རྒྱུག་གཟུགས་རྐྱང་མའི་གཞུང་ལུགས།སྔ་མའི་པར་གཞི་དེ ཀླུ་འབུམ་ཚེ་རིང་།༷ ནས 2017-10-30 16:31ལ་འགྲུབ།
གྱེས་རྡུལ་མཉམ་གཟུགས་ནང་གི་གློག་རྡུལ་དང་གྱེས་རྡུལ་བར་དུ་ཆེས་དྲག་པའི་ཟུང་སྦྱོར་ཡོད་ཕྱིར། གླེང་བྱའི་གནད་དོན་དུ་ཟློས་ཕྱོད་ཆེས་དམའ་བ་དང་ཆེ་ཆུང་དེ་ཏེ་པེ་རིང་ཚད་ལས་ཆེ་བ། གློག་རྡུལ་དང་གྱེས་རྡུལ་གྱི་རྒྱུག་འགུལ་འགྲོས་ཚད་ཚང་མ་གྱེས་རྡུལ་ཆ་སྙོམས་ཚ་འགྲོས་ལས་ཆེ་སྐབས། གློག་རྡུལ་དང་གྱེས་རྡུལ་འགུལ་སྐྱོད་ཇི་ལྟར་བྱས་རུང་དེ་དག་བར་སྟོང་གི་བོངས་ཚད་ཆུང་བའི་ནང་དུ་ཡོད་པ་དང་། གློག་རྡུལ་དང་གྱེས་རྡུལ་གྱི་མཚན་བར་སྟོང་གནས་ཚད་ཕལ་ཆེར་མཚུངས་ཤིང་དེ་གཉིས་ལྷན་དུ་ཤུགས་དྲག་པོས་ཟུང་སྦྱོར་བྱས་ཡོད། གློག་མ་ནིང་གི་ཆ་རྐྱེན་ནམ་ཡང་ཆ་ཚང་བ་ཡིན།