གློག་སྟོབས་སྐས་ཚད།སྔ་མའི་པར་གཞི་དེ ཀླུ་འབུམ་ཚེ་རིང་།༷ ནས 2017-10-30 16:22ལ་འགྲུབ།
འཇགས་གློག་ར་བར་གནས་ཚེག་ག་གེ་མོའི་གློག་སྟོབས་འགྱུར་ཚུལ་ཞིབ་འབྲི་བྱེད་པའི་དངོས་ལུགས་ཚད་ཅིག་ཡིན། འཇགས་གློག་ར་བར་གནས་ཚེག་ག་གེ་མོའི་གློག་སྟོབས་སྐས་ཚད་ཀྱི་ཆེ་ཆུང་ནི་གནས་ཚེག་དེའི་གློག་སྟོབས་འགྱུར་ཕྱོད་ཆེས་ཆེ་བའི་ཁ་ཕྱོགས་ཡིན་ཏེ། གནས་ཚེག་དེ་ཉིད་བརྒྱུད་པའི་སྟོབས་མཚུངས་ངོས་སུ་དྲང་འཕྱང་གི་ཁ་ཕྱོགས་ཡིན་པ་མ་ཟད། གློག་སྟོབས་མཐོ་རུ་འཕར་བའི་ཁ་ཕྱོགས་སྟོན། ཆེ་ཆུང་ནི་གནས་ཚེག་དེའི་གློག་སྟོབས་ཀྱི་འགྱུར་ཕྱོད་ཆེས་ཆེ་བ་ཡིན།