སྒྲིག་སྦྱོར་འོད་སུལ་རིག་པ།སྔ་མའི་པར་གཞི་དེ ཀླུ་འབུམ་ཚེ་རིང་།༷  ནས 2017-10-30 15:46ལ་འགྲུབ།

སྒྲིག་སྦྱོར་འོད་སུལ་རིག་པ།

སྒྲིག་སྦྱོར་འོད་སུལ་རིག་པ།
སྒྲིག་སྦྱོར་འོད་སུལ་རིག་པས་དངོས་རྫས་ལ་སྒྲིག་སྦྱོར་བྱས་ཏེ། འོད་སུལ་ལ་འགྱུར་ལྡོག་བྱུང་དུ་བཅུག་ནས་འགྱུར་ལྡོག་རིགས་འདི་ལ་ཚད་འཇལ་བྱེད་པ་དང་འགྲེལ་བཤད་རྒྱག་པ་བཅས་ནི་སྒྲིག་སྦྱོར་འོད་སུལ་རིག་པའི་ནང་དོན་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
调制光谱学
ཕྱི་ཡིག་གི་མིང་།
modulation spectroscopy
1 ​མདོར་བསྟན་པ།

རང་དབང་ངམ་ཡང་ན་མ་རྡུལ་གཞན་གྱི་ཤུགས་རྐྱེན་ཐེབས་པ་ཆུང་བའི་མ་རྡུལ་ལམ་ཡང་ན་གྱེས་རྡུལ་ལ་མཚོན་ན།  དེའི་གློག་རྡུལ་དེ་ནུས་རིམ་ངེས་ཅན་ཆ་ཞིག་གི་བར་དུ་མཆོང་སྤོ་བྱེད་སྐབས།  ཟློས་ཕྱོད་ངེས་ཅན་དང་དྲག་ཚད་ངེས་ཅན་གྱི་ཁྱབ་སྟངས་ཡོད་པའི་མ་རྡུལ་འོད་སུལ་འཕྲོ་གཏོང་ངམ་ཡང་ན་བསྡུ་ལེན་བྱེད་ཅིང་། མ་རྡུལ་མང་པོའམ(ཆ་རྡུལ་ཆེན་པོ་དང་སྲ་གཟུགས)རང་དབང་མིན་པའི་མ་རྡུལ་རྒྱུད་ཁོངས་སུ་གློག་རྡུལ་ཁ་ཤས་མཆོང་སྤོ་བྱེད་པ་སྤྱིར་བཏང་གི་འོད་སུལ་རིག་པའི་ཐབས་ཀྱིས་ལྟ་ཞིབ་བྱེད་དཀའ་བའམ།  ཡང་ན་དེའི་སྲིད་ཕྱོད་དམའ་བ།  ཡང་ན་མངོན་གསལ་མིན་པ།  འོད་སུལ་སྒྲིག་སྦྱོར་རིག་པས་གནད་དོན་འདི་དག་ཐག་བཅད་ཆོག  དེས་དངོས་རྫས་ལ་སྒྲིག་སྦྱོར་བྱས་ཏེ།  འོད་སུལ་ལ་འགྱུར་ལྡོག་བྱུང་དུ་བཅུག་ནས་འགྱུར་ལྡོག་རིགས་འདི་ལ་ཚད་འཇལ་བྱེད་པ་དང་འགྲེལ་བཤད་རྒྱག་པ་བཅས་ནི་སྒྲིག་སྦྱོར་འོད་སུལ་རིག་པའི་ནང་དོན་ཡིན།


བརྡ་འགྲེལ་གདོང་འཛར།

འོད་རིག་པ། འོད་སུལ་རིག་པ།