སྒོར་ཁུང་སྐོར་འཕྲོ།སྔ་མའི་པར་གཞི་དེ ཀླུ་འབུམ་ཚེ་རིང་།༷  ནས 2017-10-30 16:30ལ་འགྲུབ།

སྒོར་ཁུང་སྐོར་འཕྲོ།

སྒོར་ཁུང་སྐོར་འཕྲོ།
གལ་ཏེ་སྲུབས་རྐྱང་སྐོར་འཕྲོ་ཁྲོད་ཀྱི་དོག་སྲུབས་སྒོར་ཁུང་ཆུང་ངུ་གཅིག་ཏུ་བསྒྱུར་ན། འོད་ཡོལ་སྟེང་སྒོང་ཁུང་སྐོར་འཕྲོའི་དཔེ་རིས་ཐོབ་ཐུབ་ལ། དེའི་ནང་ལྟེ་དབུས་གསལ་བའི་སྨེ་བ་སྟེ་ཨི་རས་སྨེ་བ་ཟེར་བ་དང་རིམ་པ་སོ་སོའི་གསལ་མུན་སྤེལ་མའི་གདུབ་ཐགས་ཤད་རིས་འདུས་ལ། དེའི་ཁྲོད་ལྟེ་དབུས་གསལ་བའི་སྨེ་བས་ནུས་ཚད་ཡོངས་རྫོགས་ཀྱི84%ཟིན་ལ། ལྷག་མའི16%རིམ་པ་སོ་སོའི་གསལ་གདུབ་སྟེང་ཁྱབ་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
圆孔衍射
1 མདོར་བསྟན་པ།

གལ་ཏེ་སྲུབས་རྐྱང་སྐོར་འཕྲོ་ཁྲོད་ཀྱི་དོག་སྲུབས་སྒོར་ཁུང་ཆུང་ངུ་གཅིག་ཏུ་བསྒྱུར་ན། འོད་ཡོལ་སྟེང་སྒོང་ཁུང་སྐོར་འཕྲོའི་དཔེ་རིས་ཐོབ་ཐུབ་ལ། དཔེ་རིས་དང་པོས་མཚོན་པ་ལྟར། དེའི་ནང་ལྟེ་དབུས་གསལ་བའི་སྨེ་བ་སྟེ་ཨི་རས་སྨེ་བ་ཟེར་བ་དང་རིམ་པ་སོ་སོའི་གསལ་མུན་སྤེལ་མའི་གདུབ་ཐགས་ཤད་རིས་འདུས་ལ། དེའི་ཁྲོད་ལྟེ་དབུས་གསལ་བའི་སྨེ་བས་ནུས་ཚད་ཡོངས་རྫོགས་ཀྱི84%ཟིན་ལ། ལྷག་མའི16%རིམ་པ་སོ་སོའི་གསལ་གདུབ་སྟེང་ཁྱབ་ཡོད། རིམ་པ་དང་པོའི་མུན་གདུབ་ཀྱི་སྐོར་འཕྲོའི་ཟུར་ནི།

ཚུལ་ལསλནི་འོད་ཀྱི་རླབས་ཐག་དང་། D ནི་སྒོར་ཁུང་གི་ཚངས་ཐིག་ཡིན། སྒོར་ཁུང་སྐོར་འཕྲོ་ནི་འོད་རིག་དཔྱད་ཆས་མང་པོའི་ཁྲོད་གཡོལ་ཐབས་མེད་པའི་སྣང་ཚུལ་ཞིག་ཡིན་ལ། དེས་ཐད་ཀར་དཔྱད་ཆས་ཀྱི་བརྙན་གྲུབ་སྤུས་ཚད་ལ་ཤན་ཤུགས་ཐེབས་སྲིད། ང་ཚོས་ཕྲ་ཤེལ་གྱི་ཤན་འབྱེད་ཕྱོད་ངོ་སྤྲོད་བྱེད་སྐབས་ཀྱང་གནད་དོན་འདིར་ཐུག་སྲིད། 

.jpg

དཔེ་རིས་དང་པོ། སྒོར་ཁུང་སྐོར་འཕྲོའི་དཔེ་རིས།