མཚོ་སྔོན་ཞིང་ཆེན་མཚོ་ནུབ་ཁུལ་ན་གོར་མོ་གྲོང་ཁྱེར་གྱི་གདང་ལ་གྲོང་རྡལ་གྱི་ནུབ་བྱང་དུ་སྤྱི་ལེ76མཚས་སུ་ཡོད། མཚོ་འཕགས་ལ་སྨི4478ཡོད། སའི་གོ་ལའི་འཕྲེད་གཞུང་གི་ཏུའུ་གྲངས་ནི35°25′57.00″Nདང93°36′1.31″N ཡིན། གུག་ཤུལ་ཞེས་པའི་ས་མིང་དེ་ནི་བཅིངས་བགྲོལ་སྔོན་ནས་ཆགས་ཡོད་པ་བསྙོན་དུ་མེད་པ་རེད། བཅིངས་བགྲོལ་རྗེས་སུ་བོད་ལྗོངས་ཨ་མདོ་རྫོང་ནས་བཟུང་བཅིངས་བགྲོལ་དམག་སྡོད་པའི་དམག་ཚིགས་བཙུགས་ལ་སྔོན་ཆད་རྒྱ་སྒར་དུ་འབོད། ཨ་མདོའི་ཕ་ནག་རྒྱ་སྒར་བཙུགས་པ་དང་དེ་ཡང་གནས་དེར་ཕ་བོང་ནག་པོ་ཆེན་པོ་ཞིག་ཡོད་པས་དེ་ལྟར་དུ་མིང་བཏགས་ནས་རྒྱ་སྒར་བཙུགས། དེ་མར་ཡོང་ནས་ཚ་ཆུ་རྒྱ་སྒར་བཙུགས་པ་དང་དེ་ཡང་གནས་དེའི་ཆུ་ཡོད་ཚད་ཚ་ཆུ་འདྲེས་པའི་ཚ་ཆུ་རྒྱ་སྒར་དུ་ཐོགས་ཤིང་དེ་ལྟར་མིང་བཏགས། དེ་ནས་བྲག་སྨུག་རྒྱ་སྒར་བཙུགས་ཤིང་གནས་དེའི་རི་ངོས་ཀྱི་བྲག་མདོག་སྨུག་པོ་ཡིན་པས་དེ་ལྟར་དུ་ཐོགས། དེ་ནས་ཞིང་ཆེན་གྱིས་ཐད་ཀར་དུ་དོ་དམ་བྱེད་པའི“唐工委” གདང་ལའི་ཐང་གུང་བའི་བཟོ་ཨུ་བྱ་བའི་ལྷན་ཚོགས་བཙུགས། དེ་ནས་སྤྱི་ཚོགས་རྙིང་བའི་སྐབས་སུ་གུག་ཤུལ་དུ་འབོད་པའི་གནས་སུ་གུག་ཤུལ་རྒྱ་སྒར་བཙུགས་པ་རེད། རྒྱའི་སྒྲ་བསྒྱུར་དུ་བོད་སྐད་ཀྱི་སྒྲ་ཡང་དག་གཅིག་བཀོད་མ་ཐུབ་པར་ཁི་ཁི་ཞི་ལི་ཞེས་བཏགས་ཡོད་པ་རེད། གུག་ཤུལ་ནི་གནས་དེའི་མཐའ་འཁོར་དུ་བ་ཡན་རི་རྒྱུད་དང་ཁུ་ནུ་རི་རྒྱུད་ཀྱིས་བསྐོར་ནས་ཆགས་དབྱིབས་གུག་ཤུལ་དང་ཡོངས་སུ་མཚུངས་པས་དེ་ལྟར་དུ་ས་མིང་ཆགས་ཤིང་། གདང་ལའི་ཁ་སྐད་དུ་ལྕགས་ཕོར་ལ་གུག་ཤུལ་དུ་འབོད་པ་རེད། དེ་ཡང་སྤྱི་ཚོགས་རྙིང་བའི་སྐབས་སུ་བོད་ཀྱི་འཚོ་བའི་ཁྲོད་དུ་ལྕགས་ཕོར་བཀོལ་བ་ཧ་ཅང་ཉུང་ཉུང་ཡིན། དེ་བས་ས་མིང་དེ་ནི་གདང་ལའི་ཡང་མེས་ཚོས་རང་གི་ཡུལ་སྐད་ལྟར་གུ་ཤེལ་དུ་བཏགས།