གནོན་གློག་འབྲས་སྣང་།སྔ་མའི་པར་གཞི་དེ ཀླུ་འབུམ་ཚེ་རིང་།༷  ནས 2017-10-30 16:12ལ་འགྲུབ།

གནོན་གློག་འབྲས་སྣང་།

གནོན་གློག་འབྲས་སྣང་།
ཆ་འགྲིག་ལྟེ་བ་ཆད་པའི་སྟར་རྣམ་དངོས་རྫས་ནང་དུ་གློག་སྣེ་འགྱུར་དྲག་ཚད་ཀྱིས་གློག་རའི་དྲག་ཚད་དང་ཐིག་གཤིས་འབྲེལ་བ་གྲུབ་པའི་འཕྲུལ་ཆས་འགྱུར་ལྡོག་སློང་བ་དང་དེ་ལས་ལྡོག་སྟེ། འཕྲུལ་ཆས་དབྱིབས་འགྱུར་གྱིས་གློག་སྣེ་འགྱུར་དྲག་ཚད་སྐྱེད་པའི་སྣང་ཚུལ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
压电效应
ཕྱི་ཡིག་གི་མིང་།
piezoelectric effect
1 ​མདོར་བསྟན་པ།

གནོན་གློག་འབྲས་སྣང་ནི་ཁུ་རེ་ཕུ་ནུ་ཕི་ཨེར་དང་ཅེ་ཁོ་སི་གཉིས་ཀྱིས་སྤྱི་ལོ1880ལོར་གསར་རྙེད་བྱུང་། གནོན་གློག་བདར་གཟུགས་ནི་གནོན་བརྐུམ་ཤུགས་ཀྱི་བྱེད་ནུས་འོག་ངོས་གཉིས་ལས་གློག་གནས་པར་ཁྱད་བྱུང་བ་སྟེ། འཕྲུལ་ཆས་འདར་འགུལ་བརྒྱུད་དེ་གནོན་གློག་བདར་གཟུགས་ནི་གློག་འདར་འགུལ(གློག་བརྡ་རྟགས)དུ་བརྗེ་སྤོར་བྱུང་། བདར་གཟུགས་ངོས་གཉིས་ལ་ཚད་ངེས་ཅན་གྱི་གློག་གནས་པར་ཁྱད་བསྣན་ཚེ། བདར་གཟུགས་འཁྱོག་ཐིག་ལ་ངེས་པར་འགྱུར་ལྡོག་བྱུང་སྟེ་འཕྲུལ་ཆས་འདར་འགུལ་བྱུང་བ་སྟེ། གནོན་གློག་འབྲས་སྣང་འབྱུང་། བདར་མིན་གྲུ་གཤིས་བདར་གཟུགས་ཁྲོད། ཕྱི་ཤུགས་ཤིག་བསྣན་ཚེ་བདར་གཟུགས་ལ་དབྱིབས་འགྱུར་བྱུང་བར་བཅུག་པ་སྟེ། བདར་དྲའི་ཁྲོད་གློག་ཁུར་སྤོ་འགུལ་གྱིས་བདར་གཟུགས་ནང་ཁུལ་དུ་གློག་ཁུར་ཁྱབ་ཚུལ་ནི་ཆ་ཤས་རང་བཞིན་ཆ་སྙོམས་མིན་པར་བཟོས་པ་ལས་གློག་གནས་སྤོ་འབྱུང་། གློག་ཁུར་གྱི་གནས་སྤོ་ནི་བདར་གཟུགས་ནང་ཁལ་གྱི་གྱེས་རྡུལ་ཡོངས་ཀྱི་སྤོ་འགུལ་ལམ། མ་རྡུལ་འཁོར་ལམ་སྟེང་གི་གློག་རྡུལ་ཁྱབ་ཚུལ་གྱི་དབྱིབས་འགྱུར་གྱིས་གྱེས་རྡུལ་ཡོ་སྣེ་འགྱུར་བྱུང་དུ་བཅུག་པ་ལས་བྱུང་བ་ཡིན། གློག་ཁུར་འདི་དག་གི་གནས་སྤོ་སྣང་ཚུལ་ནི་རྒྱུ་ཆ་ཡོད་ཚད་ཀྱི་ནང་དུ་ལྡན་མོད།  གནོན་གློག་འབྲས་སྣང་འབྱུང་དགོས་ན། རྒྱུ་ཆའི་འཇལ་བྱེད་བོངས་ཚད་རེ་རེའི་ཁྲོད་ངེས་པར་དུ་འབྲས་ལྡན་གྱི་གློག་ཟུང་སྣེ་འགྱུར་བྱུང་བར་བྱེད་དགོས། དེ་ལྟ་བུའི་འགྱུར་ལྡོག་ཡོད་མེད་ནི་བདར་དྲ་གྲུབ་ཚུལ་ནི་ཆ་འགྲིག་རང་བཞིན་ཡིན་མིན་ལ་བལྟས་རྗེས་རྟོགས་ཐུབ། དངོས་བཤེར་འདིར་སྤྱད་པ་ནི་གནོན་གློག་རྫ་ལྷེབ་སྟེ། སྒྲ་རའི་ཁྲོད་བཞག་རྗེས་སྒྲ་རླབས་འཕྲུལ་ཆས་འདར་འགུལ་ནི་གནོན་གློག་འབྲས་སྣང་བརྒྱུད་དེ། གནོན་གློག་རྫ་ལྷེབ་ཕྱི་ངོས་སུ་སྣེ་འགྱུར་གློག་ཁུར་ནི་སྒྲ་ཟློས་བརྡ་རྟགས་སུ་གྱུར་ཅིང་ཇེ་ཆེར་བཏང་རྗེས་ཐོས་ཐུབ།

2 གནོན་གློག་རྒྱུ་ཆ།

གནོན་གློག་རྒྱུ་ཆར་གནོན་གློག་འབྲས་སྣང་ལྡན་པའི་རྒྱུ་རྐྱེན་ནི་བདར་དྲ་ནང་ཁུལ་གྱི་མ་རྡུལ་བར་ལ་ཐུན་མོང་མ་ཡིན་པའི་སྒྲིག་སྟངས་ཤིག་ལྡན་པས། རྒྱུ་ཆར་བསྟུན་ཤུགས་ར་དང་གློག་ར་ཟུང་སྦྱོར་ལྡན་དུ་བཅུག་པའི་རྐྱེན་ཡིན། རྒྱུ་ཆའི་རིགས་རྒྱུད་ལྟར་ན། གནོན་གློག་རྒྱུ་ཆ་ནི་གནོན་གློག་རྐྱང་བདར་གཟུགས་དང་། གནོན་གློག་མང་བདར་གཟུགས། གནོན་གློག་འདུས་སྦྱོར། གནོན་གློག་མཉམ་འདུས་རྒྱ་ཆ་སྟེ་རིགས་བཞིར་དབྱེ། རྒྱུ་ཆའི་རྣམ་པ་ལྟར་ན། གནོན་གློག་གཟུགས་རྒྱུ་ཆ་དང་གནོན་གློག་སྲབ་སྐྱི་རིགས་ཆེན་པོ་གཉིས་སུ་དབྱེ།

3 འདུས་སྦྱོར་རྫས།

སྤྱི་ལོ1940ལོའི་སྐབས་སུ་སུའུ་ལེན་བས་ཤིང་ཆར་གནོན་གློག་རང་བཞིན་ལྡན་པ་གསར་རྙེད་བྱུང་། རྗེས་སུ་སྨྱུག་སྐུད་དང་། སྲོག་ཆགས་ཀྱི་རུས་པ། སྐྱི་མོ། ཁྲག་རྩའི་ཕུང་གྲུབ་ཁྲོད་གནོན་གློག་རང་བཞིན་ལྡན་པ་གསར་རྙེད་བྱུང་། སྤྱི་ལོ1960ལོར་མི་བཟོས་མཐོ་ཆ་རྡུལ་འདུས་སྦྱོར་རྫས་ཀྱི་གནོན་གློག་རང་བཞིན་གསར་རྙེད་བྱུང་། སྤྱི་ལོ1969ལོར་གློག་སྣེ་འགྱུར་བྱུང་རྗེས་ཀྱི་འདུས་ཡོ་ཧྥལ་གཉིས་སིན་ཁ་བལ་གནོན་གློག་རང་བཞིན་ཅུང་ཆེན་པོ་ཞིག་ལྡན་པ་གསར་རྙེད་བྱུང་།

4 མཉམ་འདུས་རྒྱུ་ཆ།

གནོན་གློག་མཉམ་འདུས་རྒྱུ་ས་ནི་རྒྱུ་ཆ་རིགས་གཉིས་སམ་རིགས་མང་པོ་མཉམ་འདུས་བྱས་པ་ལས་གནོན་གློག་རྒྱུ་ཆ་ཞིག་ཡིན། རྒྱུན་ལྡན་གྱི་གནོན་གློག་མཉམ་འདུས་རྒྱུ་ཆ་ནི་གནོན་གློག་རྫ་ཆས་དང་འདུས་སྦྱོར་རྫས་ཀྱི་མཚན་གཉིས་མཉམ་འདུས་རྒྱུ་ཆ་ཡིན། དེ་ལྟ་བུའི་མཉམ་འདུས་རྒྱུ་ཆར་གནོན་གློག་རྫ་ཆས་དང་འདུས་སྦྱོར་རྫས་ཀྱི་ཁྱད་ཆོས་ལྡན་པ་སྟེ། ལས་སྣོན་རང་བཞིན་དང་མཉེན་སྲ་རང་བཞིན་ལྡན་པ་མ་ཟད། སྟུག་ཚད་དམའ་བ་དང་། མཁའ་དབུགས། ཆུ། སྐྱེ་དངོས་ཕུང་གྲུབ་དང་མཉམ་དུ་སྒྲ་འགོག་རྒོལ་མངོན་པར་བྱེད་ཐུབ། དེ་མིན། གནོན་གློག་མཉམ་འདུས་རྒྱུ་ཆར་ད་དུང་གནོན་གློག་རྒྱུན་གྲངས་མཐོ་བའི་ཁྱད་ཆོས་ཀྱང་ལྡན།

5 གནོན་གློག་རྫ་ཆས་ཀྱི་ཉེར་སྤྱོད།

གནོན་གློག་རྫ་ཆས་སྤྱད་དེ་རྫས་ཆས་རླབས་འཚག་ཆས་དང་། སྒྲ་གཏོང་ཆས། ཆུ་སྒྲ་བརྗེ་སྤོར་ཆས། ཉ་ཁྱུ་འཚོལ་ཞིབ་ཆས། གནོན་གློག་རྫ་ཆས་གནོན་སྒྱུར་ཆས། འགྲོས་སྣོན་ཚད་ཆས་སོགས་བཟོས་ཆོག