ཉིའུ་གདུབ་ནི་དཔེ་མཚོན་རང་བཞིན་གྱི་མཐུག་མཉམ་སྲབ་སྐྱི་རྐྱེན་ཐེབས་ཤིག་སྟེ། མཉམ་འགྲོ་འོད་སྲབ་སྨྱན་རྫས་སྟེང་ལ་འཕྲོས་ཚེ། སྨྱན་རྫས་སྟེང་འོག་ཕྱི་ངོས་གཉིས་ལྡོག་འཕྲོ་བྱས་པའི་འོད་ནི་སྐྱི་མོའི་ཕྱི་ངོས་སུ་རྐྱེན་ཐེབས་འབྱུང་། སྨྱན་རྫས་མཐུག་ཚད་གཅིག་མཚུངས་ཡིན་པའི་མཚམས་ལས་ལྡོག་འཕྲོ་འོད་གཉིས་ལ་གཅིག་མཚུངས་ཀྱི་མཚན་གནས་ཁྱད་ཡོད་དེ། གཅིག་མཚུངས་ཀྱི་རྐྱེན་ཐེབས་འོད་ཀྱི་དྲག་ཚད་ཡོད་པ་དེ་ནི་མཐུག་མཉམ་རྐྱེན་ཐེབས་ཡིན། འཁྱོགས་ཕྱོད་ཚངས་ཕྱེདRནི་ཧ་ཅང་ཆེ་བའི་སྙོམས་འབུར་རྒྱུ་ཤེལ་ཞིག་སྙོམས་ངོས་ཤེལ་ངོས་ལ་བཞག་སྟེ་འབུར་རྒྱུ་ཤེལ་གྱི་འབུར་ཟླུམ་ངོས་དང་ཤེལ་ལེབ་བར་དུ་མཐུག་ཚད་ཆ་སྙོམས་སུ་འགྱུར་བའི་ཁྱིའུ་རྩེ་དབྱིབས་མཁའ་དབུགས་སྲབ་སྐྱི་ཞིག་གྲུབ་སྟེ། མཐུག་ཚད་སྒོར་ལྟེ་ནས་ཕྱོགས་བཞིར་ཇེ་ཆེར་འགྱུར། རླབས་ཐགλཅན་གྱི་རྐྱང་མདོག་འོད་སྤྱད་དེ་དྲང་འཕྱང་ངང་སྙོམས་འབུར་ལ་རྒྱུ་འཕྲོ་བྱུང་ཚེ། ཁྱིའུ་རྩེ་དབྱིབས་མཁའ་དབུགས་སྐྱིའི་སྟེང་འོག་ངོས་གཉིས་ལས་ལྡོག་འཕྲོ་བྱུང་བའི་འོད་གཉིས་ཕན་ཚུན་རྩེག་སྣོན་ལས་མཐུག་མཉམ་རྐྱེན་ཐེབས་ཐིག་རིས་འབྱུང་སྟེ། དེ་དབྱིབས་ནི་གསལ་མུན་སྤེལ་མའི་ལྟེ་མཐུན་སྒོར་གདུབ་ཅིག་ཡིན། སྒོར་གདུབ་ཁྱབ་ཚུལ་ནི་དཀྱིལ་སྲབ་ལ་ཕྱིར་མཐུག་པ་དང་སྒོར་ལྟེ་ནི་འཕྲད་ཚེག་ཏུ་ཡོད། རྐྱེན་ཐེབས་ཐིག་རིས་དེ་ནི་ཐོག་མར་ཉིའུ་ཏུན་གྱིས་གསར་བརྙན་བྱུང་བས་དེ་ལ་ཉུའུ་གདུབ་ཟེར་ལ། གཞུང་ལུགས་རི་མོ་ནི་དཔེ་རིས་དང་པོ་ལས་མཚོན། མཐུག་མཉམ་རྐྱེན་ཐེབས་ཐིག་རིས་ནི་དཔེ་རིས་གཉིས་པ་ལས་མཚོན། ལྡོག་འཕྲོ་འོད་ལས་ཉིའུ་གདུབ་དཀྱིལ་ནི་མུན་པའི་ཐིག་རིས་མཐོང་བ་དང་དཀྱོག་འཕྲོ་འོད་ལས་ཉིའུ་གདུབ་དཀྱིལ་ནི་གསལ་བའི་ཐིག་རིས་མཐོང་། འོད་དཀར་འཕྲོ་སྤྲོས་བྱས་ན་ཚོན་མདོག་གི་སྒོར་གདུབ་མཐོང་ཐུབ།
འོད་དཀར་ཉིའུ་གདུབ་མཚོན་རིས། རྐྱང་མདོག་འོད་ཉིའུ་གདུབ་ཐིག་རིས། དཔེ་རིས་དང་པོ། མཇུག་མཉམ་རྐྱེན་ཐེབས་སྒོར་དབྱིབས་མཚོན་རིས། |
སྲབ་སྐྱི་རྐྱེན་ཐེབས་རིགས་པ་གཞིར་བཟུང་ནས་མུནKརིམ་གདུབ་ཀྱི་ཚངས་ཕྱེདཡིན་པ་ར་སྤྲོད་བྱེད་ཐུབ། ཚུལ་ལསλནི་འཇུག་འཕྲོ་འོད་ཀྱི་རླབས་ཐག་དངRནི་འབུར་ཟླུམ་ངོས་ཀྱི་ཚངས་ཕྱེད་ཡིན། སྲབ་སྐྱི་རྐྱེན་ཐེབས་གཞན་དང་མཚུངས་བར་བཀྲམ་སྐྱེད་འོད་ཁུངས་འཕྲོ་སྤྲོས་བྱེད་དུས་རྐྱེན་ཐེབས་ཐིག་རིས་ངེས་ཁོངས་ནི་མཁའ་དབུགས་ཕྱི་ངོས་ཡིན། གལ་སྲིད། ཚེག་འོད་ཁུངས་སྤྱད་དེ་འཕྲོ་སྤྲོས་བྱ་ཚེ་འོད་ཁུངས་དང་ངོས་གཅིག་གི་གནས་སོ་སོ་ལས་ཀྱང་ངེས་ཁུངས་མིན་པའི་རྐྱེན་ཐེབས་ཐིག་རིས་བྱུང་། གལ་སྲིད། མཁའ་དབུགས་སྐྱི་ནི་མཐུག་ཚད་ཅིག་ལས་མདུན་རྗེས་ཕྱི་ངོས་གཉིས་ལས་ལྡོག་འཕྲོ་བྱུང་བའི་འོད་ཀྱི་འོད་ཐག་བར་ཁྱད་ནི་འོད་རླབས་ཐག་གི་ཧྲིལ་གྲངས་དང་འཚམས་ཚེ། རྐྱེན་ཐེབས་འོད་སྐྱེས་བྱུང་བ་སྟེ་གསལ་ཐིག་རིས་ཡིན། གལ་སྲིད། མཁའ་དབུགས་སྐྱི་ནི་མཐུག་ཚད་ཅིག་ལས་མདུན་རྗེས་ཕྱི་ངོས་གཉིས་ལས་ལྡོག་འཕྲོ་བྱུང་བའི་འོད་ཀྱི་འོད་ཐག་བར་ཁྱད་ནི་འོད་རླབས་ཐག་གི་ཡ་གྲངས་དང་འཚམས་དུས་རྐྱེན་ཐེབས་འོད་སེལ་བྱུང་བ་སྟེ་མུན་ཐིག་རིས་ཡིན།
ཉིའུ་གདུབ་ཀྱི་སྒྲིག་གཞི་ནི་སྙོམས་ངོས་ཤིག་དང་ཟླུམ་ངོས་ཤིག་ལས་གྲུབ་པས། མཐུག་ཚད་གཅིག་མཚུངས་ཀྱི་མཁའ་དབུགས་སྐྱི་ནི་ཚངས་ཕྱེད་གཅིག་མཚུངས་མིན་པའི་མཐུན་ལྟེ་སྒོར་གདུབ་དག་ཡིན་ལ་རྐྱེན་ཐེབས་ཐིག་རིས་གདུབ་དབྱིབས་ཡིན་པ་ཡང་གོ་བ་རྟོགས་སླ། མཁའ་དབུགས་སྐྱི་ལྟེ་ཚེག་གི་མཐུག་ཚད་ནི0ཡིན་མོད། འོན་ཀྱང་། མདུན་ཕྱི་ངོས་སུ་འོད་ཚགས་ནས་འོད་སོབ་དངོས་རྫས་ཀྱི་ལྡོག་འཕྲོ་དང་རྗེས་ཕྱི་ངོས་སུ་འོད་སིབ་ནས་འོད་ཚགས་དངོས་རྫས་ཀྱི་ལྡོག་འཕྲོ་ཡིན། ཧྥི་རེ་ནེས་སྤྱི་འགྲོས་ལྟར་རྗེས་མ་ལ་རླབས་ཕྱེད་གྱོང་འགུལ་འདུག་པས་ལྡོག་འཕྲོ་འོད་འདི་གཉིས་ཀྱི་འོད་ཐག་བར་ཁྱད་ལ་རྐྱེན་ཐེབས་འོད་སེལ་གྱི་ཆ་རྐྱེན་འཚམ་དགོས་ལ་ལྟེ་ཚེག་མུན་ཤེལ་རིས་ཡིན། རྒྱུ་འཕྲོ་འོད་བཀོལ་དུས་རླབས་ཕྱེད་གྱོང་འགུལ་མེད་ལ། མཐུག་ཚདཀྱི་ལྟེ་ཚེག་ནི་གསལ་ཐིག་རིས་ཡིན་མོད། སྐབས་དེར་རྐྱེན་ལྡན་ལྡོག་འཕྲོ་འོད་གཉིས་ཀྱི་འདར་འཕོར་བར་ཁྱད་ཆེ། བསྡུར་ཚད་ཆུང་བས་ལྟ་ཞིབ་བྱེད་དཀའ།