི་མཛད་རྗེས་གཙོ་བོ་ནི་ཨ་རེ་འབུམ་རམས་པ་ཀོ་ཁུན་ལ་དབང་། སྤྱི་ལོ1966ལོར་ཁོང་གིས་དུས་རབས་རང་བཞིན་གྱི་དཔྱད་རྩོམ་ཞིག་བཀོད་ནས། ཐུག་རིམ་རྒྱུ་ཆའི་དཀར་གོང་ཤེལ་འོད་རིག་ཚི་སྣ་ནི་འཕྲིན་སྐྱེལ་སྨྱན་རྫས་བྱས་ཆོག་པ་བཏོན། རྗེས་སུ་དུས་རབས་ཀྱི་བརྗེ་སྤོར་དང་བསྟུན་ཏེ་དེང་དུས་བར་དུ་ཐེངས་ལྔ་ལྷག་གི་བསྒྱུར་བཅོས་བྱས། མིག་སྔར་ཕན་ཡོན་གཙོ་བོ་ནི་འོད་ཚངས་དྲ་རྒྱ་བྱུང་སྟེ་འོད་འཕྲིན་སྐྱེལ་གྱིས་གློག་བརྡ་རྟགས་འཕྲིན་སྐྱེལ་རྒྱུད་ཁོངས་ཀྱི་ཚབ་བྱས་ཡོད།

རྒྱལ་ནང་དུ་སྤྱི་ལོ1973ལོར་འཛམ་གླིང་དུ་འོད་ཚིན་འཕྲིན་སྐྱེལ་བཀོལ་སྤྱོད་བྱེད་ཀྱིན་མེད་པའི་སྐབས། བུའུ་ཧན་འཕྲིན་གློག་སློབ་གླིང་གིས་འོད་ཚིན་འཕྲིན་སྐྱེལ་ལ་ཞིབ་འཇུག་བྱས་མོད། དུས་སྐབས་དེར་རང་རྒྱལ་གྱི་རིག་གནས་གསར་བརྗེ་ཆེན་མོའི་སྐབས་ཡིན་པས། བརྡ་རྟགས་མདོག་ཐོར་དང་ཉམས་ཆག་གནད་དོན་དག་ཐག་གཅོད་བྱེད་མ་ཐུབ། སྟབས་ལེགས་པ་ཞིག་ལ་དེ་དག་གིས་དཀར་གོང་འོད་ཚིན་དང་ཕྱེད་འདྲེན་གཟུགས་སྐུད་འོད་ཆས། ཨང་སྒྲིག་རྣམ་པའི་འཕྲིན་སྐྱེལ་གྱི་ལག་རྩལ་བཀོལ་འདུག་པས་ང་ཚོར་ཕན་ཡོན་ཆེན་པོ་ཞིག་བསྐྲུན། དེ་མིན་གཞན་འོད་གློག་རྡུལ་ཆས་དང་འོད་ཚིན་འཕྲིན་སྐྱེལ་རྒྱུད་ཁོངས་ཀྱི་ཞིབ་འཇུག་གསར་བཟོ་བྱས་པས། རང་རྒྱལ་ལ་དེང་སྐབས་འོད་ཚིན་འཕྲིན་སྐྱེལ་ཐོན་རྫས་ཆ་ཚང་ཞིག་ལྡན་པ་མ་ཟད། ཚན་རྩལ་ལག་རྩལ་གྱི་ཁྱབ་ཁོངས་ཁྲོད་འཕེལ་རྒྱས་ཀྱི་གོམ་འགྲོས་ནི་སྟོབས་ལྡན་རྒྱལ་ཁབ་དང་ཐག་ཇེ་ཉེར་དུ་གྱུར།


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

འོད་ཚིན་འཕྲིན་སྐྱེལ། བརྡ་རྟགས།