སྒྲ་འོད་འབྲས་སྣང་ནི་སྒྲ་རླབས་ཀྱིས་བར་རྫས་སུ་བརྒྱུད་པའི་འོད་ལ་སྐྱེད་པའི་སྐོར་འཕྲོའམ་ཡང་ན་ཐོར་འཕྲོའི་སྣང་ཚུལ་ལ་ཟེར། སྤྱི་ལོ1922ལོར་ལL.Nཔུའུ་ལི་ཡོན་གྱིས་གཞུང་ལུགས་སྟེང་དུ་སྒྲ་འོད་སྐོར་འཕྲོའི་ལུང་ཐོག་མར་བསྟན་ཡོད། སྤྱི་ལོ1932ལོརP.JW.ཏེ་པའེ་དངF.W.ཞིར། ལུའུ་ཁ་སི་དངཔི་ཁྭ་ཐེ་དག་གིས་སྒྲ་འོད་སྐོར་འཕྲོའི་སྣང་ཚུལ་ལྟ་ཞིབ་བྱས། སྤྱི་ལོ1966ལོ་ནས་སྤྱི་ལོ1976ལོའི་བར་དུ་སྒྲ་འོད་སྐོར་འཕྲོ་གཞུང་ལུགས། སྒྲ་འོད་རྒྱུ་ཆ་གསར་བ་དག་དང་གཤིས་ནུས་མཐོ་བའི་སྒྲ་འོད་ཡོ་ཆས་ཀྱི་ཇུས་འགོད། དེ་མིན་བཟོ་བསྐྲུན་དག་ལ་འཕེལ་རྒྱས་ཆེན་པོ་བྱུང་། སྤྱི་ལོ1970ལོར་སྒྲ་ཕྱི་ངོས་རླབས་ཀྱིས་འདྲེན་འོད་རླབས་ཀྱི་སྒྲ་འོད་སྐོར་འཕྲོ་བྱུང་བ་མ་ཟད་ཕྱི་ངོས་སྒྲ་འོད་ཡོ་ཆས་བཟོས། སྤྱི་ལོ1976ལོ་ནས་སྒྲ་འོད་ལག་རྩལ་གྱི་འཕེལ་རྒྱས་དང་བསྟུན་ཏེ་སྒྲ་འོད་བརྡ་རྟགས་བཅོས་པ་ནི་འོད་བརྡ་རྟགས་བཅོས་པའི་བྱེ་བྲག་ཞིག་ཏུ་གྱུར།
འོད་ལྡེམ་འབྲས་སྣང་དབང་གིས་སྒྲ་བརྒལ་འཕྲེད་རླབས་འགྲོ་རླབས་རྣམ་པའི་ངང་སྨྱན་རྫས་ཁྲོད་ཁྱབ་སྤེལ་བྱེད་ཚེ། སྨྱན་རྫས་དཀྱོག་འཕྲོ་ཕྱོད་ལ་དྲང་རྒྱུད་དམ་ལྷག་རྒྱུད་ཀྱི་ཆོས་ཉིད་འགྱུར་ལྡོག་བྱུང་བར་བཅུག་ནས་སྒྲ་བརྒལ་རླབས་མཉམ་དུ་ཁྱབ་སྤེལ་བྱུང་བར་བྱེད། སྐུད་འོད་སྨྱན་རྫས་བརྒྱུད་དུས་འོད་ཀྱི་སྐོར་འཕྲོ་སྟེ་སྒྲ་འོད་སྐོར་འཕྲོ། སྒྲ་འོད་སྐོར་འཕྲོ་ནི་ལའེ་མན་ན་སི་སྐོར་འཕྲོ་དང་པི་ར་ཀི་སྐོར་འཕྲོ་སྣང་ཚུལ་གཉིས་ལ་དབྱེ། སྐོར་འཕྲོ་འོད་ཀྱི་དྲག་ཚད། ཟློས་ཕྱོད་དང་ཁ་ཕྱོགས་སོགས་སྒྲ་བརྒལ་རླབས་རའི་འགྱུར་ལྡོག་དང་བསྟུན་ཏེ་འགྱུར་བ་བྱུང་གིན་ཡོད། དེར་ཁྲོད་དུ་སྐོར་འཕྲོ་འོད་ཡོ་འགུལ་ཟུར་ནི་སྒྲ་རླབས་ཟློས་ཕྱོད་འགྱུར་ལྡོག་དང་བསྟུན་ཏེ་འགྱུར་བཞིན་ཡོད་པའི་སྣང་ཚུལ་ལ་སྒྲ་འོད་ཡོ་འདར་ཟེར། སྐོར་འཕྲོ་འོད་ཀྱི་དྲག་ཚད་ནི་སྒྲ་བརྒལ་རྩོལ་ཕྱོད་འགྱུར་ལྡོག་དང་བསྟུན་ཏེ་འགྱུར་བ་བྱུང་བཞིན་ཡོད་པའི་སྣང་ཚུལ་ལ་སྒྲ་འོད་སྒྲིག་སྦྱོར་ཟེར། དེར་བསྟུན། སྒྲ་བརྒལ་རླབས་ཟློས་ཕྱོད་བསྒྱུར་བ་བརྒྱུད་སྒྲ་འོད་ཡོ་འགུལ་བྱུང་བ་དང་སྒྲ་བརྒལ་རླབས་རྩོལ་བསྒྱུར་བ་བརྒྱུད་དེ་སྒྲ་འོད་སྒྲིག་སྦྱོར་བྱུང་། སྒྲ་འོད་སྐོར་འཕྲོ་འབྲས་སྣང་སྤྱད་དེ་ཡོ་ཆས་བཟོ་བ་ལ་སྒྲ་འོད་ཡོ་ཆས་ཟེར། སྒྲ་འོད་ཡོ་ཆས་ཀྱིས་འགྲོས་མགྱོགས་ནུས་ལྡན་ངང་འོད་ཀྱི་དྲག་ཚད། ཁ་ཕྱོགས་དང་ཟློས་ཕྱོད་དག་ལ་ཚོད་འཛིན་བྱེད་པ་མ་ཟད་གློག་བརྡ་རྟགས་དུས་བསྟུན་དུ་འོད་བརྡ་རྟགས་སུ་བསྒྱུར། དེ་མིན། སྒྲ་འོད་སྐོར་འཕྲོ་ནི་རྒྱུ་ཆ་སྒྲ་རིག་པའི་རང་གཤིས་ལ་འཚོལ་ཞིབ་ཀྱི་བྱེད་ཐབས་གཙོ་བོ་ཞིག་ཡིན།
གཞན་སྒྲ་འོད་འབྲས་སྣང་གིས་སྐུད་འོད་ཀྱི་ཟློས་ཕྱོད། ཁ་ཕྱོགས་དང་དྲག་ཚད་དག་ལ་ནུས་ཡོད་ཀྱི་བྱེད་ཐབས་ཤིག་བསྐྲུན། སྒྲ་འོད་འབྲས་སྣང་གིས་སྒྲ་འོད་ཡོ་ཆས་བཟོ་བ་དང་། དཔེར་ན། སྒྲ་འོད་སྒྲིག་སྦྱོར་ཆས། སྒྲ་འོད་ཡོ་འགུལ་ཆས་དང་སྒྲིག་སྦྱོར་འོད་འཚག་ཆས་སོགས་ལྟ་བུ། སྐུད་འོད་ལག་རྩལ་ཁྲོད་འོད་བརྡ་སྒྲུབ་པ་དང་འདུས་གྲུབ་འཕྲིན་བརྡ་ལག་རྩལ་ཁྲོད་ལ་ཉེར་སྤྱོད་ཆེན་པོ་འདུག