བཀྲ་ཤིས་དར་རྒྱས་གླིང་།སྔ་མའི་པར་གཞི་དེ འབྲུག་བྱམས་རྒྱལ།  ནས 2017-10-13 09:38ལ་འགྲུབ།

བཀྲ་ཤིས་དར་རྒྱས་གླིང་།

ལོ་རྒྱུས་སུ་མཚོ་སྔོན་གྱི་ན་གོར་མོ་ས་ཁུལ་གྱི་ཐེ་ཅི་ནེར་དར་ཤོག་གི་སོག་པོའི་དགོན་ཆེན་གསུམ་གྱི་ཡ་གྱལ་དུ་བགྲང་། དགོན་འདི་ཉིད་ནི་ཆིང་གི་གོང་མ་འོད་གསལ་རྒྱལ་པོའི་ཁྲི་ལོ་བཅུ་དགུ་བར(སྤྱི་ལོ1894ལོར)བཏབ་ཅིང་། རྒྱལ་མཆོག་བཅུ་གསུམ་པ་ཆེན་པོ་ཐུབ་བསྟན་རྒྱ་མཚོ་དང་པཎ་ཆེན་སྐུ་ཕྲེང་དགུ་བ་ཆོས་ཀྱི་ཉི་མ་སོགས་སྐྱེས་ཆེན་དུ་མས་ཞབས་ཀྱི་བཅགས་ཤིང་བྱིན་གྱིས་བརླབས་པར་གྲགས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
达西达尔吉灵寺
ལ་ཏིང་གི་མིང་།
khu nu ri bo
སྲིད་འཛིན་ཁོངས་གཏོགས།
ན་གོར་མོ་གྲོང་ཁྱེར་གདང་ལ་གྲོང་རྡལ།
གནས་ཡུལ།
གདང་ལ་གྲོང་རྡལ་གྱི་བྱང་ཕྱོགས་སུ་གནས།
1 ​ངོ་སྤྲོད།      

ལོ་རྒྱུས་སུ་མཚོ་སྔོན་གྱི་ན་གོར་མོ་ས་ཁུལ་གྱི་ཐེ་ཅི་ནེར་དར་ཤོག་གི་སོག་པོའི་དགོན་ཆེན་གསུམ་གྱི་ཡ་གྱལ་དུ་བགྲང་། དགོན་འདི་ཉིད་ནི་ཆིང་གི་གོང་མ་འོད་གསལ་རྒྱལ་པོའི་ཁྲི་ལོ་བཅུ་དགུ་བར(སྤྱི་ལོ1894ལོར)བཏབ་ཅིང་། རྒྱལ་མཆོག་བཅུ་གསུམ་པ་ཆེན་པོ་ཐུབ་བསྟན་རྒྱ་མཚོ་དང་པཎ་ཆེན་སྐུ་ཕྲེང་དགུ་བ་ཆོས་ཀྱི་ཉི་མ་སོགས་སྐྱེས་ཆེན་དུ་མས་ཞབས་ཀྱི་བཅགས་ཤིང་བྱིན་གྱིས་བརླབས་པར་གྲགས།

2 བྱུང་རབས།

དགོན་འདི་ཉིད་དང་པོར་དེང་གི་ཀོ་ལི་མུའུ་ཏི་གྲོང་རྡལ་གྱི་སྲིད་གཞུང་གི་ཤར་དུ་སྤྱི་ལེ་ལྔ་ཡིས་ཆོད་པའི་སེ་ཡུན་པུའུ་ལའོ་ཀུ་དང་ཐག་ཉེ་སར་བཏབ་པ་དང་། ཀྲུང་ཧྭ་མིན་གོའི་ཁྲི་ལོ་ཉེར་གཅིག་པར(སྤྱི་ལོ1933ལོར)། གནས་འདིའི་ཀོ་ལི་མུའུ་ཏིའི་ཐོ་ཧེ་ཐིའི་དམག་དཔོན་ཆེན་མོ་ཧུའུ་ཧྲུན་ཙན་ཀུ་ཡི་བཀའ་བཀོད་འོག དགོན་འདི་གནས་སྤར་ཏེ་དེང་གི་ཀོ་ལི་མུའུ་ཏི་གྲོང་རྡལ་གྱི་ཏེ་པུའུ་ཐེ་རི་ཆུ་བོའི་བྱང་ངོགས་སུ་སྤོས་ཤིང་། ད་དུང་མིང་ལ་ཀྲ་མུའུ་ཟེར་བའི་སོག་པོའི་བཟོ་བ་ཞིག་གདན་དྲངས་ནས་དགོན་པ་བསྐྱར་བཞེངས་ཀྱི་ལས་རྣམས་ལ་མགོ་འཛིན་གནང་།

དགོན་འདི་ནི་བོད་བརྒྱུད་ནང་བསྟན་གྱི་དཔལ་རི་བོ་དགེ་ལྡན་པའི་ཁོངས་སུ་གཏོགས།  སྔ་དུས་སུ་དགོན་བདག་དབུས་གཙང་ནས་སྤྱན་འདྲེན་པ་དང་།  ཕྱིས་སུ་རང་དགོན་གྱི་དགེ་འདུན་པའི་གྲས་ནས་བདམས་ཏེ་པཎ་ཊི་ཏ་རྣམས་ཀྱིས་ངོས་ལེན་དང་གོ་མིང་འབུལ་ཞིང་། དེ་དུས་དགོན་དེ་ཡི་བསྟན་པའི་བདག་པོ་ངོ་མར་གྱུར་བ་ཡིན་ལ། ས་གནས་དེ་གའི་མི་རྣམས་ཀྱིས་ཕྱི་རིམ་བླ་མ་ཞེས་གསོལ།

ཀྲུང་ཧྭ་མིན་གོའི་ཁྲི་ལོ་ཉེར་བཞི་བ(སྤྱི་ལོ1936ལོར)མི་རིགས་འཐབ་རྩོད་ཀྱི་རྐྱེན་བྱས་ཏེ་དགོན་འདི་ཉིད་ཧ་ས་ཁི་ཡི་མིས་མེར་བསྲེགས་པ་དང་ཆེས་མཐའ་མའི་ཕྱི་རིམ་བླ་མ་ཡང་བསད་སྟབས། དེའི་ཕྱིས་ཀྱི་ལོ་ངོ་དྲུག་ཅུའི་རིང་ལ་དགོན་འདི་ལྷག་ལུས་མེད་པར་གྱུར། བཅོས་བསྒྱུར་སྒོ་འབྱེད་ཀྱི་རྗེས་སུ། གནས་དེ་གའི་མང་ཚོགས་ཀྱི་རེ་བ་བཏོན་པ་ལྟར་དགོན་བཀྲ་ཤིས་དར་རྒྱས་གླིང་འདི་སླར་གསོ་གནང་།།

སྤྱི་ལོ2005ལོར། རྒྱུན་ལྡན་གྱི་ཆོས་ལུགས་བྱེད་སྒོ་སྤེལ་ཐུབ་པ་བྱུང་། དགོན་འདི་ན་གོར་མོ་གྲོང་ཁྱེར་ཀོ་ལི་མུའུ་གྲོང་རྡལ་སྲིད་གཞུང་གི་ཉེ་འདབས་སུ་གནས་ལ། གྲོང་ཁྱེར་དང་བར་ཐག་སྤྱི་ལེ་བདུན་གྱིས་ཆོད། དགོན་པའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ1300ཡོད་ཅིང་འདུ་ཁང་གཅིག་དང་སྟབས་བདེའི་ཁང་ལེབ་ཁང་མིག་དྲུག་ཡོད། དགོན་པའི་དོ་དམ་ཚོགས་པར་མི་བཞི་ཡོད་ལ་བསོད་ནམས་རྣམ་རྒྱལ་གྱིས་དགོན་འདིའི་ཀྲུའུ་རིན་གྱི་འགན་བཞེས།

3 དུས་ཆེན།

དགོན་པའི་ཆོས་ལུགས་བྱེད་སྒོ་གཙོ་གྲས་ལ། བོད་ལུགས་ཀྱི་རྒྱ་ལོའི་བཅོ་ལྔའི་སྨོན་ལམ་ཆེན་མོ་དང་། བོད་ལུགས་ཀྱི་ཟླ་བཞི་བའི་ཚེས་བརྒྱད་ནས་བཅོ་ལྔའི་བར་གྱི་མ་ཎི་ཚོགས་འདོན་སྟེ་གཟའ་འཁོར་གཅིག་གི་དུས་ཡུན་ཡོད་དོ།།

འབྲེལ་ཡོད་རྒྱུ་ཆར་གཞིགས་ན། ཉིན་འདི་ནི་མཉམ་ཆེན་ཤཀྱཱའི་རྒྱལ་པོ་སྟོན་པ་བཅོམ་ལྡན་འདས་མཆོག་སྐུ་བལྟམས་པར་རྗེས་དྲན་གནང་བའི་ཉིན་མོ་ཡིན། བོད་ལུགས་ཀྱི་ཟླ་དྲུག་པའི་ཚེས་བཞི་ནས་བཅུ་གཉིས་ཉིན་བར། མཆོད་འབུལ་བྱེད་པ་ཏེ།  གཏོར་མ་འཕེན་ལ།  ནང་དོན་གཙོ་བོ་ནི་ལྷ་ཀླུ་གཉན་གསུམ་གྱི་བྱིན་རླབས་ཐོབ་ཅིང་གདོན་འདྲེ་བགེགས་གསུམ་མཐར་སྐྲོད་པ་སོགས་ཡིན། བྱེད་སྒོ་འདི་ཅུང་གཟབ་རྒྱས་ཡིན་པས་དགོན་པའི་དགེ་འདུན་པ་ཐམས་ཅད་ཞུགས་ཤིང་ཉེ་འཁོར་གྱི་དད་ལྡན་མང་ཚོགས་ལྷགས་ནས་མཆོད་མཇལ་བྱེད་ཅིང་དུས་ཡུན་ཟླ་ཕྱེད་ཙམ་ལ་རྒྱུན་སྐྱོང་བ་ཡིན། བོད་ལུགས་ཀྱི་ཟླ་བདུན་པའི་ཚེས་གཅིག་ནས་བཞིའི་བར། བོད་ལུགས་ཀྱི་བཅུ་བའི་ཉེར་ལྔ་ཉིན་ནི་དགའ་ལྡན་ལྔ་མཆོད་ཀྱི་ཉིན་ལ་དུས་ཡུན་ཉིན་གསུམ་ལ་རྒྱུན་སྐྱོང་བ་ཡིན། འབྲེལ་ཡོད་རྒྱུ་ཆར་གཞིགས་ན། ཉིན་འདི་ནི་དཔལ་རི་བོ་དགེ་ལྡན་པའི་ཤིང་རྟའི་སྲོལ་འབྱེད་པ་རྗེ་བློ་བཟང་གྲགས་པ་ཆེན་པོ་སྐུ་མྱ་ངན་ལས་འདས་པའི་ཉིན་མོ་ཡིན་ལ། བོད་པའི་དད་ལྡན་པས་མཆོད་མེ་བསྒྲོན་ཅིང་སངས་རྒྱས་ལ་མཆོད་པས་གླིང་མེ་ཡང་ཟེར་རོ།།

4 རྟེན་གཙོ།

འདུ་ཁང་ཆེན་མོའི་རྟེན་གཙོ་བོར། རྒྱལ་བའི་སྐུ་དང་སློབ་དཔོན་པད་འབྱུང་། རྗེ་བློ་བཟང་གྲགས་པ། ཆིང་རྒྱལ་རབས་སྐབས་ཀྱི་ཟངས་ཀྱི་འོད་དཔག་མེད་སོགས་ཀྱི་སྐུ་ཆེ་ཆུང་སྣ་ཚོགས་དང་། གསེར་དངུལ་གྱི་བཀའ་བསྟན། རྒྱལ་བའི་འཁྲུངས་རབས་བཅུ་གཉིས། གནས་བརྟན་བཅུ་དྲུག རྗེ་འབངས་ཉེར་ལྔ། སྒྲོལ་མ་ཉེར་གཅིག་སོགས་ཀྱི་སྐུ་རྟེན། ད་དུང་རྙིང་མ་བ་དང་བཀའ་བརྒྱུད་པ། ས་སྐྱ་བ། དཔལ་དགེ་ལུགས་སོགས་ཀྱི་ལྡེབས་རིས་སྣ་ཚོགས་བཞུགས་སོ།